ལུས་རྩལ་པ་གཡང་མོ་འཚོས་ལྕགས་རྟ་འགྲན་སྡུར་གྱི་ཨང་དང་པོ་བླངས།

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་གསལ་ལྟར་ན། 2023ལོའི་ཟླ11པའི་ཚེས11ཉིན་ནས་ཚེས12ཉིན་བར་ཡུན་ནན་ཞིས་ཁྲོའུ་ནས་སྤེལ་བའི2023ལོའི་ཀྲུང་གོའི་རི་ལུང་ཐང་གསུམ་ལྕགས་རྟ་མཉམ་འབྲེལ་འགྲན་སྡུར་གྱི་མཐའ་མའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་ཁྲོད། འགྲན་ཚིགས་དུ་མའི་འགྲན་རྒྱུག་གི་སྐར་གསོག་བརྒྱུད། མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཆེན་གཉིས་པའི་ལུས་རྩལ་པ་གཡང་མོ་འཚོས་སྤྱིའི་སྐར་གསོག་གི་བསྡོམས་གྲངས375བླངས་ནས་ལོ་འཁོར་སྤྱིའི་སྐར་གསོག་གི་ཨང་དང་པོ་ཐོབ་ཡོད་པ་རེད།

ཉིན་གཉིས་ཀྱི་འགྲན་རྒྱུག་བརྒྱུད། མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཆེན་གཉིས་པའི་ལུས་རྩལ་པ་གཡང་མོ་འཚོས་སྐྱེས་མའི་ཕུལ་བྱུང་ཚན་ཆུང་གི་འགྲན་སྡུར་ཁྲོད་ཨང་བཞི་པ་བླངས་པ་དང་། ཝང་ཡུས་ཞིའུ་ཡིས་སྐྱེས་མའི་ཕུལ་བྱུང་ཚན་ཆུང་གི་འགྲན་རྒྱུག་ཁྲོད་ཨང་ལྔ་པ་བླངས། གཡང་མོ་འཚོ་དང་ཝང་ཡུས་ཞིའུ། ཁྲེ་ཀུང་མེན་བཅས་ཀྱིས་སྐྱེས་མའི་ཕུལ་བྱུང་ཚན་ཆུང་གི་འགྲན་སྡུར་ཁྲོད་ཐུན་མོང་གི་ཨང་གཉིས་པ་བླངས། ལི་ཧུན་པའོ་དང་། ཀླུ་མགོན་རྒྱལ། ཀྲུའུ་ཕིང་ཝུའུ་བཅས་ཀྱིས་སྐྱེས་པའི་ཕུལ་བྱུང་ཚན་ཆུང་གི་འགྲན་རྒྱུག་ཁྲོད་ཐུན་མོང་གི་ཨང་གསུམ་པ་བླངས་ཡོད་པ་རེད།

གཞན་ཀླུ་མགོན་རྒྱལ་གྱིས་སྐྱེས་པའི་རི་ལུང་ཐང་གསུམ་བརྒལ་བའི་དོར་ལེན་འགྲན་སྡུར་ཁྲོད་ཨང་དྲུག་པ་བླངས་པ་དང་། ཁྲེ་ཀུང་མེན་གྱིས་སྐྱེས་མའི་དོར་ལེན་འགྲན་སྡུར་ཁྲོད་ཨང་དྲུག་པ་བླངས། གཡང་མོ་འཚོས་སྐྱེས་མའི་དོར་ལེན་འགྲན་སྡུར་ཁྲོད་ཨང་བདུན་པ་བླངས། ཝང་ཡུས་ཞོའུ་ཡིས་སྐྱེས་མའི་དོར་ལེན་འགྲན་སྡུར་ཁྲོད་ཨང་བརྒྱད་པ་བླངས་ཡོད་དོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号