ལི་ཐང་བསྟན་འཛིན་གྱིས་འཁྲབ་སྟོན་བྱས་པའི་གློག་བརྙན་ཐོག་མ།


ཉེ་ཆར། གནས་ཚུལ་སྤེལ་བར་གཞིགས་ན། གློག་བརྙན《ནམ་ཡང་འབྲེལ་བ་མི་ཆད་པའི་བརྩེ་སེམས》ཞེས་པའི་འཁྲབ་ཚན་ཚོགས་ཆུང་གིས་དཀར་མཛེས་ཁུལ་རྟའུ་རྫོང་གི་ས་ཆ་མང་པོ་ཞིག་ཏུ་པར་ལེན་བརྙན་ཕབ་བྱས་པ་རེད། གློག་བརྙན་དེ་བྲིན་ཁ་རྒྱུག་པའི་རའོ་ཞུའེ་མན་གྱི་བརྩམས་སྒྲུང《གདོན་ཕྲུག་གི་གསེར་མདོག་མཁར་རྫོང》ཞེས་པར་བཅོས་སྒྲིག་བྱས་པ་ཞིག་ཡིན་ཞིང་། ཀུན་གྱིས་དོ་ཁུར་བྱེད་པའི་བསྟན་འཛིན་བརྩོན་འགྲུས་ཀྱང་གློག་བརྙན་གྱི་འཁྲབ་སྟོན་ནང་ཞུགས་ཐེངས་དང་པོ་ཡིན། 


ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་དེ་ནི་རའོ་ཞུའེ་མན་གྱིས་འཁྲབ་གཞུང་བརྩམས་པ་དང་ཏིང་ཕེ་ཡིས་འཁྲབ་ཁྲིད་བྱས་པ། ཆི་ཆིན་གྱིས་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པའི་འགན་འཁུར་བ་དང་། ཀུའོ་ཅུན་ཁྲེན་དང་སུན་དབྱི་ཧན་གྱིས་གཙོ་འཁྲབ་བྱས་པ། ཀྲོའུ་ཡན་ཁྲེན་དང་བསྟན་འཛིན་བརྩོན་འགྲུས། ལུའི་དབྱི་བཅས་ཀྱིས་དམིགས་བསལ་འཁྲབ་སྟོན་བྱས་པ་ཞིག་རེད། གློག་བརྙན་དེའི་ནང་ལིན་ནན་དབྱི་དང་ལིན་ཆི་ཆི། སངས་རྒྱས་དང་པའོ་པའོ་ལན་བཅས་གཤིས་ཀ་མི་འདྲ་ཡང་བརྩེ་དུང་གི་བཞག་པས་བཅིངས་པའི་གཞོན་ནུ་བཞི་ལས་དབང་གིས་འཕྲད་པ་དང་། གྲོགས་པོ་བསྟན་འཛིན་བརྩོན་འགྲུས་ཀྱིས་རོགས་རམ་འོག ཁོང་ཚོ་བཞི་པོས་མཛེས་སྡུག་ལྡན་པའི་དཀར་མཛེས་སུ་ཕན་ཚུན་གཅིག་རམ་གཅིག་འདེགས་བྱེད་པའི་གཏམ་རྒྱུད་བརྗོད་ཡོད།


ཟླ10པའི་ཚེས25ཉིན། གསར་འགོད་པས་བསྟན་འཛིན་བརྩོན་འགྲུས་ཕྱོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ནི་བསྟན་འཛིན་བརྩོན་འགྲུས་ཀྱིས་འཁྲབ་སྟོན་བྱས་པའི་གློག་བརྙན་དང་པོ་དེ་ཡིན་ཞིང་། སི་ཁྲོན་དཀར་མཛེས་ཁུལ་དུ་ཕབ་ལེན་བྱས་པ་ཞིག་རེད། ཚེས26ཉིན་གསར་འགོད་པས་འཁྲབ་ཚན་ཚོགས་ཆུང་དེ་གནས་སའི་གྲོང་རྡལ་སྲིད་གཞུང་ལ་ཁ་པར་ཐོག་ནས་བཀའ་འདྲི་ཞུ་སྐབས། ལས་སྒྲུབ་མི་སྣ་ཞིག་གིས་འཁྲབ་ཚན་ཚོགས་ཆུང་དེས་ཉིན་ཤས་གོང་ས་གནས་དེ་གའི་རྟ་རྒྱུག་ཐང་དང་བཞག་བྲ་རི་བོ་སོགས་སུ་བསྐྱོད་དེ་པར་ལེན་བྱས་པ་མཇུག་སྒྲིལ་ཡོད་ཅེས་བརྗོད་པ་རེད།

རྟའུ་རྫོང་ནང་ཁུལ་དུ་བརྙན་ཕབ་ལེན་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། གློག་བརྙན་ནང་རྟ་རྒྱུག་འགྲན་བསྡུར་གྱི་ནང་དོན་གལ་ཆེན་ཞིག་ཡོད་ཅིང་། དེ་ནི་རྟའུ་ཡི་རྟ་རྒྱུག་ཐང་དུ་འཁྲབ་སྟོན་བྱེད་པ་དང་ཧ་ཅང་འཚམ་པོ་ཡོད་པ་མ་ཟད། དེ་གར་བཞག་བྲ་རི་བོ་ལྟ་བུའི་མཚོན་བྱེད་རང་བཞིན་གྱི་གངས་རི་དང་མཛེས་ལྗོངས་ཀྱང་ཡོད་པས་འཁྲབ་ཚན་ཚོགས་ཆུང་གིས་གནས་དེ་གར་གདམས་པའི་ངོས་འཛིན་བྱས་ཡོད། དཀར་མཛེས་ཁུལ་གྱི་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་དང་ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་ཁྱད་ཆོས་ཕུད། ད་དུང་དཀར་མཛེས་ཁུལ་ནི་བསྟན་འཛིན་གྱི་ཕ་ཡུལ་ཡིན་ཞིང་། གློག་བརྙན་དེའི་ཁྲོད་གཏམ་རྒྱུད་ནང་གི་བསྟན་འཛིན་ནི་བསྟན་འཛིན་རང་ཉིད་གཞིར་བཟུང་ནས་འཁྲབ་སྟོན་བྱས་པ་ཞིག་ཀྱང་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号