མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་ཞིབ་བཤེར་ཁང་གི་བོད་སྨན་རིགས་སྣ་གོ་ལྔའི་ཚད་གཞིའི་གཏན་འབེབས་བཟོ་བཅོས་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།


སྔར་ལས་ལྷག་པའི་སྒོ་ནས་བོད་སྨན་རིགས་སྣ་གོ་ལྔའི་ཚད་གཞིའི་གཏན་འབེབས་བཟོ་བཅོས་བྱ་བར་སྐུལ་འདེད་གཏོང་ཆེད། 2023ལོའི་ཟླ10པའི་ཚེས24ཉིན་ནས་ཚེས27ཉིན་བར། ཞིང་ལྗོངས་ལྔའི་བོད་སྨན་ཚད་གཞིའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་ཐེངས་བཞི་པ་དང་ཆེད་མཁས་པའི་དཔྱད་ཞིབ་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་བསྡུས། ཀྲུང་གོའི་ཟས་རིགས་དང་སྨན་རྫས་ཞིབ་བཤེར་ཐག་གཅོད་ཞིབ་འཇུག་ཁང་དང་། ཞིང་ལྗོངས་ལྔའི་བོད་སྨན་ཚད་གཞིའི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས། ཞིང་ལྗོངས་ལྔའི་བོད་སྨན་ཚད་གཞིའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་ཡི་ལས་ཁུངས་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་ཞིང་ལྗོངས་ལྔའི་བོད་སྨན་ཚད་གཞིའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ་ཡི་བོད་སྨན་རིགས་སྣ་གོ་ལྔའི་ཚད་གཞིའི་བཟོ་བཅོས་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། བོད་སྨན་རྩྭ་སྨན་རིགས་སྣ་ཉེར་གསུམ་དང་བོད་སྨན་གྱི་སྨན་ཆུ་རིགས་སྣ་བདུན་གྱི་གསོ་རིག་དང་སྨན་རྫས་རིག་པའི་ནང་དོན་ལ་གྲོས་ཞིབ་བྱས། མཚོ་སྔོན་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཁང་གིས་བཟོ་བཅོས་དང་རྩོམ་འབྲི་བྱས་པའི་དབང་ལག་དང་རྒྱ་ཏིག གུར་གུམ་བདུན་པ་སོགས་སྨན་རྫས་རིགས་སྣ་བཅུའི་ཚད་གཞིར་ཆེད་མཁས་པས་དཔྱད་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྤྱི་གྲངས་ཀྱི་སུམ་ཆའི་གཅིག་ཟིན་ཡོད་ལ། བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་རྗེས་རྒྱལ་ཁབ་སྨན་རྫས་བསྟན་བཅོས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད། གྲོས་ཚོགས་ནས་ད་རུང་ཉིས་སྟོང་ཉེར་བཞི་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་བཟོ་བཅོས་རིགས་སྣའི་ལས་བགོས་དང་བྱེ་བྲག་གི་མྱུར་ཚད་སོགས་ལ་གྲོས་བསྡུར་བྱས་ནས། ཉིས་སྟོང་ཉེར་བཞི་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་བྱ་བའི་འཆར་གཞི་རགས་ཙམ་གྲུབ་ཡོད།

ཐེངས་འདིའི་གྲོས་ཚོགས་དེ་བོད་སྨན་རིགས་སྣ་གོ་ལྔའི་ཚད་གཞིའི་གཏན་འབེབས་བཟོ་བཅོས་བྱ་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། ཞིང་ལྗོངས་ལྔའི་བོད་སྨན་ཚད་ལྡན་ཆེད་མཁས་ཨུ་ཡོན་ལྷན་ཁང་གིས་བསྟུད་མར་བོད་སྨན་ཚད་གཞིའི་མཐུན་སྦྱོར་གཅིག་གྱུར་ལ་ཡར་སྐུལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། བོད་སྨན་ཐོན་ལས་ཀྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号