པར་བརྐོས་ལག་རྩལ་འདི་རྒྱུད་འཛིན་དར་སྤེལ་བྱེད་དགོས།

བོད་ལྗོངས་སྙེ་མོ་རྫོང་ཕུ་གསུམ་ཡུལ་ཚོར“པར་བརྐོའི་ཕ་ཡུལ”ཞེས་བརྗོད་ཀྱིན་ཡོད། ཕུ་གསུམ་གྱི་པར་རྐོས་ལ་ལོ་རྒྱུས་རིང་པོ་ལྡན་པ་དེ་ནི་ཕུ་གསུམ་ཡུལ་ཚོའི་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་པའི་གནའ་བོའི་ལག་རྩལ་ཞིག་རེད། བརྐོ་སྟངས་རྣམ་པ་འདྲ་མིན་དང་། བེད་སྤྱོད་ཁྱབ་རྒྱ་ཧ་ཅང་ཆེ། 2009ལོར་ཕུར་གསུམ་ཡུལ་ཚོའི་པར་རྐོས་ལག་རྩལ་དེ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་མིང་གཞུང་ནང་བཅུག་ཡོད།

ཀརྨ་ཆོས་གྲགས་ནི་ཕུ་གསུམ་ཡུལ་ཚོའི་བརྐོ་བཟོའི་ཁྱིམ་རྒྱུད་དུ་སྐྱེས་པ་དང་། སྤོ་བོ་ལགས་ཀྱི་ཤུགས་རྐྱེན་འོག ཁོང་ཆུང་དུས་ནས་ཕུ་གསུམ་གྱི་པར་རྐོས་ལ་དགའ་པོ་ཡོད་པ་རེད། དུས་ཡུན་རིང་པོར་སློབ་སྦྱོང་དང་སྦྱོང་བརྡར་བྱས་པ་བརྒྱུད། ཀརྨ་ཆོས་གྲགས་ཀྱི་བོད་ཡིག་ཡིག་གཟུགས་བརྐོ་རྩལ་སྔར་བས་ལེགས་སུ་ཕྱིན་པ་དང་། 2014ལོར་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གྱུར་ཡོད། ཁོང་གིས“སྤོ་བོ་ལགས་ལྟ་བུའི་ཀུན་སྤྱོད་བཟང་ཞིང་སྙན་གྲགས་ཆེ་བའི་ལག་ཤེས་མཁས་པ་ཞིག་བྱས་ནས། དུས་རབས་གསར་པའི་ཡིག་གཟུགས་སྒྱུ་རྩལ་པར་བརྐོའི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱེད་འདོད་འདུག”ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号