ལྷ་ཚོགས་གྲོངས་པའི་རྩྭ་ཐང་དུ་རི་སྐྱེས་མེ་ཏོག་གིས་ཁེངས་པར་བལྟས། རྒྱང་རིང་དུ་ལུས་པའི་རྒྱང་རིང་གི་རླུང་ནི་རྒྱང་རིང་ལས་ཀྱང་ཤིན་ཏུ་རྒྱང་རིངས། བདག་གི་པུ་ཝང་ཤུབ་བུར་བཤུམས། མིག་ཆུ་ཅི་ཡང་མེད།བདག་གིས་རྒྱང་རིང་འདིའི་རྒྱང་རིང་རྩྭ་ཐང་ལ་ཕྱིར་སྤྲད། གཅིག་གི་མིང་ལ་ཤིང་སྡོང་ཟེར་ཞིང་། ཅིག་ཤས་ཀྱི་མིང་ལ་རྟ་རྔ་ཟེར། བདག་གི་པུ་ཝང་ཤུབ་བུར་བཤུམས། མིག་ཆུ་ཅི་ཡང་མེད།རྒྱང་རིང་ནི་འདས་གྲོངས་ཁྲོད་ད་གཟོད་རི་སྐྱེས་མེ་ཏོག་ཏུ་འདུས་ནས་བཀང་བར་འགྱུར། དྭངས་གསལ་གྱི་ཟླ་བ་མེ་ལོང་དང་འདྲ། རྩྭ་ཐང་གི་མཁའ་དབྱིངས་སུ་ཤར་ནས། ལོ་ཟླ་སྟོང་ཕྲག་ལ་འོད་ཟེར་སྤྲོ། བདག་གི་པུ་ཝང་ཤུབ་བུར་བཤུམས། མིག་ཆུ་ཅི་ཡང་མེད། ཁེར་རྐྱང་ངང་རྟ་ཕོར་བཅིབས་ནས་རྩྭ་ཐང་བརྒལ།