མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོང་ཁང་གི་སྐོར་སྐྱོད་འགྲེམས་སྟོན་ཝུན་དབྱི་སློབ་ཆུང་དུ་བསྐྱོད་པ།

ཟླ3པའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི་སྐོར་སྐྱོད་འགྲེམས་སྟོན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་དབྱི་སློབ་ཆུང་དུ་བསྐྱོད་དེ། དངོས་མང་བཤམས་སྟོན་ཁང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་དེ་ཕན་འབྲས་ཡོད་པའི་སྒོ་ནས་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཐོན་ཁུངས་སུ་བསྒྱུར། 

བྱེད་སྒོ་སྤེལ་ཡུལ་དུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི“1+3”བརྗོད་དོན་སྐོར་སྐྱོད་འགྲེམས་སྟོན་སྤེལ་བ་དང་། སློབ་མའི་འགྲེལ་བཤད་པས་གོ་བདེ་བའི་སྐད་ཆའི་སྟེང་སྐོར་སྐྱོད་འགྲེམས་སྟོན་པང་ལེབ་ཀྱི་ནང་དོན་ཕྱོགས་མི་འདྲ་བར་འགྲེལ་བཤད་བྱས་ཏེ། མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་ཀྱི་གཏིང་ཟབ་པའི་རྨང་གཞི་དང་མཚོ་སྔོན་གྱི་ཉེ་རབས་གནའ་རྫས་རྟོག་ཞིབ་ཀྱི་གཟི་བརྗིད་ལྡན་པའི་གྲུབ་ཚུལ། མི་རིགས་སྣ་མང་རིག་གནས་ཀྱི་མཛེས་སྡུག་དང་གསར་བརྗེའི་རིག་དངོས་ཀྱི་ཕུན་སུམ་ཚོགས་པའི་རྒྱུན་བཅས་མཉམ་སྤྱོད་བྱས་ཏེ། སློབ་མར་མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་དང་ཉར་ཚགས་བྱས་པའི་རིག་དངོས་དང་དེའི་རྒྱབ་ཀྱི་གཏམ་རྒྱུད་རྒྱུས་ལོན་བྱེད་དུ་བཅུག

ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དང་ཝུན་དབྱི་སློབ་ཆུང་གིས་བཤམས་སྟོན་ཁང་དང་སློབ་གྲྭའི་ཐུན་མོང་གི་འཛུགས་སྐྲུན་མཉམ་ལས་གྲོས་མཐུན་སྟེང་མིང་རྟགས་བཀོད་པ་དང་། “ཞིབ་འཇུག་སློབ་སྦྱོང་ལག་ལེན”རྟེན་གཞི་དང“བཤམས་སྟོན་ཁང་དང་སློབ་གྲྭའི་མཉམ་ལས་དཔེ་སྟོན་སློབ་གྲྭའི”སྒོ་བྱང་བཀལ་དེ། བཤམས་སྟོན་ཁང་དང་སློབ་གྲྭའི་མཉམ་ལས་ཀྱི་ཡུན་རིང་གི་ལམ་ལུགས་བཙུགས་ནས། སློབ་གྲྭ་དང་དངོས་མང་བཤམས་སྟོན་ཁང་གི་སློབ་གསོའི་ཐོན་ཁུངས་ཕྱོགས་གཉིས་སུ་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོའི་ཐོན་ཁུངས་དང་དངོས་མང་བཤམས་སྟོན་ཁང་གི་ཐོན་ཁུངས་ཟུང་འབྲེལ་དམ་ཟབ་བྱེད་པར་མཐུན་རྐྱེན་སྐྲུན། གཞན་ཡང་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གིས་སློབ་མ་ཚོར་ཇུས་འགོད་ཞིབ་ཚགས་བྱས་ནས་བཟོས་པའི“རྒྱལ་ནོར་རོལ་དབྱངས་ཚོགས་འདུའི“ཧོར་རིགས་ཀྱི་རས་བཟོས་བྱིས་པའི་སྦྱར་རིས”ཀྱི་སྤྱི་ཚོགས་སློབ་གསོའི་སློབ་ཚན་གྲ་སྒྲིག་བྱས་ཡོད། སློབ་ཚན་ཁྲོད། དངོས་མང་བཤམས་སྟོན་ཁང་གི་ལས་དོན་མི་སྣས་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་སྤུས་ལེགས་བརྒྱུད་དེ། སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་པ་དང་། པར་རིས་དང་གཟུགས་བརྙན་ཟུང་འབྲེལ་བྱས་པའི་ནང་དོན་བྱས་པ་མ་ཟད། ཕན་ཚུན་བརྗེ་རེས་བྱེད་པའི་གོ་རིམ་བཀོད་སྒྲིག་བྱས་ནས། སློབ་མ་ཚོར་ལག་ལེན་ཁྲོད་རྫོང་ཐུག་པའི་ལོ་རྒྱུས་དང་སྒྱུ་རྩལ་གྱི་མཛེས་སྡུག་ཉམས་སུ་མྱོང་དུ་བཅུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号