ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཉིས་སྟོང་ཉེར་ལྔ་ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་སྤེལ།

ཟླ་གསུམ་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི2025ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་སློབ་མགོ་རྩོམ་པའི་མཛད་སྒོ་སྤེལ།

གཞི་རྩའི་གསོ་སྦྱོང་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་2025ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་འཛིན་གྲྭའི་སྤེལ་ཐེངས་སོ་སོས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་གྱི་དགོས་མཁོར་དམིགས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་། ཏང་གཤིས་ཀྱི་སློབ་གསོ། འགན་འཁྲི་སྒྲུབ་པའི་ནུས་པ་གསོ་སྦྱོང་བཅས་ལ་ནན་ཏན་སྒོས་ཤུགས་སྣོན་བྱས་ཏེ། ལས་བྱེད་པར་ཆབ་སྲིད་ཀྱི་འདུ་ཤེས་མཐོ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ། འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས། འཛིན་གྲྭ་བཀོད་སྒྲིག་བྱེད་པའི་ཐད་ནས་ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་པར“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོབ་བྱེད་པའི”ཟབ་སྦྱོང་འཛིན་གྲྭ12དང་། ཐེངས69པའི་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ། ཐེངས16པའི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ། ཐེངས3པའི་གྲོང་གསེབ་དར་རྒྱས་ཀྱི་འགན་སྒྲུབ་ནུས་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ། ཐེངས1པོའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ལས་སྒོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སོགས་བསྒྲུབ་རྩིས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་སྟོང་བཞི་ལྷག་གསོ་སྦྱོང་ནང་ཞུགས་རྒྱུ་རེད། སློབ་ཁྲིད་ཀྱི་ནང་དོན་ཐད་ནས། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཡོངས་བསྒྲགས་བྱས་པའི་ཉིས་སྟོང་ཉེར་ལྔ་ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་ས་གནས་ཏང་གི་སློབ་གྲྭའི་འབྲེལ་ཡོད་འཛིན་གྲྭའི་གཞི་རྩའི་སློབ་ཚན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་འབྲེལ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་ཚན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། སྔར་ལས་སྣ་མང་གི་སློབ་ཁྲིད་བྱེད་ཐབས་སྤྱད་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་མ་ཚོས་སློབ་སྦྱོང་བྱེད་དུས་གོ་བདེ་ལ་གྲུབ་འབྲས་ཡོད་པ་བཅས་བྱེད་དགོས། 

སློབ་མར་དོ་དམ་བྱེད་པའི་ཐད་ནས་སྔར་ལས་ལྷག་པའི་སྒོ་ནས་གཟབ་ནན་དང་ཚད་ལྡན་དུ་བཏང་ནས་སློབ་མ་གསོ་སྦྱོང་ནང་ཞུགས་སྐབས་བརྒྱུད་རིམ་ཧྲིལ་པོར་བཀག་སྡོམ་རྣམ་པའི་དོ་དམ་བྱ་རྒྱུ་ཡིན་ལ། དེའི་དམིགས་ཡུལ་ནི་ཏང་ཡོན་ལས་བྱེད་པས་ཏང་གི་སློབ་གྲྭར་སློབ་སྦྱོང་དང་གསོ་སྦྱོང་བྱེད་པ་བརྒྱུད་ཏང་གཤིས་བློ་སྦྱོང་གི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུར་སྟོབས་ཤུགས་འབུལ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号