ཨ་མདོ་བརྙན་འཕྲིན་གྱི“མེ་ཏོག་གངས་ལྷ” བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་དེ་སྔ་ཕྱིར་ཐེངས་གསུམ་ལ་བསྡུས་ཏེ་རྒྱ་ཆེའི་ལྟ་མཁན་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་ཡོངས་སུ་ན་ཆུང་བྱིས་པའི་སྒྱུ་རྩལ་སློབ་གསོའི་བྱ་གཞག་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་དང་། བོད་ཀྱི་བྱིས་པའི་གླུ་གཞས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་ཕན་འབྲས་དང་ཤུགས་རྐྱེན་ངེས་ཅན་ཞིག་ཐོབ་ཡོད་པ་རེད། དེ་བས་ད་ལོར་ཡང “མེ་ཏོག་གངས་ལྷ” བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་བཞི་པ་བསྡུས་ཏེ། གླུ་གཞས་སྒྱུ་རྩལ་ལ་དགའ་མོས་ཆེ་བའི་ན་ཆུང་གཞས་པ་གཞས་མ་ཚོར་རང་གི་རིག་རྩལ་འཇོན་ཐང་ངོམ་སའི་གར་སྟེགས་ཤིག་འདོན་སྤྲོད་བྱ་རྒྱུ་ཡིན་པར་མ་ཟད། དྲུག་གཅིག་ན་ཆུང་བྱིས་པའི་དུས་ཆེན་གྱི་སྐབས་དང་བསྟུན་ནས། ན་ཆུང་བྱིས་པའི་གླུ་སྐད་དང་འཛུམ་མདངས་ལ་བརྒྱུས་པའི་སྤྲོ་སྟོན་ཕུན་སུམ་ཚོགས་པ་ཞིག་རྒྱ་ཆེའི་ལྟ་མཁན་ཡོངས་ཀྱི་གཟིགས་མོར་དབུལ་འཆར་ཡོད་པས། ན་ཆུང་གཞས་པ་གཞས་མ་ཚོས་གླུ་གཞས་བརྩམས་ཆོས་ང་ཚོར་བསྐུར་ནས “མེ་ཏོག་གངས་ལྷ” བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་བཞི་པར་མིང་ཐོ་དགོད་པར་དགའ་བསུ་ཞུ།གཅིག གླུ་གཞས་བརྩམས་ཆོས་ཀྱི་ནང་དོན་དང་ཆ་རྐྱེན། ༡ གླུ་གཞས་བརྩམས་ཆོས་ཀྱི་ནང་དོན་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དར་སྤེལ་གཏོང་བའི་བརྗོད་དོན་དང་འཚམ་དགོས་པར་མ་ཟད། སྤྱི་ཚོགས་འཆམ་མཐུན་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། རིག་གནས་ཡར་རྒྱས་གོང་འཕེལ་གྱི་གནས་བབ་བཟང་པོར་བསྟོད་གླུ་འབུལ་བའི་ཡར་ཐོན་ཡར་སྐུལ་གྱི་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྤེལ་བྱེད་པའི་ནང་དོན་ལྡན་དགོས།༢ གླུ་གཞས་བརྩམས་ཆོས་ཀྱི་ཚིག་དང་དབྱངས་གཉིས་ཀྱི་ཆ་ནས་ན་ཆུང་བྱིས་པའི་བློ་དང་མོས་པར་འཚམས་ཤིང་། བྱིས་པའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པ་ཞིག་ཡིན་དགོས་པར་མ་ཟད། གསར་བཏོད་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལྡན་དགོས།༣ ན་ཆུང་གཞས་པ་གཞས་མ་རེ་ནས་གླུ་གཞས་བརྩམས་ཆོས་གཉིས་རེ་བསྐུར་དགོས་ཤིང་། གཅིག་ནི་བརྩམས་ཆོས་བདག་དབང་ཡོད་པའི་གླུ་གཞས་གསར་བ་ཡིན་དགོས་ལ། གཅིག་ནི་བསྐྱར་ལེན་གྱི་བདག་དབང་ཡོད་པའི་གླུ་གཞས་རྙིང་བ་ཡིན་ན་ཆོག (གླུ་གཞས་བརྩམས་ཆོས་དམངས་གླུ་དང་རྡུང་ལེན། མཉམ་ལེན་སོགས་གང་རུང་ཡིན་ཆོག)༤ གླུ་གཞས་བརྩམས་ཆོས་བོད་སྐད་ཀྱི་ལམ་ནས་བླངས་པ་ཡིན་དགོས་ཤིང་། རམ་འདེགས་རོལ་མོའི་སྒྲིག་སྦྱོར་བཟང་ཞིང་སྒྲ་བླངས་པ་ཚད་ལྡན་སྤུས་དག་ཡིན་དགོས། ༥ ན་ཆུང་གཞས་པ་གཞས་མ་ལོ་དྲུག་གི་ཡན་དང་ལོ་བཅུ་བཞིའི་མན་ཡིན་དགོས།གཉིས། གླུ་གཞས་བརྩམས་ཆོས་སྡུད་པའི་དུས་ཡུན། 2025ལོའི་སྤྱི་ཟླ 4 པའི་ཚེས 15 བར་ཡིན། (གླུ་གཞས་བརྩམས་ཆོས2025ལོའི་སྤྱི་ཟླ4པའི་ཚེས15སྔོན་ལ་བསྐུར་དགོས། ཚེས15ཉིན་གྱི་ཆུ་ཚོད24རྗེས་ནས་བསྐུར་བ་རྣམས་དང་ལེན་མི་བྱེད།)གསུམ། གླུ་གཞས་བརྩམས་ཆོས་སྐུར་སྟངས།གླུ་གཞས་བརྩམས་ཆོསwavཡི་རྣམ་པས་གཤམ་གྱི་ཡིག་ཟམ་དང་ཡང་ན་སྐད་འཕྲིན་དུ་བསྐུར་དགོས་ལ། ཞར་ལ་གླུ་ཚིག་དང་ཚིག་རྩོམ་མཁན། དབྱངས་རྩོམ་མཁན། ལེན་མཁན་བཅས་ཀྱི་མིང་། དེ་མིན་ཁྱིམ་བདག་གི་མིང་དང་འབྲེལ་གཏུག་ཁ་པར་ཨང་གྲངས་སོགས་གསལ་བོར་བྲིས་ཏེ་བསྐུར་དགོས། (གླུ་ཚིགwordཡིག་ཆ་ལ་ཡེ་གེ་གཏགས་ནས་བསྐུར་དགོས་པ་ལས་ལག་བྲིས་དང་པར་བརྒྱབ་ནས་བསྐུར་ན་དང་ལེན་མི་བྱེད།)བཞི། འབྲེལ་གཏུག་བྱེད་ཡུལ།ཡིག་ཟམ། 2543922507@qq.comསྐད་འཕྲིན། N2543922507འབྲེལ་གཏུག་ཁ་པར། 153 0974 5515ལྔ། གསལ་བཤད།ང་ཚོར་འབྱོར་བའི་གླུ་གཞས་བརྩམས་ཆོས་ལ་དཔྱད་འདེམ་པ་རྩ་འཛུགས་ཀྱིས་ཐོག་མའི་དཔྱད་འདེམ་བྱ་རྒྱུ་ཡིན་ཅིང་། ཐོག་མའི་དཔྱད་འདེམ་བརྒྱུད་ཚིག་དང་དབྱངས། རོལ་མོ། སྒྲ་བླངས་པ་བཅས་གང་ཅིའི་ཐད་ནས་འབུར་དུ་ཐོན་པའི་གླུ་གཞས་བརྩམས་ཆོས་ཕུལ་དུ་བྱུང་བ་གྲངས་ཚད་ངེས་ཅན་ཞིག ཨ་མདོ་བརྙན་འཕྲིན་གྱི“མེ་ཏོག་གངས་ལྷ”བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་བཞི་པར་གདམ་རྒྱུ་ཡིན། བདམས་ཐོན་བྱུང་བའི་གླུ་གཞས་བརྩམས་ཆོས་ལ་བསྐྱར་དུ་བརྡ་སྦྱོར་སྤེལ་རྒྱུ་ཡིན་པས་དེ་དོན་ཐུགས་འཇགས་འཚལ་ལོ།།
ཨ་མདོ་བརྙན་འཕྲིན་གྱི“མེ་ཏོག་གངས་ལྷ” བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་དེ་སྔ་ཕྱིར་ཐེངས་གསུམ་ལ་བསྡུས་ཏེ་རྒྱ་ཆེའི་ལྟ་མཁན་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། བོད་འབྲེལ་ས་ཁུལ་གྱི་སྤྱི་ཚོགས་ཡོངས་སུ་ན་ཆུང་བྱིས་པའི་སྒྱུ་རྩལ་སློབ་གསོའི་བྱ་གཞག་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་དང་། བོད་ཀྱི་བྱིས་པའི་གླུ་གཞས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་ཕན་འབྲས་དང་ཤུགས་རྐྱེན་ངེས་ཅན་ཞིག་ཐོབ་ཡོད་པ་རེད། དེ་བས་ད་ལོར་ཡང “མེ་ཏོག་གངས་ལྷ” བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་བཞི་པ་བསྡུས་ཏེ། གླུ་གཞས་སྒྱུ་རྩལ་ལ་དགའ་མོས་ཆེ་བའི་ན་ཆུང་གཞས་པ་གཞས་མ་ཚོར་རང་གི་རིག་རྩལ་འཇོན་ཐང་ངོམ་སའི་གར་སྟེགས་ཤིག་འདོན་སྤྲོད་བྱ་རྒྱུ་ཡིན་པར་མ་ཟད། དྲུག་གཅིག་ན་ཆུང་བྱིས་པའི་དུས་ཆེན་གྱི་སྐབས་དང་བསྟུན་ནས། ན་ཆུང་བྱིས་པའི་གླུ་སྐད་དང་འཛུམ་མདངས་ལ་བརྒྱུས་པའི་སྤྲོ་སྟོན་ཕུན་སུམ་ཚོགས་པ་ཞིག་རྒྱ་ཆེའི་ལྟ་མཁན་ཡོངས་ཀྱི་གཟིགས་མོར་དབུལ་འཆར་ཡོད་པས། ན་ཆུང་གཞས་པ་གཞས་མ་ཚོས་གླུ་གཞས་བརྩམས་ཆོས་ང་ཚོར་བསྐུར་ནས “མེ་ཏོག་གངས་ལྷ” བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་བཞི་པར་མིང་ཐོ་དགོད་པར་དགའ་བསུ་ཞུ།
གཅིག གླུ་གཞས་བརྩམས་ཆོས་ཀྱི་ནང་དོན་དང་ཆ་རྐྱེན།
༡ གླུ་གཞས་བརྩམས་ཆོས་ཀྱི་ནང་དོན་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དར་སྤེལ་གཏོང་བའི་བརྗོད་དོན་དང་འཚམ་དགོས་པར་མ་ཟད། སྤྱི་ཚོགས་འཆམ་མཐུན་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། རིག་གནས་ཡར་རྒྱས་གོང་འཕེལ་གྱི་གནས་བབ་བཟང་པོར་བསྟོད་གླུ་འབུལ་བའི་ཡར་ཐོན་ཡར་སྐུལ་གྱི་དྲང་ཕྱོགས་ཀྱི་ནུས་པ་བརྒྱུད་སྤེལ་བྱེད་པའི་ནང་དོན་ལྡན་དགོས།
༢ གླུ་གཞས་བརྩམས་ཆོས་ཀྱི་ཚིག་དང་དབྱངས་གཉིས་ཀྱི་ཆ་ནས་ན་ཆུང་བྱིས་པའི་བློ་དང་མོས་པར་འཚམས་ཤིང་། བྱིས་པའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པ་ཞིག་ཡིན་དགོས་པར་མ་ཟད། གསར་བཏོད་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལྡན་དགོས།
༣ ན་ཆུང་གཞས་པ་གཞས་མ་རེ་ནས་གླུ་གཞས་བརྩམས་ཆོས་གཉིས་རེ་བསྐུར་དགོས་ཤིང་། གཅིག་ནི་བརྩམས་ཆོས་བདག་དབང་ཡོད་པའི་གླུ་གཞས་གསར་བ་ཡིན་དགོས་ལ། གཅིག་ནི་བསྐྱར་ལེན་གྱི་བདག་དབང་ཡོད་པའི་གླུ་གཞས་རྙིང་བ་ཡིན་ན་ཆོག (གླུ་གཞས་བརྩམས་ཆོས་དམངས་གླུ་དང་རྡུང་ལེན། མཉམ་ལེན་སོགས་གང་རུང་ཡིན་ཆོག)
༤ གླུ་གཞས་བརྩམས་ཆོས་བོད་སྐད་ཀྱི་ལམ་ནས་བླངས་པ་ཡིན་དགོས་ཤིང་། རམ་འདེགས་རོལ་མོའི་སྒྲིག་སྦྱོར་བཟང་ཞིང་སྒྲ་བླངས་པ་ཚད་ལྡན་སྤུས་དག་ཡིན་དགོས།
༥ ན་ཆུང་གཞས་པ་གཞས་མ་ལོ་དྲུག་གི་ཡན་དང་ལོ་བཅུ་བཞིའི་མན་ཡིན་དགོས།
གཉིས། གླུ་གཞས་བརྩམས་ཆོས་སྡུད་པའི་དུས་ཡུན།
2025ལོའི་སྤྱི་ཟླ 4 པའི་ཚེས 15 བར་ཡིན། (གླུ་གཞས་བརྩམས་ཆོས2025ལོའི་སྤྱི་ཟླ4པའི་ཚེས15སྔོན་ལ་བསྐུར་དགོས། ཚེས15ཉིན་གྱི་ཆུ་ཚོད24རྗེས་ནས་བསྐུར་བ་རྣམས་དང་ལེན་མི་བྱེད།)
གསུམ། གླུ་གཞས་བརྩམས་ཆོས་སྐུར་སྟངས།
གླུ་གཞས་བརྩམས་ཆོསwavཡི་རྣམ་པས་གཤམ་གྱི་ཡིག་ཟམ་དང་ཡང་ན་སྐད་འཕྲིན་དུ་བསྐུར་དགོས་ལ། ཞར་ལ་གླུ་ཚིག་དང་ཚིག་རྩོམ་མཁན། དབྱངས་རྩོམ་མཁན། ལེན་མཁན་བཅས་ཀྱི་མིང་། དེ་མིན་ཁྱིམ་བདག་གི་མིང་དང་འབྲེལ་གཏུག་ཁ་པར་ཨང་གྲངས་སོགས་གསལ་བོར་བྲིས་ཏེ་བསྐུར་དགོས། (གླུ་ཚིགwordཡིག་ཆ་ལ་ཡེ་གེ་གཏགས་ནས་བསྐུར་དགོས་པ་ལས་ལག་བྲིས་དང་པར་བརྒྱབ་ནས་བསྐུར་ན་དང་ལེན་མི་བྱེད།)
བཞི། འབྲེལ་གཏུག་བྱེད་ཡུལ།
ཡིག་ཟམ། 2543922507@qq.com
སྐད་འཕྲིན། N2543922507
འབྲེལ་གཏུག་ཁ་པར། 153 0974 5515
ལྔ། གསལ་བཤད།
ང་ཚོར་འབྱོར་བའི་གླུ་གཞས་བརྩམས་ཆོས་ལ་དཔྱད་འདེམ་པ་རྩ་འཛུགས་ཀྱིས་ཐོག་མའི་དཔྱད་འདེམ་བྱ་རྒྱུ་ཡིན་ཅིང་། ཐོག་མའི་དཔྱད་འདེམ་བརྒྱུད་ཚིག་དང་དབྱངས། རོལ་མོ། སྒྲ་བླངས་པ་བཅས་གང་ཅིའི་ཐད་ནས་འབུར་དུ་ཐོན་པའི་གླུ་གཞས་བརྩམས་ཆོས་ཕུལ་དུ་བྱུང་བ་གྲངས་ཚད་ངེས་ཅན་ཞིག ཨ་མདོ་བརྙན་འཕྲིན་གྱི“མེ་ཏོག་གངས་ལྷ”བུམ་པའི་ན་ཆུང་བྱིས་པའི་གླུ་གཞས་སྤྲོ་ཚོགས་སྐབས་བཞི་པར་གདམ་རྒྱུ་ཡིན། བདམས་ཐོན་བྱུང་བའི་གླུ་གཞས་བརྩམས་ཆོས་ལ་བསྐྱར་དུ་བརྡ་སྦྱོར་སྤེལ་རྒྱུ་ཡིན་པས་དེ་དོན་ཐུགས་འཇགས་འཚལ་ལོ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注