མདོ་ལ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་འབའ་དང་ཐེ་ཁེའི་འགྲན་སྡུར་སྤེལ། 



འབའ་དང་ཐེ་ཁེ་རྩེད་པ་ནི་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་ནས་དར་ཆེ་བའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཅིག་ཡིན་པས། དྲ་རྒྱ་དང་ཆ་འཕྲིན་ལག་རྩལ་དར་ཆེ་བའི་དུས་སྐབས་འདིར་སྲོལ་རྒྱུན་གྱི་རོལ་རྩེད་འདི་ལྟ་བུ་སློབ་གྲྭའི་ནང་ནས་དར་ཏེ། སློབ་བུ་རྣམས་ཀྱི་སློབ་གསེང་གི་འཚོ་བ་སྤྲོ་སྣང་ལྡན་པ་དང་། སྲོལ་རྒྱུན་གྱི་རོལ་རྩེད་ལས་སློབ་བུ་རྣམས་ཀྱི་སློབ་སྦྱོང་ལ་སྐུལ་ཤུགས་སྩོལ་བ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་ཡིན།



ཏང་དང་རྒྱལ་ཁབ་ཀྱིས་ཉེ་བའི་ལོ་འགའི་རིང་ལ་སྲོལ་རྒྱུན་རིག་གནས་དར་སྤེལ་ལ་ཤུགས་སྣོན་པའི་བླང་བྱ་རབ་དང་རིམ་པ་བཏོན་པ་དང་། སློབ་བུ་རྣམས་ནི་སློབ་ཁང་ནས་སྒོར་བུད་དེ་སྦྱོང་བརྡར་བྱེད་པ་ནི་ཤིན་ཏུ་གལ་ཆེ་བས། སློབ་རའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སློབ་བུ་རྣམས་ཀྱི་རྒྱུད་ལ་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཟབ་མོ་ཞིག་འཇགས་པ་དང་། སྲོལ་རྒྱུན་རིག་གནས་ལ་དུང་བ་དང་རྒྱུད་འཛིན་བྱེད་པར་དམིགས་ནས། སྤྱི་ལོ2021ལོའི་ཟླ11པའི་ཚེས་10དང11གཉིས་ལ་མདོ་ལ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སྐད་ཡིག་ཁྲིད་དཔྱོད་ཁང་གིས་རྩ་འཛུགས་བྱས་ཏེ་མཐོ་རིམ་འཛིན་གྲྭའི་འབའ་རྩེད་དང་དམའ་རིམ་འཛིན་གྲྭའི་ཐེ་ཁེའི་འགྲན་སྡུར་སྤེལ་ཏེ། སློབ་གཙོ་བཀྲ་ཤིས་དོན་གྲུབ་ལགས་དང་བོད་ཡིག་དགེ་རྒན་ཡོངས་ཀྱིས་ཐེངས་འདིའི་བྱ་འགུལ་གྱི་དཔྱད་འདེམས་པའི་འགན་ཁུར།



ཐོག་མར་མགོ་འཛིན་པས་རོལ་རྩེད་ཀྱི་རྣམ་པ་དང་དེའི་བླང་བྱ་སོགས་ཞིབ་བརྗོད་བྱས་ཏེ་བྱ་འགུལ་གྱི་འགོ་བརྩམས་བྱུང་། བྱ་འགུལ་ཡོངས་ནི་རིགས་གཉིས་སུ་དགར་བ་དང་། ཚེས10ཉིན་གྱི་ཉིན་གུང་ལ་དམའ་རིམ་འཛིན་གྲྭའི་ཐེ་ཁེའི་འགྲན་སྡུར་དང་ཚེས11ཉིན་གྱི་ཉིན་གུང་ལ་མཐོ་རིམ་འཛིན་གྲྭའི་འབའ་རྩེད་འགྲན་སྡུར་སྤེལ། ཐེངས་འདིའི་འགྲན་སྡུར་ནི་རོལ་རྩེད་ཀྱི་རྣམ་པ་ལྟར་འཛིན་གྲྭ་རེ་ནས་སློབ་བུ་དྲུག་རེ་འགྲན་སྡུར་ལ་ཞུགས་ནས། ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན། རྟིང་རྩོད་འགྲན་སྡུར་སོགས་བརྒྱུད། མཐར་དཔྱད་འདེམས་པ་རྣམས་ཀྱིས་འདྲ་མཉམ་དང་དྲང་གཞག་གི་སྒོ་ནས་དཔྱད་འདེམས་བྱས་པའི་མཇུག་འབྲས་ལྟར་མཐོ་རིམ་འཛིན་གྲྭ་དང་དམའ་རིམ་འཛིན་གྲྭ་སོ་སོ་ནས་བྱ་དགའ་ཨང་དང་པོ་གཅིག་དང་ཨང་གཉིས་པ་གསུམ། ཨང་གསུམ་པ་བཞི་བཅས་ལ་དགའ་རྟགས་དང་སློབ་སྦྱོང་ཡོ་ཆས་སོགས་བྱིན་ནས་གཟེངས་བསྟོད་བྱས།


མདོ་ལ་ཨ་རིག་ས་ཆའི་ཐེ་ཁེ་ངོས་འཛིན་ཚུལ།


ཐེངས་འདིའི་བྱ་འགུལ་ནི་སློབ་བུ་རྣམས་ཀྱི་སློབ་སྦྱོང་དང་གསབ་སྦྱོང་གི་ཁག་ཁུར་ཇེ་ཡངས་སུ་གཏོང་བའི་དམིགས་ཡུལ་དང་མཐུན་པའི་སྒོ་ནས་སྤེལ་བ་ཡིན་ལ། སློབ་བུ་རྣམས་གློག་ཀླད་དང་ཁ་པར་གྱི་དྲ་ལམ་རོལ་རྩེད་དང་བར་ཐག་རིང་དུ་བཀྱེད་དེ། སྲོལ་རྒྱུན་གྱི་རོལ་རྩེད་ཀྱི་རྣམ་པ་ཤེས་སུ་འཇུག་པ་དང་། ཚད་ལྡན་དང་བདེ་ཐང་གི་རོལ་རྩེད་འདི་དག་ལ་སྤྲོ་བ་རྙེད་དེ། སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་པ་ཆེན་པོ་ལྡན། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号