མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ།

ཏང་བཙུགས་ནས་ལོ་འཁོར༡༠༣ལོར་པར་རྟེན་འབྲེལ་ཞུ་བ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ། སྐད་ཡིག་གི་གཞི་རྩའི་ཡོན་ཏན་གོང་དུ་སྤེལ་བ་དང་སློབ་མའི་དགའ་ཕྱོགས་བསྐྱེད་སྲིང་བྱེད་པ་བཅས་ལ་དམིགས་ནས། ༢༠༢༤ལོའི་ཟླ༦པའི་ཚེས༢༨ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་ཡིག་ཁྲིད་དཔྱོད་ཁག་གིས། མཐོ་གཅིག་དང་མཐོ་གཉིས་རིམ་པའི་སློབ་མར་ཁ་གཏད་ནས་ནུབ་ཕྱོགས་སྨྱན་མང་ཁང་དུ་བོད་ཡིག་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ།

བྱ་འགུལ་གྱི་ཡུལ་དངོས།

ལོ་རིམ་གཉིས་ཀྱི་འཛིན་གྲྭ་སོ་སོ་ནས་བདམས་ཐོན་བྱུང་བའི་སློབ་མ༢རེ་སྟེ་ཁྱོན་བསྡོམས་སློབ་མ༤༨རེབ་འདིའི་འགྲན་སྡུར་ལ་ཞུགས་ཤིང་། ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་འགྲན་སྡུར་དངོས་སུ་མགོ་བརྩམས། ཐོག་མར་སློབ་གྲྭ་འདི་གའི་བོད་ཡིག་དགེ་རྒན་དང་ཡིག་མཁན་ལྷ་མཁར་ཚེ་རིང་ལགས་ཀྱིས། དབུ་ཅན་དང་འཁྱུག་ཡིག་གཉིས་ཀྱི་ལམ་ནས། དཀར་མཛེས་ཨ་ཡིག་ལས་འཁྲུངས་ཡེ་ཤེས་གཏེར། །ཕས་རྒོལ་ཝ་སྐྱེས་ཟིལ་གནོན་གདོང་ལྔ་བཞིན། །ཆགས་ཐོགས་ཀུན་བྲལ་མཚུངས་མེད་འཇམ་དབྱངས་མཐུས། །མ་ཧཱ་མཁས་པའི་གཙོ་བོ་ཉིད་གྱུར་ཅིག །ཅེས་པའི་ཡིག་གཟུགས་ཀྱི་བྲི་བྱའི་ནང་དོན་སྒོ་སམ་དུ་བྲིས་ཤིང་། དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་དུ་སློབ་གྲོགས་ཚོས་རང་ཉིད་ཀྱི་འདོད་མོས་ལྟར་ཡིག་སྣ་ཕུན་སུམ་ཚོགས་ཤིང་དག་སྙོམས་མཛེས་གསུམ་ལྡན་པའི་ཡིག་གཟུགས་ཀྱི་བརྩམས་ཆོས་རེ་རེ་དཀར་གཙང་གི་ཤོག་བུའི་ངོས་སུ་ལེགས་པར་བཀོད་པ་ནི། ཇི་སྐད་དུ། མཚར་མཚར་ཚངས་པའི་ཡིད་ཀྱིས་རབ་བསྐྱེད་པའི། །ལེགས་ལེགས་གཟུགས་ཀྱི་མཛེས་པ་ལྷུན་རྫོགས་པ། །མཛེས་མཛེས་རིས་སུ་བབས་པའི་ཡི་གེ་གཟུགས། །དཀར་དཀར་གངས་ལྗོངས་རིག་པའི་སྒྱུ་རྩལ་མཆོག །ཅེས་པ་བཞིན་ལྟ་བས་ཆོག་མི་ཤེས་ཤིང་ཡིད་ཀྱི་དང་བ་འདྲེན་པར་བྱེད།

མཇུག་ཏུ་དགེ་རྒན་ལྷ་མཁར་ཚེ་རིང་ལགས་ཀྱིས་ཐེངས་འདིའི་འགྲན་ཞུགས་པ་ཚོར་ཡིག་གཟུགས་ཀྱི་ཕྱོགས་ནས་མཛུབ་སྟོན་གནང་བའི་གསུང་གི་བདུད་རྩི་བསྩལ་ཅིང་འགྲན་སྡུར་ལ་སྤྱི་སྡོམ་གནང་། དཔྱད་འདེམ་པའི་དགེ་རྒན་གསུམ་གྱིས་དྲང་བདེན་དང་དྲང་གཞག་གིས་སྐར་མ་ཕྱིན་པ་བརྒྱུད་ནས། དབུ་ཅན་དང་ཚུགས་ཆེན། འབྲུ་ཚ་བཅས་སུ་གཏོགས་པའི་ཡིག་གཟུགས་བརྩམས་ཆོས་བཅོ་ལྔ་བྱ་དགའི་མིང་ཐོར་ཚུད།

ཟླ༧པའི་ཚེས༡ཉིན་གྱི་ཞོགས་པར་དགེ་སློབ་ཡོངས་རིག་བྱེད་ཕུན་ཚོགས་གླིང་གི་མདུན་དུ་འཚོགས་ཏེ་ཏང་གི་སྐྱེས་སྐར་བསུ་བའི་མཛེས་རིས་དང་ཡིག་གཟུགས་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་ཅིང་། བྱ་དགར་ཚུད་པའི་སློབ་གྲོགས་ཚོར་གཟེངས་རྟགས་བསྩལ། མཛེས་སྡུག་གི་བསུང་ངད་ལྡང་བའི་བོད་ཡིག་ཡིག་གཟུགས་ཀྱི་བརྩམས་ཆོས་དག་ཀྱང་མཛེས་རིས་དང་མཉམ་དུ་ཐང་ཆེན་གྱི་དབུས་སུ་འགྲམས་སྟོན་བྱས་པ་ན། བློ་ལྡན་བུང་བ་རྣམས་ནི་སྤྲིན་གྱི་ཚོགས་བཞིན་འཁོར་ཏེ་སྒྱུ་རྩལ་རོ་ཉམས་ཀྱི་ཟེའུ་འབྲུ་ལེན་པར་བརྩོན་བཞིན་མཆིས།

འགྲན་ཞུགས་བརྩམས་ཆོས་སྣ་ཚོགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号