མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོའི་བརྗོད་དོན་མཚོན་རྟགས(LOGO)ཀྱི་སྤྱི་བསྒྲགས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་བྱེད་སྒོའི་བརྗོད་དོན་མཚོན་རྟགས(LOGO)དྲ་ཐོག་ནས་བསྡུ་རུབ་དང་། ཡོངས་བསྒྲགས། ཆེད་མཁས་པས་རིགས་པས་ཁུངས་སྐྱེལ་བྱས་པ་དང་། རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་མགོ་ཁྲིད་ཚན་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་ནས་མོས་མཐུན་བྱུང་རྗེས། ད་ལྟ་དབང་སྤྲོད་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།
གཅིག བརྗོད་དོན་མཚོན་རྟགས(LOGO)ཀྱི་དཔེ་རིས།
དཔེ་རིས་ལེན་སའི་སྦྲེལ་གནས།
http://www.haibeinews.com/system/2023/06/29/030044890.shtml(མཚོ་བྱང་གསར་འགྱུར་དྲ་བ།)
http://jinrizangxiang.com/xinwentupian/540.html(གངས་ལྗོངས་འཕྲིན་གསར་དྲ་བ།)
བརྗོད་དོན་མཚོན་རྟགས(LOGO)ཀྱི་གོ་དོན།
ཁ་དོག་གི་ཆ་ནས་གཙོ་བོ་དམར་པོ་དང་སེར་པོ། སྔོན་པོ། ལྗང་ཁུ། དཀར་པོ་བཅས་རིགས5བདམས་ཡོད་པ་དེས་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ལ་མཚོ་བྱང་གི་རྣམ་པར་བཀྲ་བའི་མི་རིགས་རིག་གནས་མཚོན་པ་དང་ཆབས་ཅིག་གསེར་མདོག་གིས་འཇུ་ལག་དང་ལྗང་མདོག་གིས་མདོ་ལ། སྔོན་པོ་ཡིས་རྐང་ཚ། དམར་པོས་མདའ་བཞི་བཅས་ཀྱི་ཁྱད་ཆོས་མངོན་ཡོད། དེའི་ཁྲོད་སྒམ་བརླིང་ལྡན་ལ་འཁྲུག་ཆ་དོད་པའི་མཚོན་རྟགས་དམར་པོས་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་མཚོན་ཡོད། དྲོ་སྐྱིད་ལྡན་པའི་སེར་པོས་རིགས་སོ་སོའི་བུ་དང་བུ་མོ་ཚོའི་འཚོ་བ་ནི་མཛེས་སྡུག་ལྡན་པའི་མེ་ཏོག་དང་འདྲ་བར་མཛེས་སྡུག་དང་བདེ་སྐྱིད། ཁམས་བདེ་བཅས་མཚོན་པར་མ་ཟད། མཚོ་བྱང་གི་མ་འོངས་པ་དེ་བས་འོད་སྟོང་འཕྲོ་བའི་མཚོན་ཚུལ་ཞིག་ཀྱང་ཡིན། ཁ་དོག་དཀར་པོ་དང་སྔོན་པོ། ལྗང་ཁུ་བཅས་ནི་མཚོ་བྱང་གི་དྭངས་གཙང་གི་གངས་རི་དང་གཡའ་དག་པའི་ནམ་མཁའ། ལྗང་མདོག་གི་རྩྭ་ཐང་བཅས་ཀྱི་བསྡུས་རིས་ཡིན་པ་དེའི་ཐོག་ནས་མཚོ་བྱང་འདི་ཉིད་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་སྐྱེ་ཁམས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་མཚོ་བྱང་གི་རིགས་སོ་སོའི་བུ་དང་བུ་མོ་ཚོས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་བརྟན་པོ་བཟུང་ནས་རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད།
གཉིས། བཀོལ་སྤྱོད་གསལ་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注