ཚེ་རིང་འགྱུར་མེད་ཀྱིས“ལམ་གཉིས”ཀྱི་རིན་ཐང་སྐོར་གླེང་བ།

ཚེ་རིང་འགྱུར་མེད། ལྷོ་ནུབ་མི་རིགས་སློབ་ཆེན་ཀྲུང་གོ་སྐད་ཡིག་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བ། སྔོན་ཆད་དཀར་མཛེས་ཁུལ་རྩོམ་སྒྱུར་ཅུས་དང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་སུའོ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་བཅས་སུ་ཕྱག་ལས་གནང་མྱོང་ཡོད་ལ། ཨ་རིའི་ཕུའུ་ཅི་ཉི་ཡཱ་སློབ་ཆེན་དང་མ་ལེ་ཞི་ཡའིEDSཚོང་ལས་སློབ་གླིང་སོགས་སུ་དུས་ཐུང་སློབ་སྦྱོང་ཡང་བྱེད་མྱོང་ཡོད། ཁོང་གིས་རིག་གཞུང་ཆེད་རྩོམ16དཔེ་སྐྲུན་བྱས་པ་དང་། རིག་གཞུང་དཔྱད་རྩོམ11སྤེལ་མྱོང་ལ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཚན་ཞིབ་རྣམ་གྲངས1གཙོ་སྐྱོང་བྱས་ཤིང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཚན་ཞིབ་རྣམ་གྲངས2ནང་ཞུགས་མྱོང་ཡོད།

དགེ་རྒན་ཆེན་མོ་བ་ཚེ་རིང་འགྱུར་མེད།

གསར་འགོད་པ།  ལོ་རྒྱུས་ཐོག“འགྲོ་ལམ”ཤར་གཏོང་དང་རྒྱ་ཆེར་བཏང་བ་དེས་མཚོ་བོད་མཐོ་སྒང་གི་འགྲིམ་འགྲུལ་འཕེལ་རྒྱས་དང་། དངོས་ཟོག་འཁོར་རྒྱུག རིག་གནས་སྤེལ་རེས་སོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལོ་རྒྱུས་ཀྱི་ཐོག་ནས“ལམ་གཉིས”འཕེལ་རྒྱས་ཀྱི་འབྱུང་ཁུངས་ལ་ཇི་ལྟར་བལྟ་དགོས་སམ།

ཚེ་རིང་འགྱུར་མེད། གནའ་རྫས་རྟོག་ཞིབ་ལས་ཀྲུང་གོའི་ཏུང་ཧན་ཝེ་ཅིན་དུས་སྐབས་སུ་གནའ་བོའི་བོད་རིགས་དང་གནའ་བོའི་རྒྱ་རིགས་གཉིས་སྐམ་སའི་ཉོ་ཚོང་བགྲོད་ལམ་བརྒྱུད་ཚོང་ཟོག་བརྗེ་རེས་བྱེད་ཀྱི་ཡོད་པ་ཤེས་རྟོགས་དང་ར་སྤྲོད་བྱུང་ཡོད། སྐམ་སའི་ཉོ་ཚོང་བགྲོད་ལམ་དེར་ད་ལྟའི་རིག་གཞུང་ལས་རིགས་ཀྱིས“མཐོ་བོད་ཀྱི་དར་གོས་ལམ་བུའམ”ཡང་ན“ས་མཐོའི་དར་གོས་ལམ་བུ”ཞེས་བརྗོད་ཀྱི་ཡོད། དེ་ནི་མཚོ་བོད་ས་མཐོ་དང་ཀྲུང་ཡོན་དབུས་ཁུལ་འབྲེལ་མཐུད་བྱེད་སྔ་ཤོས་ཀྱི“འགྲོ་ལམ”ཞིག་ཡིན་ཞིང་། ང་ཚོས“ས་མཐོའི་དར་གོས་ལམ་བུ”དེ“ལམ་གཉིས”ཀྱི་དུས་མཚམས་དང་པོར་བརྩི་ཆོག་གི་ཡོད།

སྤྱི་ལོ་དུས་རབས་བདུན་པ་ནས་བཟུང་། ཀྲུང་ཡོན་གྱི་རྒྱ་རིགས་ས་ཁུལ་དུ་ཐང་རྒྱལ་རབས་ཀྱི་དར་རྒྱས་ཆེ་བའི་དུས་རབས་བསུས་ཡོད་ལ། མཚོ་བོད་མཐོ་སྒང་ཡང་བོད་བཙན་པོའི་དུས་རབས་སུ་སླེབས་ཤིང་། ཐང་རྒྱལ་རབས་ཀྱི་ཝུན་ཤིང་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་སྔ་རྗེས་སུ་བོད་དུ་མནའ་མར་ཕེབས་པ་དང་བོད་བཙན་པོའི་སྐུ་དྲག་གི་བུ་ཕྲུག་ཀྱང་ཐང་རྒྱལ་རབས་ཀྱི་སློབ་གསོ་དོ་དམ་ཁང་དུ་སློབ་སྦྱོང་ལ་བསྐྱོད་པ་མཚོན་རྟགས་གལ་ཆེན་དུ་བྱས་ཏེ། མཚོ་བོད་མཐོ་སྒང་དང་ཀྲུང་ཡོན་དབུས་ཁུལ་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་མང་པོའི་ཐད་ཕྱོགས་ཡོངས་ནས་སྤེལ་རེས་དང་མཉམ་འདྲེས་ཀྱི་སྔར་བྱུང་མྱོང་མེད་པའི་དུས་རབས་ཤིག་བསུས་ཡོད་ལ། གནའ་བོའི་བོད་པ་དང་གནའ་བོའི་ཐང་རྒྱལ་རབས་ཀྱི་མིས“ཐང་བོད་གནའ་ལམ”ཐུན་མོང་ཐོག་བཏོད་ཅིང་། དེ་ནི“ལམ་གཉིས”ལོ་རྒྱུས་ཀྱི་དུས་མཚམས་གཉིས་པ་རེད།

སྤྱི་ལོའི་དུས་རབས་བཅུ་གསུམ་པར། བོད་ལྗོངས་འདི་ཉིད་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྱུར་ཅིང་། དབུས་གཙང་དང་ཡོན་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་གི་རྒྱལ་སའི་དབར་རྒྱུན་ཆད་མེད་པར“ས་ཚིགས”བཙུགས་པ་དང་། ཡོན་རྒྱལ་རབས་ཀྱི“ས་ཚིགས”ཀྱིས་ཀྲུང་དབྱང་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་དབར་གྱི་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པའི་འབྲེལ་ཟམ་དང་སྒྲོག་ཐག་གི་ནུས་འགན་འཁུར་ཞིང་། ཡོན་རྒྱལ་རབས་ཀྱི“ས་ཚིགས”ནི“ལམ་གཉིས”ལོ་རྒྱུས་ཀྱི་དུས་མཚམས་གསུམ་པ་རེད།

སྤྱི་ལོ་དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ། ཀྲུང་གོ་གསར་པ་དབུ་བརྙེས་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་པ་དང་། བོད་ལྗོངས་ལའང་ཞི་བས་བཅིངས་འགྲོལ་མྱུར་དུ་ཐོབ་སྟེ་ཞིང་བྲན་ཁྲི་ཚོ་བརྒྱ་དམངས་གཙོའི་སྒྱུར་བཅོས་བརྒྱུད་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཡོད་ལ། མཚོ་བོད་མཐོ་སྒང་དང་མེས་རྒྱལ་གྱི་ཞིང་ཆེན་གཞན་དག་དབར་འབྲེལ་མཐུད་བྱེད་པའི་མཚོ་བོད་གཞུང་ལམ་དང་སི་ཁྲོན་གཞུང་ལམ་ཡུན་རིང་མ་སོང་བར་བསྐྲུན་ཟིན་ཏེ་རླངས་འཁོར་ཤར་གཏོང་ཐུབ་པས། “ལམ་གཉིས”ལས་བོད་རིགས་མི་དམངས་ཚོར་རླབས་ཆེན་མེས་རྒྱལ་གྱི་དོ་ཁུར་དང་གཅེས་སྐྱོང་ཚོར་ཐུབ་ཡོད་ཅིང་། མཚོ་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་ནི“ལམ་གཉིས”ལོ་རྒྱུས་ཀྱི་དུས་མཚམས་བཞི་པར་བརྩི་ཆོག་གི་ཡོད།

གསར་འགོད་པ། “ལམ་གཉིས”ནི་རིག་གནས་ཀྱི་ལམ་བུ་དང་། འབྲེལ་གཏུག་གི་ལམ་བུ། དམངས་སེམས་ཀྱི་ལམ་བུ་བཅས་ཡིན་ཞིང་། ཁྱེད་ཀྱིས་རིག་གནས་ཀྱི་ངོས་ནས“ལམ་གཉིས”འཛུགས་སྐྲུན་བྱས་པ་དེས་ལམ་རྒྱུད་ས་ཁུལ་གྱི་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་སྐོར་གླེང་རོགས།      

ཚེ་རིང་འགྱུར་མེད། སྔ་དུས་ཀྱི“ས་མཐོའི་དར་གོས་ལམ་བུ”དང“ཐང་བོད་གནའ་ལམ” “ཡོན་རྒྱལ་རབས་ཀྱི་ས་ཚིགས”བཅས་ལས་མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་རིགས་ཚོར་ཀྲུང་ཡོན་གྱི་རྒྱ་རིགས་ས་ཁུལ་གྱི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་དང་སྔོན་ཐོན་རིག་གནས་ཚོར་ཐུབ་པ་བྱུང་ཡོད་ལ། བོད་རིགས་ཀྱིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཁག་གི་དངོས་པོའི་ཐོན་རྫས་དང་བསམ་པའི་རིག་གནས་གོམས་སྲོལ་ཤེས་རྟོགས་དང་ངོས་འཛིན་ཐུབ་པ་བྱུང་ཡོད། ཀྲུང་གོ་གསར་པའི་དེང་རབས་ཅན་གྱི“མཚོ་བོད་གཞུང་ལམ”དང“ཁྲོན་བོད་གཞུང་ལམ”ཤར་གཏོང་ཐུབ་པ་ལས་བོད་རིགས་མི་དམངས་ཀྱིས་དེང་རབས་ཞིང་ལས་དང་། དེང་རབས་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། དེང་རབས་སློབ་གསོ། དེང་རབས་འཕྲོད་བསྟེན་སོགས་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་དང་དེང་རབས་ཀྱི་འཚོ་བ་སྐྱེལ་སྟངས་ཉམས་ལེན་དང་ལོངས་སྤྱོད་ཐུབ་ནས། བོད་རིགས་མི་དམངས་དང་ཀྲུང་གོ་གསར་པའི་མི་རིགས་གཞན་ལྔ་བཅུ་ང་ལྔའི་སྤུན་ཟླ་མིང་སྲིང་དབར་དཔུང་པ་མཉམ་གཤིབ་དང་གཅིག་སེམས་གཅིག་འབྲེལ་གྱིས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཤིག་གྲུབ་ཡོད། “ལམ་གཉིས”ཀྱི་མི་འགྲུལ་དང་། ཟོག་འགྲུལ། འཕྲིན་འགྲུལ་བཅས་ཀྱི་འདེགས་སྐྱོར་ཤུགས་ཆེན་ལས་བོད་ལྗོངས་འདི་ཉིད་མེས་རྒྱལ་གྱི་ས་གནས་གཞན་དང་མཉམ་དུ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ལ། བོད་ལྗོངས་འདི་ཉིད་མེས་རྒྱལ་གྱི་ས་གནས་གཞན་དང་མཉམ་དུ་ཕྱུག་པོ་ཆགས་པ་དང་སྟོབས་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་བསུས་ཏེ། བོད་རིགས་མི་དམངས་ཀྱིས་ཆབ་སྲིད་དང་། རིག་གནས། དཔལ་འབྱོར་སོགས་ཁྱབ་ཁོངས་ཁག་ནས་ཀྲུང་གོའི་མི་རིགས་ཁག་གི་སྤུན་ཟླ་ཚོ་དང་ལས་དབང་གཅིག་མཐུན་ཚོགས་པ་གྲུབ་པ་མ་ཟད། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལམ་བུར་ཡང་བསྐྱོད་ཡོད། 

གསར་འགོད་པ། གནའ་དེང་གི་ཀྲུང་གོ་དང་ཕྱི་རྒྱལ་ཚང་མར་འགྲོ་ལམ་གྱིས་རིག་གནས་བརྒྱུད་སྤེལ་ལ་སྨྱན་བྱེད་གལ་ཆེན་མཁོ་འདོན་བྱས་ཡོད། “ལམ་གཉིས”མཚོན་བྱེད་སུ་བྱེད་པའི་བོད་ལྗོངས་ཀྱི་དེང་རབས་འགྲིམ་འགྲུལ་འཛུགས་སྐྲུན་གྱིས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་ཐད་ཐོན་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཇི་ལྟར་ལེན་དགོས་སམ།

ཚེ་རིང་འགྱུར་མེད། “ལམ་གཉིས”མཚོན་བྱེད་དུ་བྱེད་པའི་བོད་ལྗོངས་ཀྱི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་བསྐྲུན་པ་དེས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཐད་གོ་སྐབས་གསར་པ་ཐོབ་ངེས་རེད། ཀྲུང་གོའི་བོད་འབྲེལ་ས་ཁུལ་གྱི་རིག་གནས་མིང་བྱང་ཞིག་ཡིན་པའི་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདི་ཉིད་མཚོ་བོད་མཐོ་སྒང་ནས་མགྱོགས་མྱུར་ཐོན་ཏེ་ཀྲུང་གོའི་ས་ཕྱོགས་གང་སར་དང་འཛམ་གླིང་ས་གནས་ཁག་གི་རིག་གནས་གླིང་དུ་མངོན་ནས། ཀུན་གྱིས་ཤེས་པ་མ་ཟད་སྔོན་ལ་མྱོང་རོལ་བྱེད་པའི་རིན་ཐང་ཆེན་པོ་ལྡན་པའི་རིག་གནས་ཤིག་ཏུ་གྱུར་ཡོད། འཛམ་གླིང་ས་གནས་ཁག་གི་མི་རྣམས་ཀྱིས་བོད་ལྗོངས་དེང་རབས་ཅན་གྱི་འགྲིམ་འགྲུལ་དྲ་བ་བརྒྱུད་བོད་ལྗོངས་སུ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མྱོང་རོལ་དང་ཉམས་ལེན་བྱེད་པར་ཡོང་གི་ཡོད་པས། དེའི་ཡིད་དབང་འཕྲོག་ཤུགས་དང་རིན་ཐང་ཆེན་པོ་སླར་ཡང་མངོན་ནས་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་རྩ་ཆེའི་རིག་གནས་ཀྱི་ཐོན་ཁུངས་ཤིག་ཏུ་ཐད་ཀར་གྱུར་ཡོད། བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་རིག་གནས་ཀྱི་མཛེས་ལྗོངས་དང་། བསམ་བཀོད་ཐོན་རྫས། རིག་རྩལ་འཁྲབ་སྟོན། རིག་གནས་རོལ་རྩེད་སོགས་ཀྱི་རྣམ་པའི་ཐོག་ནས་མི་རྣམས་ཀྱི་མིག་ལམ་དུ་མངོན་ནས། མི་རྣམས་ལ་སྤུས་ཚད་མཐོ་བའི་དངོས་པོ་དང་བསམ་པའི་ལོངས་སྤྱོད་ཅིག་སྦྱིན་ཡོད་ལ། དེའི་རྒྱུན་འཛིན་དང་ཁྱབ་སྤེལ་ཐད་ལའང་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་ཞིག་མངོན་ངེས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号