རྒྱུན་ལྡན་གྱི་བཟའ་བཏུང་ཁྲོད། ཟས་རིགས་འདི་དག་མཁལ་མའི་བདེ་ཐང་ལ་ཕན་པ་མང་པོ་ཡོད་པས། རྒྱུན་དུ་ཟོས་ན་མཁལ་མ་ཉམས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།  

གཅིག སྔོ་ཚལ་དང་སིལ་ཏོག་གསར་བ།

ཀུ་ཤུ་ལ་ཤིང་ཏོག་སྤྱིན་འདུས་པས། རྒྱུ་མའི་ནུར་འགུལ་ལ་སྐུལ་འདེད་དང་དུག་རྒྱུ་བསྡུ་ལེན་ཇེ་ཉུང་དུ་བཏང་སྟེ། མཁལ་མའི་དུག་འབུད་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ། 

ཚ་ལུ་མ་དང་ལེ་མོན་སོགས་ཚ་ལུ་མའི་རིགས་ཀྱི་སིལ་ཏོག་ལ་འཚོ་རྒྱུCདང་ཐོན་སེར་རིགས་འདུས་པས། དབྱང་འགྱུར་འགོག་པའི་ནུས་པ་ལྡན། དེས་མཁལ་མའི་ཕྲ་ཕུང་ལ་རང་དབང་རྨང་གི་གནོད་སྐྱོན་མི་ཐེབས་པར་སྲུང་སྐྱོབ་བྱེད་པ་དང་། ཚ་ནད་ཀྱི་འགྱུར་འབྱུང་ཇེ་ཆུང་དུ་གཏོང་བ། མཁལ་མའི་ཁྲག་རྩའི་བདེ་ཐང་སྲུང་སྐྱོབ་བྱེད་པ་བཅས་ཀྱི་གོ་ཆོད་ཐུབ་པས། མཁལ་མ་ཉམས་པའི་ནད་འབྱུང་ཚད་ཇེ་ཆུང་དུ་གཏོང་ཐུབ། 

སྔོ་ཚལ་ཁྲོད་ཀྱི་མེ་ཚོད་ལྗང་ཁུ་དང་ཚོད་སྣག་སོགས་ལ་འཚོ་རྒྱུ་དང་གཏེར་རྫས། བཟའ་བཅའི་ཚི་སྣ་བཅས་འདུས་ཤིང་། དེའི་ནང་གི་དབྱང་འགྱུར་འགོག་རྫས་དང་རྩི་ཤིང་གི་རྫས་འགྱུར་དངོས་རྫས་ཀྱིས་མཁལ་མ་ཚི་སྣ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་ཚོད་འཛིན་བྱས་ནས། མཁལ་མའི་རང་ཉིད་ཉམས་གསོ་བྱེད་པའི་ནུས་པ་ཇེ་ཆེར་བཏང་སྟེ། མཁལ་མའི་བྱེད་ལས་བརྟན་པོ་རྒྱུན་འཁྱོངས་བྱེད་ཐུབ།   

གཉིས། འབྲུ་རིགས་དག་མའི་རིགས།

ཡུག་པོ་དང་འབྲས་རྩིང་ལྟ་བུའི་འབྲུ་རིགས་དག་མའི་ཟས་རིགས་ནི་འབྲུ་རིགས་སྤུས་དག་དང་བསྡུར་ན་འཚོ་བཅུད་ཀྱི་གྲུབ་ཆ་དེ་བས་མང་པོ་ཉར་ཚགས་བྱས་ཡོད། དཔེར་ན་འཚོ་རྒྱུBརིགས་དང་མཱེ། ལྕགས་སོགས་ལྟ་བུ། དེ་དག་གིས་ཁྲག་ཧྭགས་ཀྱི་ཆུ་ཚད་སྙོམ་སྒྲིག་བྱས་ཏེ། ཁྲག་ཧྭགས་མཐོ་བའི་དབང་གིས་མཁལ་མའི་ཁྲག་རྩ་ཕྲ་མོ་ལ་གནོད་པ་ཇེ་ཆུང་དུ་གཏོང་ཐུབ་པར་མ་ཟད། ད་དུང་ཁྲག་ཚིལ་ཇེ་དམའ་དང་མཁལ་མའི་ཁྲག་རྩ་འཇམ་འདྲའི་སྲ་འགྱུར་གྱི་ཉེན་ཁ་ཇེ་ཆུང་དུ་བཏང་སྟེ།  མཁལ་མ་ལ་བདེ་ཐང་གི་ཁྲག་འཁོར་རྒྱུག་ཁོར་ཡུག་ཅིག་བསྐྲུན་ནས། མཁལ་མ་ཉམས་པའི་འཕེལ་རིམ་ལ་སྔོན་འགོག་བྱེད་ཐུབ།    

གསུམ། ཉ་ཤའི་རིགས། 

སན་ཝུན་ཉ་དང་འཕང་གཟུགས་ཉ་སོགས་ལ་སྤུས་ལེགས་སྤྲི་དཀར་རྫས་དང་ཚད་མ་ལོངས་པའི་ཚིལ་སྐྱུར་དང་། ལྷག་པར་དུ་ཨོའུ་སྨི་ཀ-3ཚིལ་སྐྱུར་འདུས་པས། ཚ་ནད་འགོག་པའི་ཁྱད་གཤིས་ལྡན། དེས་མཁལ་མའི་ཚ་ནད་ཇེ་ཆུང་དུ་གཏོང་བ་དང་། སྤྲི་དཀར་གཅིན་འབྱུང་བ་ཇེ་ཆུང་དུ་གཏོང་ཐུབ། དུས་མཚུངས་སུ་ཁྲག་ཤེད་དང་ཁྲག་ཚིལ་ཇེ་དམའ་རུ་གཏོང་བ་དང་། མཁལ་མའི་ཁྲག་རྒྱུན་སྒུལ་ཤུགས་རིག་པ་ལེགས་བཅོས་བྱས་ཏེ། མཁལ་མ་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཐོན་ཐུབ། ཡུན་རིང་ལ་ཟོས་ན། ནུས་ལྡན་ངང་མཁལ་མ་ཉམས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།  

ཟས་རིགས་འདི་དག་ལུགས་མཐུན་ངང་རྒྱུན་ལྡན་གྱི་བཟའ་བཏུང་ནང་བཅུག་ནས་བདེ་ཐང་གི་བཟའ་བཏུང་གོམས་གཤིས་ཆགས་པར་བྱས་ཚེ། མཁལ་མའི་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ་མཁལ་མ་ཉམས་པའི་ཉེན་ཁ་དང་རིང་དུ་གྱེས་ཐུབ།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号