ཉལ་ནས་ཁ་པར་ལ་བལྟས་ན་མིག་ལ་གནོད་པ་མ་ཟད་ལུས་ཀྱི་བདེ་ཐང་ལའང་གནོད་པ་ཆེ།ཉལ་ནས་ཁ་པར་རྩེ་བ་ནི་མི་མང་པོ་ཞིག་གི་ངལ་གསོ་བྱེད་སྟངས་ཤིག་ལ་ཆགས་ཡོད་པ་མ་ཟད། དགོང་མོར་ཉལ་ནས་ཁ་པར་རྩེ་རྒྱུ་དེའང་མི་མང་པོ་ཞིག་གི་མ་གཉིད་གོང་གི་གོམས་གཤིས་སུ་གྲུབ་ཡོད།ཉེ་སྔོན། རྒྱུན་པར་ཉལ་ནས་ཁ་པར་བ་རྩེས་བས་མིག་གཉིས་པོའི་རྒྱང་འགྲིབ་འཇལ་གྲངས་ཏུའུ་༤༠༠་ཡི་ཁྱད་པར་ཡོད་པའི་གསར་འགྱུར་ཞིག་གིས་མི་མང་པོའི་དོ་སྣང་སློང་ཡོད། མ་གཞི་ནས་རྒྱང་འགྲིབ་ཡོད་པའི་བུད་མེད་ཚའེ་ལགས་ཀྱིས་ཉེ་ལམ་མིག་ཤེལ་གྱོན་ཀྱང་རབ་རིབ་ལས་མ་མཐོང་པས་བརྟག་དཔྱད་བྱས་རྗེས་མོའི་རྒྱང་འགྲིབ་འཇལ་གྲངས་ཇེ་མཐོ་རུ་ཕྱིན་ཡོད་པ་མ་ཟད། མིག་གཉིས་ཀྱི་འཇལ་གྲངས་ལ་ཏུའུ་༤༠༠ཡི་ཁྱད་པར་ཡོད་པ་རེད། ཉལ་ནས་ཁ་པར་རྩེ་བ་ཡིན་ན་མིག་ལ་གནོད་པ་མ་ཚད་ལུས་ཀྱི་བདེ་ཐང་ལ་གནོད་པ་ཆེ།མིག་ནད་སྨན་པས་འགྲེལ་བཤད་བྱས་པར་ལྟར་ན་བུད་མེད་ཚའེ་ལགས་ཀྱི་མིག་ཤུགས་འཇལ་གྲངས་ཏུའུ་༤༠༠ཡི་ཁྱད་པར་ཤོར་བ་ནི་ལྷན་སྐྱེས་ཀྱི་སྐྱོན་ཆ་ཁོ་ན་ཙམ་མ་ཡིན་པར་གཙོ་བོ་ཉལ་ནས་ཁ་པར་རྩེ་བའི་རྐྱེན་གྱིས་ཡིན་པ་བསྟན།ཉལ་ནས་ཁ་པར་རྩེ་བ་ཡིན་ན་མིག་ལ་གནོད་སྐྱོན་ཤོར་བ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་རེད། ཝུའུ་ཧན་སློབ་ཆེན་གྱི་ཁོངས་གཏོགས་ཨའེ་ཨེར་མིག་ནད་ཚན་ཁག་སྨན་ཁང་གི་ཀྲུའུ་རེན་གཞོན་པ་ཞེ་ཞིའུ་ལི་ཡིས་མིག་ཁ་ཡའི་མཐོང་ཤུགས་ཀྱི་འཇལ་གྲངས་ཏུའུ་༥༠༠་ཡིན་པ་དང་མིག་གཞན་དེའི་མཐོང་ཤུགས་རྒྱུན་ལྡན་ཡིན་པའི་ནད་པ་ཞིག་ལ་སྨན་བཅོས་བྱས་མྱོང་ཡོད་མོད། མོས་དེ་ནི་འཁྱོག་འཕྲོའི་ཁྱད་པར་གྱི་སྣང་ཚུལ་ཞིག་ཡིན་ལ། མིག་གཉིས་ཀྱི་མཐོང་ཤུགས་འཇལ་གྲངས་ཏུའུ་༥༠༠་ཡི་ཁྱད་པར་འགྲོ་བ་ནི་ལྷན་སྐྱེས་ཀྱི་རྒྱུ་རྐྱེན་ཙམ་མ་ཡིན་པར་གཙོ་བོ་ཉལ་ནས་ཁ་པར་བལྟས་པའི་རྐྱེས་གྱིས་ཡིན་པ་བཤད། གང་ཡིན་ཟེར་ན་གཞོགས་ཉལ་བྱེད་ནས་ཁ་པར་ལྟ་དུས་མིག་གཉིས་པོས་ཁ་པར་ལྟ་བའི་བར་ཐག་གཅིག་པ་མིན་ལ། ཡུན་རིང་པོ་ཆགས་ན་རྒྱང་འགྲིབ་ཡོད་པའི་མིག་དེའི་ཏུའུ་ཚད་འཇལ་གྲངས་ཇེ་མཐོར་འགྲོ་བ་དང་། མིག་གཞན་དེ་མཐོང་ཤུགས་རྒྱུན་ལྡན་དུ་གནས་གཞིན་ཡོད་པ་བཤད།ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅི་གསོ་རིག་སློབ་གླིང་གི་ཁོངས་གཏོགས་ཐུང་ཅི་སྨན་ཁང་གི་མིག་ནད་འཁྱོག་འཕྲོ་ལྟེ་གནས་ཀྱི་ཀྲུའུ་རེན་སྨན་པ་ལི་ཤིན་ཡུས་ཀྱིས་གཞོགས་བསྙེས་བྱས་ནས་ཉལ་བའི་ཕྱོགས་ཀྱི་མིག་དེ་ཁ་པར་དང་མཐོང་ཐག་ཉེ་བའི་རྐྱེན་གྱིས་མིག་ལ་ངལ་དུབ་ཕོག་ནས་མཐོང་ཤུགས་ཇེ་སྡུག་འགྲོ་གི་ཡོད་པ་རེད་ཟེར།ཞིབ་འཇུག་མང་པོ་ཞིག་ལས་མངོན་པར་ལྟར་ན། དུས་ཡུན་རིང་པོ་ཞིག་ལ་ཁ་པར་ལ་ལྟ་བ་དང་ལྷག་པར་དུ་ཉལ་ནས་ཁ་པར་བལྟས་ན་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཚད་མི་འདྲ་བའི་གནོད་འཚེ་ཐེབས་ཀྱི་ཡོད་པ་རེད།༡ མིག་ལོང་བའི་ནད།༼དབྱིན་ཀེ་ལན་གསར་པའི་གསོ་རིག་དུས་དེབ༽ཐོག་སྔོན་ཆད་མུན་ནག་ནང་དུ་གཞོགས་ཉལ་བྱས་ནས་ཁ་པར་བལྟས་པའི་རྐྱེན་གྱིས་མིག་ནད་རིགས་གཉིས་བྱུང་བ་ཟིན་ཐོ་བཀོད་ཡོད། མིག་གཉིས་ཀྱིས་འཆར་ཤེལ་ངོས་ཀྱི་གསལ་ཚད་ལ་འཕྲོད་ཐབས་བྱེད་དགོས་པས། མིག་གཉིས་པོའི་མཐོང་ཚོར་ཀྱི་ཕྲ་ཕུང་ནང་གི་འོད་ཚོར་མདོག་རྒྱུ་དེ་ཚད་མི་འདྲ་བའི་སྟེང་ནས་ཡལ་འགྲོ་བའི་རྐྱེན་གྱིས་རིག་ནུས་ཁ་པར་གྱིས་སློང་པའི་ལོང་ནད་དང་། མིག་རྩ་སྐམ་པོ་ཆགས་པ། མཐོང་སྣང་རབ་རུབ་གྱུར་བ། ད་དུང་གནས་སྐབས་ཀྱི་མིག་ལོང་བ་སོགས་ཀྱི་ནད་རྟགས་འབྱུང་གི་ཡོད་པ་རེད།༢ གཉན་ཚད་སློང་བ།ཉལ་ནས་ཁ་པར་བལྟས་ན། མིག་རྩར་ཁྲག་རྒྱས་ནས་མིག་གི་སྐྱི་ཤུན་རྩ་བ་དང་ཁྲག་རྩའི་ནང་ཁྲག་ཅུང་རྒྱུག་པ་དང་། སྐྱི་ཤུན་གཉན་ཚད་ཀྱི་དལ་ནད་འབྱུང་སླ་བ། ད་དུང་མིག་གིས་སྲ་གཏད་ནས་བལྟས་པ་ཡུན་རིང་སོང་ན་མིག་ནད་སྐམ་ཚག་སོགས་ཀྱི་མིག་ནད་འབྱུང་ཉེན་ཡོད།༣ མིག་ཡོན་སློང་ཉེན་ཆེ་བ།ཐག་ཉེ་ས་ནས་མིག་གིས་ལྟ་དུས་མིག་གཉིས་ཀས་རྟག་ཏུ་དཀྱིལ་ཕྱོགས་སུ་ལྟ་དགོས་པ་དང་དེ་ལ་མིག་གཟི་ལོག་ཟེར་བ་རེད། ཡུན་རིང་པོར་ཐག་ཉེ་སར་ལྟ་ཆེ་ན།༼གཟི་ལོག༽མིག་འབྲས་ཕྱི་ངོས་ཀྱི་ཤ་གནད་ཐང་ཆད་འགྲོ་གི་ཡོད་པས་ཡུན་རིང་འགོར་རྗེས་གཅིག་མཐུན་རང་བཞིན་གྱི་ནང་རོལ་མིག་འབྲས་ལ་གནོདསྐྱོན་ཐེབས་སྲིད། དེར་བརྟེན་ཁ་པར་རྩེ་བའམ་ལྟ་རྒྱུ་མང་དྲག་ན་མིག་ཡོན་འགྲོ་བའི་ཉེན་ཁ་ཡོད་པ་རེད།༤ རྐེད་ཚིགས་ལ་གནོད་པ་ཆེ་བ། ཉལ་ཁྲིའི་མགོ་ལ་བསྙས་པའམ། གཞོགས་ཉལ་བྱས་ནས་ཁ་པར་བལྟས་ན་སྐེ་ཚིགས་དང་སྒལ་ཚིགས་ལ་གནོན་ཤུགས་འབྱུང་བ་དང་དུས་ཡུན་རིང་སོང་ན་ལག་པ་སྦྲིད་པ་དང་། སྐེ་མཁྲེགས་པོ་ཆགས་པའམ་སྒལ་ཚིགས་གཟེར་ཟུག་སློང་བ། དེ་མིན་མགོ་ཡུར་འཁོར་བ་སོགས་སྒལ་རུས་ནད་རིགས་འབྱུང་ཉེན་ཆེ་བ་རེད།༥ མིག་ལ་མས་ལྕིབས་མགྱོགས་པོར་ཆགས་པ།མིག་གིས་སྲ་གཏད་ནས་ཡུན་རིང་ལྟ་ཆེ་ན་མིག་ཟུར་གྱི་ཤ་གནད་ངལ་དུབ་བྱུང་ནས་མིག་མཐའི་ཁྲག་གི་འཁོར་སྐྱོད་ལ་གནོད་པ་ཆེ་བས་མིག་མཐའི་ཚི་བ་དང་ཤ་གནད་ལྷོད་དུ་སོང་ནས་མིག་གི་མས་ལྕིབས་ཆགས་ཉེན་ཡོད།༦ ལག་པའི་ཚིགས་མཁྲེགས་པོར་འགྱུར་ཉེན་ཡོད།ཁ་པར་སྤྱོད་དུས་མཐེ་བོང་ཡུན་རིང་བཀོལ་དགོས་པ་དང་། ལག་མཐིལ་ཡོངས་ཀྱི་ཤུགས་ཡུན་རིང་ཕྱུང་དགོས་པས་ལག་པའི་མཁྲིག་མ་ལ་གནོད་པ་ཆེ་བ་མ་ཟད། ཆུ་ལེབ་གོར་མོའི་གཉན་ཚད་སློང་ཉེན་ཆེ། ད་དུང་མཛུབ་མོ་དང་། ལག་པའི་མཁྲིག་མ་ལ་ན་ཟུག་སློང་བ་དང་རྩ་འཁུམ་འབྱུང་ཉེན་ཡོད།༧ སྐྱེ་དངོས་འཁོར་འགྲོས་རྙོག་ཏུ་འགྲོ་བ། ཨོ་སི་ཁྲུ་ལི་ཡའི་ཞིབ་འཇུག་མི་སྣས་མཚན་འཁྱོངས་བྱས་ནས་ཁ་པར་ལྟ་བ་སོགས་མཚན་མོའི་འོད་ཟེར་གྱིས་སྐྱེ་དངོས་དུས་ཟིན་ལ་འགྱུར་བ་གཏོང་གི་ཡོད་པས་ནད་རིགས་མང་པོའི་འབྱུང་རྐྱེན་སློང་བ་བསྟན།ཁ་པར་ཡུན་རིང་སྤྱོད་སྐབས་མིག་གི་གནོད་པ་ཆུང་ཐབས་ཇི་ལྟར་བྱ་དགོས།ཁ་པར་ནི་སྤྱི་ཚོགས་ལས་དོན་དང་། འབྲེལ་གཏུག་བྱེད་པར་མེད་དུ་མི་རུང་བའི་སྤྱོད་ཆས་ཤིག་ཡིན་ཀྱང་ཚན་རིག་དང་མཐུན་པར་བཀོལ་སྤྱོད་བྱ་རྒྱུ་ནི་ཧ་ཅང་གལ་ཆེ།མུན་ནག་ཡིན་ས་ནས་ཁ་པར་མི་ལྟ་བ།༡ ཁ་པར་ལྟ་སྐབས་ཁང་པའི་ནང་ལ་གསལ་ཚད་ལེགས་པོ་ཡོད་དགོས།ཉལ་ཁྲིའི་མགོ་རུ་གློག་འོད་ཕྱེ་དགོས། མིག་དང་ཁ་པར་གཉིས་ཀྱི་བར་ཐག་ལི་སྨི་༣༠ཙམ་ཡོད་དགོས།༢ དུས་ཚོད་གཅིག་གི་ཚད་བཀག་གཏན་འཁེལ་བྱ་དགོས།སྤྱོད་ཐེངས་སམ་ལྟ་ཐེངས་རེ་ལ་སྐར་མ་༡༥ཡན་ལས་བརྒལ་མི་རུང་། ཀློག་འབྲི་བསྟུད་མར་བྱེད་དུས་མིག་སྤྱོད་པའི་དུས་ཚོད་སྐར་མ་༤༠ལས་བརྒལ་མི་རུང་། ལྟ་ཐེངས་སྐར་མ་༤༠ཡས་མས་ལ་ངལ་གསོ་སྐར་མ་༡༠རེ་བྱ་དགོས། མིག་འཁོར་ནས་ལྟ་ན་ལེགས་པ་དང་། ཉིན་ལྟར་གཉིད་མ་ཉལ་གོང་དང་གཉིད་སད་རྗེས། མིག་རུལ་གཡས་འཁོར་གཡོན་འཁོར་ཐེངས་༣༦ཙམ་བྱ་དགོས།༣ གཞོགས་ཉལ་དང་ཁ་བུབ་ཉལ་ནས་ཁ་པར་ལྟ་མི་ཉན། ཉལ་ཁྲིའི་མགོ་ལ་རྟེན་སའི་སྔས་གདན་ཞིག་བཞག་པ་དང་། འདུག་སྟངས་དྲང་པོར་བྱེད་ནས་ལྟ་དགོས་པ་ལས་གཞོགས་ཉལ་དང་ཁ་བུབ་ཉལ་ནས་ཁ་པར་ལྟ་ན་མི་ལེགས།༤ རྣ་ཉན་གྱོན་དུས་སྒྲ་ཚད་༦༠་ལས་མཐོ་མི་ཉེན་ལ་བཀོལ་སྤྱོད་དུས་ཚོད་སྐར་མ་༦༠ལས་མི་བརྒལ་དགོས་རུང་།༥ ཁ་པར་ལ་ལྟ་དུས་མིག་ཤེལ་ཕུད་མི་ཉན། ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་མིག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཅེ་ཁྲོན་ཧུང་གིས་མི་ཁ་ཤས་མིག་ཤེལ་ཕུད་ནས་ཁ་པར་ལ་བལྟ་རྒྱུར་དགའ་པོ་ཡོད་མོད། འོན་ཀྱང་དེ་ལྟར་བྱས་ན་ཤེས་ཚོར་མེད་པར་མིག་གིས་ལྟ་དུས་འཆར་ཤེལ་དང་ཐག་ཇེ་ཉེ་་རུ་འགྲོ་བས། མིག་གི་ངལ་དུབ་ཇེ་ཆེར་འགྲོ་སྲིད། མིག་ཤེལ་གྱོན་དགོས་ལ་ཁ་པར་གྱི་འཆར་ཤེལ་དང་བར་ཐག་རིང་ཅུང་ཙམ་ཕྱེས་ན་ལེགས་ཟེར།