ཟས་རིགས་འདི་དག་ཕྲུ་གུར་སྟེར་མི་རུང་།
ཁྱིམ་བདག་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ། བཟའ་བཏུང་མང་པོ་ཞིག་བྱིས་པས་ཟོས་ན་བདེ་ཐང་ལ་གནོད་འཚེ་ཕོག་གིན་ཡོད་ཅིང་། རྒྱུན་དུ་ང་ཚོའི་ཉེ་འགྲམ་དུ་གནོད་འཚེ་ཕོག་པའི་གནས་ཚུལ་ཡང་ཡང་ཐོན་བཞིན་ཡོད། དེར་བརྟེན་ཡིད་སྐྱོ་དགོས་པའི་གནས་ཚུལ་དེ་འདྲ་ཡང་བསྐྱར་མི་ཐོན་པའི་ཆེད་དུ་ཕ་མ་ཚོས་དོ་སྣང་ཆེན་པོ་བྱེད་དགོས་ལ་ཉེ་འཁོར་གྱི་མིར་དྲན་སྐུལ་བྱས་ཏེ། ཟས་རིགས་འདི་དག་ཕྲུ་གུར་སྟེར་མི་རུང་།
གཅིག ཆང་དང་ཆང་བཅུད་འདྲེས་པའི་ཟས་རིགས། བྱིས་པའི་མཆིན་པའི་དུག་སེལ་ནུས་པ་བལྟོས་བཅས་ཀྱིས་ཞན་པས། གལ་ཏེ་ཆང་འཐུང་བའམ་ཡང་ན་འཐུང་དྲགས་ན་མཆིན་པར་གནོད་ནས་དྲན་པ་ཐོར་བ་སོགས་ཀྱི་ནད་རྟགས་ལྕི་མོ་ཐོན་སྲིད། ལོ་གསུམ་མན་གྱི་བྱིས་པར་དེ་བས་གནོད་འཚེ་ཆེ་བ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་ཀླད་པར་སྐྱོན་བྱུང་བའམ་ཡང་ན་འཆི་བའི་ཉེན་ཁ་ཡོད།
གཉིས། ཇའི་རིགས། ལོ་དྲུག་མན་གྱི་བྱིས་པས་ཇ་འཐུང་མི་རུང་། ཇའི་ནང་གི་ཁོལ་ཧྥེ་རྒྱུ་སོགས་ཀྱིས་ཕྲུ་གུའི་དབང་རྩའི་མ་ལག་ལ་གནོད་དེ་གཉིད་ཁུག་དཀའ་བ་དང་། གཞན་ཡང་། ཇའི་ནང་གི་ཏན་ཉིང་སྐྱུར་གྱིས་འཇུ་བྱེད་མ་ལག་གི་འབྱར་སྐྱི་འཁུམ་སྲིད།
གསུམ། སྦྲང་རྩི། ལོ་གཅིག་མན་གྱི་ཕྲུ་གུས་སྦྲང་རྩི་ཟ་མི་རུང་། སྦྲང་རྩི་ནི་དུག་སེལ་བྱེད་དཀའ་བའི་ཟས་རིགས་ཤིག་ཡིན་པས། ཕྲུ་གུས་སྦྲང་རྩི་ཟོས་ན་རྒྱུ་ལམ་དང་ནད་འགོག་མ་ལག་ལ་གནོད་པར་མ་ཟད། ཕྲུ་གུའི་དབང་རྩ་དང་དབུགས་ལམ་མ་ལག་སོགས་ཀྱི་བྱེད་ནུས་ཀྱང་ཤོར་སྲིད་པས། དེ་ནི་ཕྲུ་གུའི་ཚེ་སྲོག་དང་ཐད་ཀར་འབྲེལ་བ་ཡོད།
བཞི། བ་དམ་སོགས་མཁྲེགས་འབྲས་རིགས། ཕྲུ་གུའི་མིད་པ་རྦད་དེ་ཡག་པོ་འཚར་མེད་པས། མཁྲེགས་འབྲས་ཀྱི་པགས་པས་མིད་པ་འགག་སླ་བ་རེད།
ལྔ། འོ་བཟོས་ཟས་རིགས་དང་ཐུད་ཟས། གཅིག་ནས་འཇུ་མི་སླ་བས་ཕོ་རྒྱུར་གནོད་པ་དང་། ཕྱོགས་གཞན་ཞིག་ནས་ཕྲུ་གུས་ཟ་དུས་མིད་པ་འགག་ནས་དབུགས་གཏོང་དཀའ་བས། རབ་ཡིན་ན་ལོ་གསུམ་མན་གྱི་ཕྲུ་གུར་ཐུད་ཟས་སོགས་སྟེར་མི་རུང་།
དྲུག ཚྭ་ལྡན་སྔོ་ཚལ་སོགས་བསྙལ་ཟས་ཀྱི་རིགས། བསྙལ་ཟས་རིགས་མང་པོའི་ནང་ཚྭ་མང་པོ་བརྒྱབ་ཡོད་པས། ཕྲུ་གུའི་མཁལ་མར་གནོན་ཤུགས་ཆེན་པོ་བྱུང་ནས། ཕྱིས་སུ་ཕྲུ་གུར་ཁྲག་ཤེད་མཐོ་བ་སོགས་ཀྱི་ནད་ཕོག་སྲིད་པར་མ་ཟད། བསྙལ་ཟས་རིགས་འགའ་ཞིག་ལ་ཚྭ་སྐྱུར་ཕལ་བ་མང་པོ་ཡོད་པས། དེ་ལས་སྐྲན་ནད་ཕོག་སླ་བ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注