མིག་ལ་དུས་ལྟར་བརྟག་དཔྱད་བྱེད་དགོས་པའི་མི་ཚོགས་རིགས་བཞི།
ཉེ་བའི་ལོ་འདི་དག་གི་ལུས་ཕུང་བརྟག་དཔྱད་ལ་བལྟས་ན། མིག་གི་བརྟག་དཔྱད་ནི་མི་རྣམས་ཀྱི་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་འདུག མིག་ནད་ཁ་ཤས་ལ་མཚོན་ན། ནད་རྟགས་གསལ་པོ་མེད་ཀྱང་། དུས་ལྟར་བརྟག་དཔྱད་བྱས་ན། སྔ་མོ་ནས་ནད་གཞི་ངོས་འཛིན་ཐུབ་པར་མ་ཟད། འགོག་བཅོས་ཀྱི་ཐབས་ཤེས་ཀྱང་སྔ་མོ་ནས་བསྟེན་ཆོག་པས། འདིར་དུས་ལྟར་མིག་ལ་བརྟག་དཔྱད་བྱེད་དགོས་པའི་མི་ཚོགས་རིགས་བཞི་དམིགས་སུ་བཏོན་ནས་བརྗོད་པར་བྱ། ཁྲག་ཤེད་མཐོ་བ་དང་ཁྲག་མངར་མཐོ་བའི་ནད་པ།གཅིན་སྙི་ཟ་ཁུའི་ནད་ཀྱིས་གཙོ་བོ་དབང་རྩ་དང་ཁྲག་རྩར་རྨས་པ་བརྒྱུད་མིག་ལ་གནོད་པ་ཡིན། དང་པོའི་དུས་སུ་མིག་གཏིང་གི་ནད་འགྱུར་ལ་ནད་རྟགས་གསལ་པོ་མི་ཐོན་ཡང་། གལ་ཏེ་དུས་ཐོག་ཏུ་སྨན་བཅོས་མ་བྱས་པར་ཡུན་རིང་འགོར་ཚེ། མིག་གི་མཐོང་ནུས་ལ་གནོད་དེ་བཅོས་སྐྱེད་དཀའ་བའི་གནས་སུ་ལྷུང་སྲིད། རིགས1ཅན་གྱི་གཅིན་སྙི་ཟ་ཁུའི་ནད་པ་དར་མ་ལ། རབ་ཡིན་ན་ནད་ངོས་བཟུང་རྗེས་ཀྱི་ལོ5ཡི་ནང་དུ་རྒྱལ་མོ་འདལ་བ་ལ་བརྟག་དཔྱད་ཐེངས་རེ་བྱེད་འོས་ལ། དེ་ནས་ལོ་རེ་བཞིན་ཐེངས་རེ་བརྟག་འོས། གལ་ཏེ་རིགས2ཅན་གྱི་གཅིན་སྙི་ཟ་ཁུའི་ནད་དུ་ངོས་བཟུང་ཚེ། ལམ་སང་མིག་ནད་ལ་བརྟག་དཔྱད་བྱེད་དགོས་པར་མ་ཟད། ལོ་རེ་བཞིན་དུ་མིག་ལ་བརྟག་དཔྱད་བྱེད་འོས། མིག་གཏིང་གི་བརྟག་དཔྱད་མཇུག་འབྲས་ལས་ནད་འགྱུར་ཡང་མོའི་རིགས་ལ་ངོས་བཟུང་ཚེ། ལོ་རེར་བརྟག་དཔྱད་ཐེངས་རེ་བྱེད་དགོས། ནད་འགྱུར་འབྲིང་བའི་རིགས་ལ་ཟླ3ནས6གི་ནང་དུ་བརྟག་དཔྱད་ཐེངས་རེ་བྱེད་དགོས། ནད་འགྱུར་ཚབས་ཆེ་ན་ཟླ3རེའི་ནང་དུ་བརྟག་དཔྱད་ཐེངས་རེ་བྱེད་དགོས།ཁྲག་ཤེད་མཐོ་བའི་ནད་པ་ལ་མཚོན་ནས་བཤད་ན། ཁྲག་ཤེད་ཇེ་མཐོར་སོང་བ་ལས་ལུས་ཡོངས་ཀྱི་འཕར་རྩ་ཕྲ་མོ་ཐམས་ཅད་ལ་ཤན་ཤུགས་ཐེབས་པར་འགྱུར་ལ། དེའི་ནང་དུ་མཐོང་བྱེད་དྲ་སྐྱིའི་འཕར་རྩ་ཕྲ་མོའང་ཡོད་པ་སྨོས་ཅི་དགོས། དེ་མ་ཟད་འཕར་རྩ་དེ་ནི་ཤིན་ཏུ་མཉེན་པས་རབ་ཡིན་ན་ལོ་རེར་བརྟག་དཔྱད་ཐེངས་རེ་བྱས་ན་འགྲིག རྒྱང་འགྲིབ་ནད་པ།རྒྱང་འགྲིབ་ཀྱི་ཚད་ཏུའུ600ལས་བརྒལ་བ་ནི་རྒྱང་འགྲིབ་ཚད་མཐོན་པོར་གཏོགས་པར་མ་ཟད། ཏུའུ་གྲངས་ཇི་ལྟར་མཐོ་ན་མིག་གཏིང་ལ་ནད་འགྱུར་དེ་ལྟར་འབྱུང་སླ་བ་ཡིན། དཔེར་ན་མཐོང་བྱེད་དྲ་སྐྱི་ལྷུང་བ་དང་སེར་ཐིགས་ཕྲལ་ཁུང་སོགས་ལྟ་བུ། གལ་ཏེ་དམིགས་བསལ་གྱི་གནས་ཚུལ་མེད་ན། རྒྱང་འགྲིབ་ཚད་མཐོ་བའི་ནད་པས་ལོ་རེར་མིག་གཏིང་ལ་བརྟག་དཔྱད་ཐེངས་རེ་བྱས་ན་འགྲིགདར་མ་དང་རྒན་པ།ལོ་ན་རྒས་པ་དང་བསྟུན་ནས་མིག་ལའང་ན་ཚོད་རྒས་པ་དང་འབྲེལ་བའི་ནད་གཞི་འགའ་རེ་འབྱུང་བར་འགྱུར། དཔེར་ན་རྒན་པའི་སྐྱ་འགྲིབ་དང་རྒན་པའི་སེར་ཐིགས་ནད་འགྱུར་སོགས་ལྟ་བུ། དེ་བས་རྒན་པ་རྣམས་ཀྱིས་ལོ་རེར་མིག་གཏིང་ལ་བརྟག་དཔྱད་ཐེངས་རེ་བྱེད་དགོས་ཏེ། མིག་གི་ནད་འགྱུར་སྔ་མོ་ནས་ངོས་ཟིན་ན་སྔོག་འགོག་ལ་ཕན་པ་ཡིན།བྱིས་པ་དང་ན་གཞོན།སྐབས་དེ་ནི་མིག་དབང་གི་ནུས་པ་འཚར་སྐྱེ་འབྱུང་བཞིན་པའི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། རྒྱང་འགྲིབ་དང་ཉེ་འགྲིབ། འོད་འགྲེམ་སོགས་འོད་བསྡུ་དཀའ་བའི་གནད་དོན་འབྱུང་སླ་བའི་དུས་ཡིན། དེ་ལས་གཞན། གསེག་བལྟ་དང་དབང་ཚོར་ཞན་པ་སོགས་ཀྱི་མིག་ནད་ཀྱང་བྱིས་པ་འཚར་སྐྱེའི་གོ་རིམ་ཁྲོད་མཐོང་སླ་བའི་མིག་ནད་ཡིན། མིག་ནད་དེ་དག་ལ་དུས་ཐོག་ཏུ་ཡོ་བསྲང་དང་གསོ་བཅོས་མ་ཐོབ་ཚེ། བྱིས་པའི་མིག་དབང་གི་བྱེད་ནུས་ལ་ཚེ་གང་བོར་གནོད་པ་བཟོ་སྲིད་པས། བྱིས་པ་རྣམས་ལ་ལོ་རེར་མིག་གི་བརྟག་དཔྱད་ཐེངས་རེ་བྱེད་རྒྱུའང་ཤིན་ཏུ་གལ་ཆེའོ། །
ཉེ་བའི་ལོ་འདི་དག་གི་ལུས་ཕུང་བརྟག་དཔྱད་ལ་བལྟས་ན། མིག་གི་བརྟག་དཔྱད་ནི་མི་རྣམས་ཀྱི་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་འདུག མིག་ནད་ཁ་ཤས་ལ་མཚོན་ན། ནད་རྟགས་གསལ་པོ་མེད་ཀྱང་། དུས་ལྟར་བརྟག་དཔྱད་བྱས་ན། སྔ་མོ་ནས་ནད་གཞི་ངོས་འཛིན་ཐུབ་པར་མ་ཟད། འགོག་བཅོས་ཀྱི་ཐབས་ཤེས་ཀྱང་སྔ་མོ་ནས་བསྟེན་ཆོག་པས། འདིར་དུས་ལྟར་མིག་ལ་བརྟག་དཔྱད་བྱེད་དགོས་པའི་མི་ཚོགས་རིགས་བཞི་དམིགས་སུ་བཏོན་ནས་བརྗོད་པར་བྱ།
ཁྲག་ཤེད་མཐོ་བ་དང་ཁྲག་མངར་མཐོ་བའི་ནད་པ།
གཅིན་སྙི་ཟ་ཁུའི་ནད་ཀྱིས་གཙོ་བོ་དབང་རྩ་དང་ཁྲག་རྩར་རྨས་པ་བརྒྱུད་མིག་ལ་གནོད་པ་ཡིན། དང་པོའི་དུས་སུ་མིག་གཏིང་གི་ནད་འགྱུར་ལ་ནད་རྟགས་གསལ་པོ་མི་ཐོན་ཡང་། གལ་ཏེ་དུས་ཐོག་ཏུ་སྨན་བཅོས་མ་བྱས་པར་ཡུན་རིང་འགོར་ཚེ། མིག་གི་མཐོང་ནུས་ལ་གནོད་དེ་བཅོས་སྐྱེད་དཀའ་བའི་གནས་སུ་ལྷུང་སྲིད། རིགས1ཅན་གྱི་གཅིན་སྙི་ཟ་ཁུའི་ནད་པ་དར་མ་ལ། རབ་ཡིན་ན་ནད་ངོས་བཟུང་རྗེས་ཀྱི་ལོ5ཡི་ནང་དུ་རྒྱལ་མོ་འདལ་བ་ལ་བརྟག་དཔྱད་ཐེངས་རེ་བྱེད་འོས་ལ། དེ་ནས་ལོ་རེ་བཞིན་ཐེངས་རེ་བརྟག་འོས། གལ་ཏེ་རིགས2ཅན་གྱི་གཅིན་སྙི་ཟ་ཁུའི་ནད་དུ་ངོས་བཟུང་ཚེ། ལམ་སང་མིག་ནད་ལ་བརྟག་དཔྱད་བྱེད་དགོས་པར་མ་ཟད། ལོ་རེ་བཞིན་དུ་མིག་ལ་བརྟག་དཔྱད་བྱེད་འོས། མིག་གཏིང་གི་བརྟག་དཔྱད་མཇུག་འབྲས་ལས་ནད་འགྱུར་ཡང་མོའི་རིགས་ལ་ངོས་བཟུང་ཚེ། ལོ་རེར་བརྟག་དཔྱད་ཐེངས་རེ་བྱེད་དགོས། ནད་འགྱུར་འབྲིང་བའི་རིགས་ལ་ཟླ3ནས6གི་ནང་དུ་བརྟག་དཔྱད་ཐེངས་རེ་བྱེད་དགོས། ནད་འགྱུར་ཚབས་ཆེ་ན་ཟླ3རེའི་ནང་དུ་བརྟག་དཔྱད་ཐེངས་རེ་བྱེད་དགོས།
ཁྲག་ཤེད་མཐོ་བའི་ནད་པ་ལ་མཚོན་ནས་བཤད་ན། ཁྲག་ཤེད་ཇེ་མཐོར་སོང་བ་ལས་ལུས་ཡོངས་ཀྱི་འཕར་རྩ་ཕྲ་མོ་ཐམས་ཅད་ལ་ཤན་ཤུགས་ཐེབས་པར་འགྱུར་ལ། དེའི་ནང་དུ་མཐོང་བྱེད་དྲ་སྐྱིའི་འཕར་རྩ་ཕྲ་མོའང་ཡོད་པ་སྨོས་ཅི་དགོས། དེ་མ་ཟད་འཕར་རྩ་དེ་ནི་ཤིན་ཏུ་མཉེན་པས་རབ་ཡིན་ན་ལོ་རེར་བརྟག་དཔྱད་ཐེངས་རེ་བྱས་ན་འགྲིག
རྒྱང་འགྲིབ་ནད་པ།
རྒྱང་འགྲིབ་ཀྱི་ཚད་ཏུའུ600ལས་བརྒལ་བ་ནི་རྒྱང་འགྲིབ་ཚད་མཐོན་པོར་གཏོགས་པར་མ་ཟད། ཏུའུ་གྲངས་ཇི་ལྟར་མཐོ་ན་མིག་གཏིང་ལ་ནད་འགྱུར་དེ་ལྟར་འབྱུང་སླ་བ་ཡིན། དཔེར་ན་མཐོང་བྱེད་དྲ་སྐྱི་ལྷུང་བ་དང་སེར་ཐིགས་ཕྲལ་ཁུང་སོགས་ལྟ་བུ། གལ་ཏེ་དམིགས་བསལ་གྱི་གནས་ཚུལ་མེད་ན། རྒྱང་འགྲིབ་ཚད་མཐོ་བའི་ནད་པས་ལོ་རེར་མིག་གཏིང་ལ་བརྟག་དཔྱད་ཐེངས་རེ་བྱས་ན་འགྲིག
དར་མ་དང་རྒན་པ།
ལོ་ན་རྒས་པ་དང་བསྟུན་ནས་མིག་ལའང་ན་ཚོད་རྒས་པ་དང་འབྲེལ་བའི་ནད་གཞི་འགའ་རེ་འབྱུང་བར་འགྱུར། དཔེར་ན་རྒན་པའི་སྐྱ་འགྲིབ་དང་རྒན་པའི་སེར་ཐིགས་ནད་འགྱུར་སོགས་ལྟ་བུ། དེ་བས་རྒན་པ་རྣམས་ཀྱིས་ལོ་རེར་མིག་གཏིང་ལ་བརྟག་དཔྱད་ཐེངས་རེ་བྱེད་དགོས་ཏེ། མིག་གི་ནད་འགྱུར་སྔ་མོ་ནས་ངོས་ཟིན་ན་སྔོག་འགོག་ལ་ཕན་པ་ཡིན།
བྱིས་པ་དང་ན་གཞོན།
སྐབས་དེ་ནི་མིག་དབང་གི་ནུས་པ་འཚར་སྐྱེ་འབྱུང་བཞིན་པའི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། རྒྱང་འགྲིབ་དང་ཉེ་འགྲིབ། འོད་འགྲེམ་སོགས་འོད་བསྡུ་དཀའ་བའི་གནད་དོན་འབྱུང་སླ་བའི་དུས་ཡིན། དེ་ལས་གཞན། གསེག་བལྟ་དང་དབང་ཚོར་ཞན་པ་སོགས་ཀྱི་མིག་ནད་ཀྱང་བྱིས་པ་འཚར་སྐྱེའི་གོ་རིམ་ཁྲོད་མཐོང་སླ་བའི་མིག་ནད་ཡིན། མིག་ནད་དེ་དག་ལ་དུས་ཐོག་ཏུ་ཡོ་བསྲང་དང་གསོ་བཅོས་མ་ཐོབ་ཚེ། བྱིས་པའི་མིག་དབང་གི་བྱེད་ནུས་ལ་ཚེ་གང་བོར་གནོད་པ་བཟོ་སྲིད་པས། བྱིས་པ་རྣམས་ལ་ལོ་རེར་མིག་གི་བརྟག་དཔྱད་ཐེངས་རེ་བྱེད་རྒྱུའང་ཤིན་ཏུ་གལ་ཆེའོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注