གུ་གུལ་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

གུ་གུལ་བཅོ་བརྒྱད།

གུལ་ནག་སྲང་གང་།  ཨ་རུ་སྲང་གང་ཞོ་ལྔ།སྐྱུ་རུ་སྲང་གང་།  རུ་རྟ་སྲང་གང་།བ་རུ་སྲང་གང་།སྤོས་དཀར་ཞོ་བརྒྱད།ཐལ་རྡོར་ཞོ་བརྒྱད།སོ་ར་ཞོ་བརྒྱད།བྲག་ཁཎ་ཞོ་ལྔ།སླེ་ཏྲེས་སྲང་གང་།ཤུ་དག་སྲང་གང་ཞོ་ལྔ།སེང་ལྡེང་ཁཎྜ་ཞོ་ལྔ།ཀླུ་བདུད་རྡོ་རྗེ་སྲང་དོ།བ་ཤ་ཀ་སྲང་གང་།སྟོང་རི་ཟིལ་བ་སྲང་གང་།དབང་ལག་སྲང་གང་།སྨན་ཆེན་སྲང་དོ།  གླ་རྩི་སྐར་ཕྱེད་གཉིས་བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས།

གུ་གུལ་བཅོ་བརྒྱད་བཟི་ཆེ་ཅུང་ཟད་བསིལ།  ཆུ་སེར་ཁྲག་ངན་ཤ་ལྤགས་རྩ་རུས་འགྲམས།  དེ་ཡིས་དྲེག་གྲུམ་པགས་པའི་ནད་གྱུར་ཏེ།  རྐང་པའི་མཐེ་བོང་ལག་པའི་གྲུ་མོ་སྐྲངས།  མདོག་དམར་མཁྲེགས་ལ་དྲོད་ཆེ་དྲེག་ནད་དང་།  རུས་ཚིགས་འཁོལ་ཞིང་སྐྲངས་དང་གཟེར་ཟུག་ཆེ།  རྩ་རྒྱུས་གྱོང་དང་སྐྲངས་སོགས་གྲུམ་བུའི་ནད།  ཤུ་ཐོར་ཟ་འཕྲུག་ལ་སོགས་པགས་ནད་རིགས།  ཁྱད་པར་དྲེག་གྲུམ་ཆུ་སེར་རང་སར་སྐེམ།  གཞན་ཡང་རྐང་འབམ་སྟོད་འཚངས་སྙིང་གཡུག་པར།  བཏང་ན་ཐོར་ཏེ་གནས་སྐབས་ན་ཟུག་གཅོག  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号