རྒན་པ་རྣམས་འགུལ་སྐྱོད་བྱེད་སྐབས་སྟོབས་ཤུགས་སྦྱོང་བརྡར་བྱས་ན་བཟང་།

རྒན་པ་མང་ཤས་ཤིག་ལ་ཉིན་རྒྱུན་དུ་འཆམ་འཆམ་ལ་འགྲོ་བ་དང་མྱུར་མོར་འགྲོ་བ། དལ་མོར་རྒྱུག་པ་སོགས་ཀྱི་འགུལ་སྐྱོད་བྱེད་པའི་གོམས་གཤིས་བཟང་པོ་ཡོད་མོད། འོན་ཀྱང་འགུལ་སྐྱོད་རིགས་ཤིག་མི་ཚང་མས་སྣང་མེད་དུ་བཞག་ཡོད་ལ། དེ་ནི་སྟོབས་ཤུགས་སྦྱོང་བརྡར་བྱེད་རྒྱུ་དེ་རེད།

སྟོབས་ཤུགས་སྦྱོང་བརྡར་བྱེད་པར་རྩ་དོན་བཞི་བརྩི་སྲུང་བྱེད་དགོས།

“ཨ་ཁུ་སྨན་པ་ལགས། ང་དང་ངའི་རྒན་མོ་གཉིས་ཁོམ་པ་ཡོད་དུས་རྒྱུན་པར་སྤྱི་གླིང་དུ་སོང་ནས་འཆམ་འཆམ་བྱེད་པ་དང་མྱུར་མོར་འགྲོ་བ་སོགས་ལུས་ནས་རྔུལ་ཆུ་མང་པོ་བཞུར་རག་བར་དུ་ལུས་ཕུང་སྦྱོང་བརྡར་བྱེད་ཀྱིན་ཡོད།དེ་ནི་སྟོབས་ཤུགས་སྦྱོང་བརྡར་དུ་བརྩིའམ།”

དེ་ནི་སྟོབས་ཤུགས་སྦྱོང་བརྡར་དུ་མི་བརྩི་བ་རེད། རྒྱུན་དུ་འཆམ་འཆམ་ལ་འགྲོ་བ་དང་མྱུར་མོར་འགྲོ་བ་ནི་བདེ་ཐང་གི་གོམས་གཤིས་བཟང་པོ་ཞིག་ཡིན་མོད། འོན་ཀྱང་དེས་སྟོབས་ཤུགས་སྦྱོང་བརྡར་གྱི་ཚབ་བྱེད་མི་ཐུབ། སྟོབས་ཤུགས་སྦྱོང་བརྡར་གྱིས་ཤ་གནད་ཀྱི་སྟོབས་ཤུགས་དང་ཤ་གནད་སྦྱོང་ཚད། རུས་པའི་སྟུག་ཚད་སོགས་ཇེ་མཐོར་གཏོང་ཐུབ་པ་དང་། འགུལ་སྐྱོད་ནུས་པ་ཇེ་མཐོར་བཏང་ནས། ཁྲག་ཧྭགས་དང་ཁྲག་ཚིལ། ཁྲག་ཤེད་བཅས་ལ་ཚོད་འཛིན་བྱེད་པ་དང་། ལུས་སྟེང་གི་གྲུབ་ཆ་དང་ཁྲག་སྦུག་བྱེད་ནུས། རིམས་འགོག་མ་ལག་གི་བྱེད་ནུས་སོགས་ལེགས་སྒྱུར་བྱེད་ཐུབ། སྟོབས་ཤུགས་སྦྱོང་བརྡར་བྱེད་པར་གཤམ་གྱི་རྩ་དོན་བཞི་བརྩི་སྲུང་བྱེད་དགོས།

གཅིག དམིགས་གཏད་རང་བཞིན་གྱིས་སྦྱོང་བ། མིའི་ལུས་སྟེང་གི་གནས་མི་འདྲ་བའི་ཤ་གནད་ལ་བྱེད་ནུས་ཀྱང་མི་འདྲ་བ་རེ་ཡོད་པས། འགུལ་སྟངས་མི་འདྲ་བར་བརྟེན་ནས་ཤ་གནད་སྦྱོང་བརྡར་བྱེད་དགོས།

གཉིས། ཐེག་བརྒལ་རང་བཞིན་གྱིས་སྦྱོང་བ། སྦྱོང་བརྡར་གྱི་དྲག་ཚད་དེ་ཤ་གནད་རང་ངོས་ཀྱི་ནུས་པ་ལས་བརྒལ་དགོས། དེ་མིན་ན་ཤ་གནད་རང་གནས་སུ་བསྡད་དེ་སྦྱོང་བརྡར་གྱི་ཕན་འབྲས་ཐོན་མི་ཐུབ།

གསུམ། རིམ་འཕེལ་རང་བཞིན་གྱིས་སྦྱོང་བ། སྦྱོང་བརྡར་གྱི་དྲག་ཚད་དེ་རིམ་བཞིན་འཕེལ་བར་བྱེད་དགོས་ལ། སྟོབས་ཤུགས་སྦྱོང་བརྡར་དེ་ཚད་ངེས་ཅན་ཞིག་ལ་ཐོན་རྗེས། དྲག་ཚད་འོས་འཚམ་གྱིས་ཇེ་མཐོར་གཏོང་དགོས།

བཞི། རྒྱུན་མཐུད་རང་བཞིན་གྱིས་སྦྱོང་བ། སྟོབས་ཤུགས་སྦྱོང་བརྡར་བྱེད་ན་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་ལ། དེ་མིན་ན་འབད་པ་འབྲས་མེད་དུ་འགྱུར་སྲིད།

རྒན་པ་དག་གིས་སྔོན་ལ་དངོས་ལུགས་སྨན་པར་འདྲི་ཞིབ་བྱས་ནས་བདེ་འཇགས་ལ་དཔྱད་དཔོག་བྱེད་དགོས་ལ། བདེ་འཇགས་མིན་པའི་མངོན་མེད་གྱི་རྒྱུ་རྐྱེན་སེལ་རྗེས། དཔྱད་དཔོག་མཇུག་འབྲས་ལྟར་སྟོབས་ཤུགས་སྦྱོང་བརྡར་གྱི་ཇུས་གཞི་བཟོ་དགོས།

རྒན་པ་རྣམས་ཀྱིས་ལུས་སྦྱོང་ཡོ་བྱད་སྣ་ཚོགས་གྲ་སྒྲིག་བྱས་ཏེ་སྟོབས་ཤུགས་སྦྱོང་བརྡར་བྱེད་དགོས། སྦྱོང་བརྡར་གོ་རིམ་ཁྲོད། རང་ངོས་ཀྱི་ནུས་པ་ལྟར་འགོག་ནུས་དང་ལྗིད་ཚད་སྙོམས་སྒྲིག་བྱེད་དགོས་ལ། ཆེད་ལས་མི་སྣའི་མཛུབ་སྟོན་འོག་སྟོབས་ཤུགས་སྦྱོང་བརྡར་བྱས་ཏེ་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་སོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号