མགྱོགས་ཐུག་ལས་འགོས་པའི་ནད།

  རྨེ་གྲྭ་ཚེ་རིང་བསམ་འགྲུབ།

མགྱོགས་ཐུག་དང་བཏུང་བ་གཉིས་མཉམ་བཟའ་བྱས་པའི་མཇུག་འབྲས། ང་ཚོས་འདི་ནས་ཤེས་དགོས་པ་ཞིག་ནི་མིའི་ལུས་ཁམས་དང་མི་འཚམ་པའི་བཟའ་བ་དང་བཏུང་བ་གང་རུང་གཉིས་གཞི་ནས་ལྷན་དུ་སྤྱོད་མི་རུང་བ་གསལ་བོར་རྟོགས་དགོས།

 ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཏག་ཏག་མཉམ་འཇོག་བྱེད་དགོས་ས་ཞིག་ནི་བཟའ་བཏུང་ལྟོ་སྦྱོར་མི་རུང་བ་གཉིས་མཉམ་དུ་ཟོས་པས་བསྐྱེད་པའི་ནད་དུག་ཡིན། དེ་ནི་སྨན་གྱིས་ཀྱང་བཅོས་སུ་མི་བཏུབ་པར་འཕྲལ་དུ་རྐྱེན་ལམ་དུ་འཆོར་བཞིན་པའི་གནས་ཚུལ་ནི་སྤྱི་ཚོགས་ཁྲོད་ཧ་ཅང་ཚབས་ཆེན་ཞིག་ཏུ་ཆགས་ནས་ཡོད། དེ་བས་ང་ཚོས་རྒྱུན་པར་ཁ་ཟས་དང་བཏུང་བ་སོགས་བསྟེན་སྐབས་ཟས་གང་དག་མཉམ་དུ་བཟའ་ཆོག་པ་དང་གང་དག་མཉམ་ཟ་མི་རུང་བའི་རྒྱུན་ཤེས་འདི་དག་སྔོན་དུ་ངེས་དགོས་པ་ཡིན། དེ་བས་མཐོང་ཚད་དང་རྙེད་ཚད་ཀྱི་བཟའ་བཏུང་མཉམ་སྤྱོད་མི་རུང་བ་མང་བས་གཞི་ནས་མཉམ་འཇོག་པ་གལ།

གསར་བུ་ཞིག་གི་ལྟོགས་ཚོར།

ད་ལན་ཡང་ཧྭང་ཀྲིག་ནས་ཡིན་པའི་གསར་བུ་ཞིག་ལྟོགས་ཚོར་དབང་བཙན་དུ་བྱས་ནས་མགྱོགས་ཐུག་གཉིས་དང་བཏུང་ཁུ་དམ་བུ་གཉིས་ཀྱིས་ནུབ་ཟས་བྱས།(泡面--汽水)དགོང་མོ་དེར་ཅུང་མ་འགོར་བར་གློ་བུར་དུ་ལྟོ་བ་སྦོས་ཏེ་གཟེར་ནད་ཚབས་ཆེན་ཞིག་བྱུང་ནས་སྨན་ཁང་གིས་མྱུར་ལམ་ཉེན་སྐྱོབ་བྱས་ཀྱང་སྲོག་ཉེན་ལས་ཐར་མི་ཐུབ་པ་ཙམ་བྱུང་། སྨན་པས་བསྟན་དོན་ལྟར་ན་དུས་ཡུན་འགོར་འགྱངས་སུ་སོང་ན་གཞི་ནས་བཅོས་ཐབས་མེད་ཟེར། དེ་མིན་ཞིབ་འཇུག་པས་བཤད་པ་ལྟར་ན་བཟའ་བ་དང་བཏུང་བ་ལ་ལ་ཞིག་ནི་གཏན་ནས་མཉམ་དུ་བཟའ་མི་རུང་ལ། གལ་ཏེ་དེ་ལས་བསྐྱེད་པའི་ནད་དུག་ནི་བཅོས་ཐབས་མེད་པ་ཞིག་ཀྱང་ཡིན་སྲིད་ལ། ལྷག་ཏུ་དེང་གི་ཟས་རིགས་མང་ཆེ་བ་ནི་རྫས་དང་ཟས་སྣ་ཚོགས་འདྲེས་སྦྱོར་བྱས་ནས་བཟོས་པ་ཤ་སྟག་ཡིན་པས་མ་བརྟགས་པར་ཟོས་ན་ཧ་ཅང་བཅོས་མི་བཏུབ་པའི་ནད་འབྱུང་བ་དང་འཆི་བར་ཡང་ཉེན་ཁ་ཆེ། 

དེ་བས་ང་ཚོས་འདི་ནས་ཤེས་དགོས་པ་ཞིག་ལ་མི་འཚམ་པའི་བཟའ་བ་དང་ཡང་ན་བཏུང་བ་གང་རུང་གཞི་ནས་ལྷན་དུ་སྤྱོད་མི་རུང་བ་དང་། མགྱོགས་ཐུག་ཟ་མང་བ་དང་བཏུང་བ་འཐུང་ཚད་ལས་བརྒལ་ན་གདོན་མི་ཟ་བར་ལུས་ཀྱི་འཕྲོད་བསྟེན་ལ་ཐད་ཀར་གནོད་འཚེ་འཇིགས་སུ་རུང་བ་གཏོང་བཞིན་ཡོད་པ་ནན་གྱིས་བསྟན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号