མིག་སྲུང་བའི་ཐབས་གསུམ།

  “མིག་ནི་འཛམ་གླིང་ལ་ལྟ་བའི་སྒེའུ་ཁུང་རེད”ཅེས་པ་ལྟར་འདྲེན་བྱེད་ཟུང་ནི་དབང་པོ་ལྔའི་ཡ་གྱལ་ཞིག་རེད། དེ་རིང་འུ་ཚོས་མཉམ་དུ་མིག་གི་རྒྱང་སྒྲིབ་སྔོན་འགོག་གི་ཐབས་ཤེས་ཁག་གཅིག་ངོ་སྤྲོད་ཞུ་རྒྱུ་ཡིན་པས། རྒྱུས་ལོན་ཞིག་གནང་དང་།

1.དཔེ་དེབ་ཀློག་སྐབས་དྲོང་པོར་བསྡད་ན་རྒྱང་སྒྲིབ་སྔོན་འགོག་བྱེད་ཐུབ་ཅིང་། སློབ་སྦྱོང་བྱེད་ཞོར་དུ་མིག་སྲུང་སྦྱོང་བརྡར་བྱེད་པ་དང་ཐག་རིང་སར་མང་ཙམ་བལྟས་ན། མིག་ལ་ངལ་གསོ་ཐེབས་པ་མ་ཟད། མིག་ཤེད་ཡག་ཏུ་འགྲོ་བར་ཕན་ཐོགས་ངེས་ཅན་ཡོད།

2. ཕྱི་རོལ་དུ་རྩེད་མོ་རྩེ་བ་དང་རི་འཛེག་པ་སོགས་ནི་ཧ་ཅང་བཟང་བའི་བྱེད་ཐབས་ཤིག་ཡིན་ཞིང་། གློག་རྡུལ་རྩེད་ཆས་བཞག་ནས་དཔེ་ཀློག་དང་རྩེད་མོ་འོས་འཚམ་བརྩེས་ན་མིག་གི་བདེ་ཐང་ལ་ཕན་ཐོགས་ངེས་ཅན་ཡོད་ལ། ཉི་འོད་ལའང་མིག་རྒྱང་སྙོམས་སྒྲིག་བྱེད་པའི་ནུས་པ་ཡོད་པས་ཕྱི་རོལ་དུ་མང་ཙམ་འགྲོ་དགོས། 

3.གློག་རྡུལ་རྩེད་ཆས་བེད་སྤྱོད་བྱེད་སྐབས་བར་ཐག་རན་པོ་འཇོག་དགོས་ཤིང་། གློག་རྡུལ་རྩེད་ཆས་དང་བར་ཐག་ཉེ་དྲགས་ན་མིག་ལ་གནོད་པ་ཆེན་པོ་ཡོད། ལྷག་པར་དུ་ཉལ་ནས་གློག་རྡུལ་རྩེད་ཆས་རྩེ་མི་རུང་ལ་དེ་བས་གློག་བསད་ནས་རྩེ་རྒྱུ་མེད། མ་ཟད་རྒྱུན་དུ་ཁྱིམ་བདག་གིས་ཀྱང་ཕྲུ་གུར་མིག་ལ་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་ཡང་ཡང་རྒྱག་དགོས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号