རླངས་འཁོར་བསྐོར་ནས་ཕྱི་ལ་འགྲོ་སྐབས་ཐོག་ལ་གཡོལ་ཐབས།

དབྱར་དུས་སུ་རླངས་འཁོར་བསྐོར་ནས་ཕྱི་ལ་འགྲོ་སྐབས། གློག་ཞགས་དྲག་པོ་འཁྱུག་པའི་གནམ་གཤིས་དང་འཕྲད་པར་གྱུར་ན། དེ་མཐུན་གྱི་ཐོག་འགོག་ཤེས་བྱ་ངེས་རྒྱུ་ཧ་ཅང་གལ་ཆེ།

1.རླངས་འཁོར་འདུག་ས་འོས་འཚམ་ཡིན་དགོས།

གློག་ཞགས་འཁྱུག་པའི་གནམ་གཤིས་དང་ཕྲད་པར་གྱུར་ན། རླངས་འཁོར་ས་བབ་དམའ་ས་དང་བདེ་འཇགས་ཡིན་ས་ནས་འདུག་པ་ལས། ས་བབ་མཐོ་ཞིང་ཁོད་ཡངས་ས་ནས་འདུག་མི་རུང་ལ། ཤིང་སྡོང་གི་འོག་ནས་ལྷག་ཏུ་འདུག་མི་རུང་། ཤིང་སྡོང་ལས་གློག་འཁྱུད་པའི་ཉེན་ཁ་ཡོད།

2.རླངས་འཁོར་གྱི་གློག་སྒོ་དང་གློག་རྡུལ་སྒྲིག་ཆས་ཀྱི་གློག་སྒོ་བརྒྱག་དགོས།

གློག་ཞགས་འཁྱུག་པའི་སྐབས་སུ།  རླངས་འཁོར་དུ་སྒྲ་སྡུད་འཕྲུལ་ཆས་སོགས་གློག་རྡུལ་སྒྲིག་ཆས་ཡོད་ན་མྱུར་ཏུ་གློག་སྒོ་བརྒྱག་དགོས། དེ་མིན་རླངས་འཁོར་གྱི་གནམ་སྐུད་དེ་ཕྱི་ན་ཡར་བསླངས་ཡོད་པ་ཅན་ཡིན་ན་མྱུར་ཏུ་བསྡུ་དགོས།

3.གློག་ཞགས་འཁྱུག་པའི་སྐབས་སུ་རླངས་འཁོར་ནང་དུ་འདུག་དགོས།

རླངས་འཁོར་ལ་ཐོག་འགོག་སྒྲིག་ཆས་སྤྲད་ཡོད་པས་ལྟོས་བཅས་ཀྱིས་བདེ་འཇགས་ཡིན་ཞིང་། རླངས་འཁོར་ནང་བསྡད་ནས་ཐོག་ལ་གཡོལ་ཆོག ཡིན་ན་ཡང་རླངས་འཁོར་གྱི་སྒོ་དང་སྒེའུ་ཁུང་གཏན་ནས་ཕྱེ་མི་རུང་ལ། རླངས་འཁོར་ལས་གང་འདོད་དུ་སར་བབས་ན་ཡང་ཐོག་གིས་རྒྱག་པའི་ཉེན་ཁ་ཡོད།

4.གློག་ཞགས་འཁྱུག་པའི་སྐབས་སུ་རླངས་འཁོར་ནང་ཁ་པར་སྤྱོད་མི་རུང་།

གློག་ཞགས་འཁྱུག་པའི་སྐབས་སུ། ཁ་པར་གྱི་སྐུད་མེད་གློག་རླབས་ཇེ་དྲག་ཏུ་འགྲོ་སྲིད་པ་དང་། དེས་གློག་ཞགས་ནང་ལ་འདྲེན་པའི་ཉེན་ཁ་ཡོད་པས། གློག་ཞགས་འཁྱུག་པའི་སྐབས་སུ་རླངས་འཁོར་ནང་ཁ་པར་སྤྱོད་མི་རུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号