ཐ་མག་བཅད་ན་ཕན་ཡོན་འདི་ལྟར་འདུག

སྐྲན་ནད་ཕོག་ཉེན་ཆུང་དུ་འགྲོ་བ།

ཐ་མག་བཅད་དེ་ལོ5ནས10བར་སོང་རྗེས། གློ་བའི་འབྲས་སྐྲན་གྱི་ཤི་ཚད་ཐ་མག་མི་འཐེན་མཁན་ལས་ཅུང་མང་བ་ཡོད། འོན་ཀྱང་ཐ་མག་བཅད་དེ་ལོ10ནས15བར་སོང་རྗེས། གློ་བའི་འབྲས་སྐྲན་ཕོག་ཚད་ཐ་མག་མི་འཐེན་མཁན་དང་གཅིག་མཚུངས་རེད། འཇར་པན་གྱིས་བརྟག་དཔྱད་བྱས་པར་གཞིགས་ན། ཐ་མག་བསྡོམས་འབོར་རྐང་ཁྲི20ནང་ཚུན་འཐེན་མཁན་ཞིག་གིས་ཐ་མག་བཅད་ནས་ལོ4སོང་རྗེས། གློ་བའི་འབྲས་སྐྲན་གྱི་ཤི་ཚད་ཐ་མག་མི་འཐེན་མཁན་དང་གཅིག་མཚུངས་ཡིན་པ་དང་། ཐ་མག་བཅད་ན་ད་དུང་མགྲིན་པའི་འབྲས་སྐྲན་དང་། ཁ་སྦུག་གི་འབྲས་སྐྲན། བད་ཀན་མིད་འཆུས་ནད། གཤེར་མའི་འབྲས་སྐྲན། ལྒང་པའི་འབྲས་སྐྲན་སོགས་སྐྲན་ནད་རིགས་མང་པོ་ཕོག་ཚད་ཉུང་དུ་གཏོང་ཐུབ།

སྙིང་ཀླད་ཁྲག་རྩའི་ནད་ཕོག་ཚད་ཉུང་དུ་འགྲོ་བ།

སྙིང་ཀླད་ཁྲག་རྩའི་ནད་གཞི་ཕོག་པའི་ནད་པས་ཐ་མག་བཅད་ནས་ལོ་གཅིག་སོང་རྗེས་འཆི་ཚད50%ཙམ་དམའ་རུ་འགྲོ་བ་དང་། དེ་ནས་ལོ15ཡི་རྗེས་སུ་ཐ་མག་མི་འཐེན་མཁན་དང་གཅིག་མཚུངས་ཡིན་པ་རེད། ད་དུང་ཐ་མག་བཅད་ན་སྙིང་རྩ་འགག་པའི་ནད་གཞིའང་སྔོན་འགོག་བྱེད་ཐུབ།

གློ་ནད་རིགས་ཉུང་དུ་འགྲོ་བ།

ཐ་མག་འཐེན་མཁན་ལ་གློ་བའི་ནད་རིགས་དཔེར་ན། དལ་བའི་གློ་ཡུའི་གཉན་ཚད་དང་གློ་བ་རླུང་སྐྲངས་སོགས་ཕོག་བཞིན་ཡོད། དེ་ནི་ཐ་མག་མི་འཐེན་མཁན་གྱི་ལྡབ4ནས25རེད། ཐ་མག་བཅད་དེ་གཟའ་འཁོར་འགའ་སོང་རྗེས་གློ་དང་ལུད་པ་ཉུང་དུ་འགྲོ་བ་དང་ཆབས་ཅིག ཆམ་པ་དང་གློ་ཡུའི་གཉན་ཚད་བཅས་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་ལ། གློ་བའི་ནུས་པ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་ཐུབ།

སྨུག་པོའི་ནད་སེང་དྲག་འགྲོ་བ།

ཐ་མག་འཐེན་མཁན་ལ་ཕོ་བ་དང་རྒྱུ་སོར་བཅུ་གཉིས་ཀྱི་སྨུག་པོའི་ནད་ཕོག་ཉེན་ཆེ་ཙམ་ཡོད་པ་མ་ཟད། ཐ་མག་མ་བཅད་ན་སེང་དྲག་ཏུ་འགྲོ་དཀའ། དེར་བརྟེན་ཕོ་བ་དང་རྒྱུ་སོར་བཅུ་གཉིས་ཀྱི་སྨུག་པོའི་ནད་ཕོག་མཁན་གྱིས་ངེས་པར་དུ་ཐ་མག་བཅད་ནས་སྨུག་པོའི་ནད་དྲག་སྐྱེད་ཡོང་ཐབས་བྱེད་དགོས།

ཚེ་ཚད་ཐུང་དུ་འགྲོ་བ་འགོག་ཐུབ།

ཐ་མག་འཐེན་མཁན་གྱི་ཆ་སྙོམས་ཚེ་ཚད་ཐ་མག་མི་འཐེན་མཁན་ལས་ཐུང་བ་ཡོད།(ཐ་མག་མང་པོ་འཐེན་མཁན་གྱི་ཚེ་ཚད་ལོ6ནས9བར་ཐུང་དུ་འགྲོ་བ)དཔེར་ན། ལོ25ལ་སླེབས་པའི་མིས་ཉིན་གཅིག་ལ་ཐ་མག་རྐང40འཐེན་ན། ཁོ་པའི་ཚེ་ཚད་ལོ་མཉམ་གྱི་ཐ་མག་མི་འཐེན་མཁན་ལས་ལོ8.3ཐུང་བ་ཡོད། ཐ་མག་གཅོད་མཁན་གྱི་ཚེ་ཚད་ཐ་མག་འཐེན་མཁན་ལས་རིང་བ་ཡོད། ཐ་མག་བཅད་ནས་ལོ10ནས15བར་སོང་རྗེས། ཆ་སྙོམས་ཀྱི་ཚེ་ཚད་ཐ་མག་མི་འཐེན་མཁན་དང་གཅིག་མཚུངས་ཆགས་ཀྱི་ཡོད།

ཉེ་འགྲམ་གྱི་ཁོར་ཡུག་གཙང་དུ་གཏོང་ཐུབ།

ཐ་མག་བཅད་རྗེས་ལས་ཀའི་ཁོར་ཡུག་དང་འཚོ་བའི་ཁོར་ཡུག་གི་མཁའ་རླུང་གཙང་མ་ཆགས་ནས། མི་གཞན་ལ་དགོས་མེད་ཀྱི་གནོད་འཚེ་མི་བཟོ་བ་དང་རྙོག་དྲ་ཡང་མི་ཡོང་བས། ལས་རོགས་ཀྱི་འབྲེལ་བ་ལེགས་སུ་འགྲོ་བ་དང་ནང་མིའི་དབར་གྱི་འགལ་ཟླ་ཉུང་དུ་འགྲོ་སྲིད།

རིག་པ་སྤྱང་པོ་དང་ཤ་རྩི་ཡག་ཏུ་འགྲོ་བ།

ཐ་མག་བཅད་རྗེས་རིག་པ་དེ་བས་སྤྱང་བ་དང་བློ་རྩེ་དེ་བས་གཅིག་ཏུ་སྒྲིམ་ཐུབ། དེ་དང་ཆབས་ཅིག ཐ་མག་བཅད་རྗེས། གཉེར་མ་དང་པགས་མདོག་སྐྱ་བོ་རིམ་གྱིས་ཡལ་ནས། བདེ་ཐང་དང་གཞོན་སོ་དོད་དུ་འགྲོ་ཐུབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号