འབྲུབ་འགོག་བདེ་འཇགས་ཤེས་བྱ།

ཅི་ཞིག་ལ་ཆུ་འབྲུབ་པའི་དུས་སྐབས་ཟེར། ཆུ་འབྲུབ་པའི་དུས་སྐབས་ཞེས་པ་ནི་གཙང་པོ་དང་ཆུ་བོར་འབབ་རྒྱུད་ནང་དུས་ཚིགས་རང་བཞིན་གྱི་ཆར་ཆུ་འབབ་པ་དང་། དར་ཞུ་བ། གངས་ཞུ་བ་བཅས་ཀྱི་རྐྱེན་ལས་དུས་ཚིགས་རང་བཞིན་གྱི་ཆུ་གནས་འཕར་བའི་དུས་སྐབས་ལ་ཟེར།

ཅི་ཞིག་ལ་འབྲུབ་ཆུ་སྔོན་འགོག་ཟེར།

འབྲུབ་ཆུ་སྔོན་འགོག་ཅེས་པ་ནི་ཆུ་ལོག་གི་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་རྒྱུ་དང་། ཆུ་ལོག་སྔོན་བརྡ་གཏོང་བ་དང་། ཆུ་ལོག་སྔོན་འགོག་བཀོད་གཏོང་། ཆུ་ལོག་འགོག་པའི་བཟོ་སྐྲུན་བེད་སྤྱོད་སོགས་ཀྱི་ཐད་འབྲེལ་ཡོད་ཀྱི་ལས་དོན་སྤེལ་བ་ལ་ཟེར། འབྲུབ་ཀྱི་གོ་དོན་ནི་གཙང་པོ་དང་མཚེའུ་སོགས་ཆུ་ཁོངས་ཀྱི་དུས་ཚིགས་རང་བཞིན་ནམ་ཡང་ན་དུས་འཁོར་རང་བཞིན་གྱི་ཆུ་རྒྱས་པའི་སྣང་ཚུལ་ལ་གོ་དགོས།

ཅི་ཞིག་ལ་ཆུ་ལོག་ཟེར།

ཆུ་ལོག་ནི་གཙང་པོ་དང་ཆུ་བོ། མཚེའུ། ཆུ་མཛོད་བཅས་ཀྱི་ཆུ་གནས་གློ་བུར་དུ་འཕར་བ་དང་། ཆུ་རགས་ལུད་པའམ་ཆུ་རགས་ཤོར་བ། ཆུ་བོ་སྐམ་སའི་ཁོངས་སུ་བཞུར་བ་བཅས་ལས་བྱུང་བའི་གནོད་འཚེ་ལ་ཟེར་ཞིང་། ཆུ་ལོག་གིས་ཞིང་ལས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་ཕུད། ད་དུང་བཟོ་ལས་དང་ཐ་ན་ཚེ་སྲོག་རྒྱུ་ནོར་ལའང་གྱོང་གུན་བཟོ་སྲིད། འདི་ནི་མིའི་རིགས་ཀྱི་འཚོ་གནས་ལ་འཇིགས་སྐུལ་ཐེབས་པའི་རང་བྱུང་གནོད་འཚེ་ཆེན་པོ་བཅུའི་གྲས་ཤིག་ཡིན།

དྲག་ཆར་འབབ་དུས་སྔོན་འགོག་བྱེད་ཐབས་ཇི་ལྟར་ལག་བསྟར་བྱེད་དགོས།

གཅིག དྲག་ཆར་འབབ་དུས་སྒོ་དང་སྒེའུ་ཁུང་བརྒྱབ་ནས་ཆར་ཆུ་ཁང་པའི་ནང་མི་བཞུར་བར་བྱེད་པ་དང་། གལ་ཏེ་ཁང་པའི་ནང་དུ་ཆུ་བཞུར་ཚེ་འཕྲལ་མར་གློག་ཁུངས་དང་སོལ་རླངས་སོགས་སྒྲིག་ཆས་ཀྱི་སྒོ་རྒྱག་དགོས།

གཉིས། ས་དམའ་སར་ཡོད་པའི་ཕྱི་རོལ་གྱི་གློག་ཁུངས་ལ་བཅར་མི་རུང་།

གསུམ། ཆུ་རྒྱུན་ཁྲོད་འགྲོ་མི་རུང་། གཏིང་ཚད་ལི་སྨི15ཡོད་པའི་ཆུ་རྒྱུན་གྱིས་མི་འགྱེལ་དུ་འཇུག་ཐུབ།

བཞི། རི་ཁུལ་དུ་ཆུ་རྒྱུན་དྲག་ཏུ་འབབ་པ་དང་རྙོག་རྫོབ་ཆེ་བ། བྱེ་འདམ་འདྲེས་པ་ཡིན་ན། འདི་ནི་རི་ཆུ་རྒྱས་པའི་སྔ་ལྟས་ཡིན་ཤས་ཆེ་བས་གང་མགྱོགས་ཀྱིས་ཆུ་ལམ་དང་ལུང་ཤུར་དང་ཁ་བྲལ་དགོས།

ལྔ། དྲག་ཆར་ཁྲོད་རླངས་འཁོར་གཏོང་སྐབས་ཆར་སྨུག་གི་གློག་སྒྲོན་བཀར་ནས་དལ་མོར་འགྲོ་བ་དང་། ཆུ་ལོག་སྔོན་འགོག་བྱ་རྒྱུར་དོ་སྣང་བྱས་ཏེ་འཁྱིལ་ཆུ་དང་ལམ་རྡིབ་པ་སོགས་ལ་གཡོལ་དགོས།

དྲུག ཁྲོམ་གཞུང་གི་གློག་ཤུགས་སྒྲིག་བཀོད་ལ་དོ་སྣང་བྱ་དགོས་ཏེ། དཔེར་ན་གློག་སྐུད་ལྷུང་ཚེ་འཕྲལ་དུ་རྒྱང་ཐག་རིང་དུ་འགྲོ་དགོས་ལ། དེ་དང་མཉམ་དུ་གང་མགྱོགས་ཀྱིས་གློག་ཤུགས་ལས་ཁུངས་ལ་སྙན་སེང་ཞུ་དགོས།

བདུན། གལ་ཏེ་སྡོད་གནས་ཆུས་བསྣུབས་པའི་གནས་ཚུལ་ཚབས་ཆེན་འབྱུང་སྲིད་ན། སྡོད་གནས་ལས་ཕྱིར་འཐེན་བྱས་ཏེ་གནས་སྐབས་བདེ་འཇགས་ས་གནས་སུ་གཡོལ་ཐབས་བྱེད་དགོས།

ཆུ་ལོག་བྱུང་དུས་དོགས་ཟོན་དང་རང་སྐྱོབ་ཇི་ལྟར་བྱེད་དགོས།

གཅིག ངེས་པར་དུ་ཡིད་རྣལ་ལ་ཕབ་ནས་རང་ཉིད་ཀྱི་མཐའ་འཁོར་ཁོར་ཡུག་ལ་མགྱོགས་མྱུར་ངང་བརྡར་བཅད་དེ། རི་སྟེང་ངམ་ཡང་ན་ཅུང་མཐོ་བའི་ས་ཆར་གང་མགྱོགས་ངང་སྤོ་སྒྱུར་བྱེད་དགོས། གལ་ཏེ་སྐབས་ཤིག་རིང་གཡོལ་མ་ཐུབ་ཚེ་བལྟོས་བཅས་ཀྱི་བདེ་འཇགས་ཡིན་པའི་ས་ཆ་ཞིག་བདམས་ནས་ཆུ་ལོག་ལ་གཡོལ་དགོས།

གཉིས། ལམ་རྟགས་གསལ་པོ་ཤེས་པ་དང་ཕྱིར་འཐེན་བྱེད་པའི་ལམ་ཐིག་དང་དམིགས་ས་ཁ་གསལ་བཟོས་ཏེ། དངངས་སྐྲག་སྐྱེས་ནས་ལམ་ནོར་མི་ཤོར་བར་བྱེད་དགོས།

གསུམ། མྱུར་ཟས་འདང་ངེས་སམ་ཡང་ན་ཉིན་ཁ་ཤས་འདང་བའི་ཟས་རིགས་བཙོས་མ། འཐུང་ཆུ་དང་ཉིན་མཁོའི་དངོས་རྫས་འདང་ངེས་བཅས་གྲ་སྒྲིག་བྱེད་དགོས། ཆུ་ལོག་ཐོན་སྐབས་གནས་སྤོ་བྱེད་ཁོམ་མ་བྱུང་བའི་མི་སྣས་ཐག་གང་ཉེ་བལྟས་ནས་རི་ལྡེབས་དང་གྲུབ་ཆ་བརྟན་པའི་ཐོག་བརྩེགས་ཁང་པ། ས་མཐོ་སོགས་སུ་གནས་སྤོ་བྱེད་དགོས།

བཞི། ས་ཕག་ཁང་པའི་ནང་གི་མི་རྣམས་ཆུ་ལོག་ཡོང་དུས་གནས་སྤོ་བྱེད་ཁོམ་མ་བྱུང་ཚེ། མགྱོགས་མྱུར་ངང་སྒོ་ལེབ་དང་། སྒྲོག་ཙེ་དང་རྐུབ་སྟེགས། ཤིང་གི་ཉལ་ཁྲི། ལྦུ་སོབ་འགྱིག་ཤོག་ཆེན་པོ་སོགས་ཆུ་ལས་གཡེང་ཐུབ་པའི་རྒྱུ་ཆ་བཙལ་ནས་སྲོག་ཉེན་ལས་ཐར་ཐབས་བྱ་དགོས། ཆུ་རྐྱལ་རྒྱག་མི་རུང་བ་དང་ཁང་པའི་སྟེང་དུ་འཛེགས་མི་རུང་།

ལྔ། ཆུ་ལོག་མ་ཐོན་གོང་འཁྱེར་མི་བདེ་བའི་རྩ་ཆེའི་དངོས་པོ་རིགས་ཆུ་འགོག་འགྱིག་ཤོག་གིས་གཡོག་ནས་བསྡམས་རྗེས་ས་འོག་ཏུ་སྦས་དགོས།

དྲུག གལ་ཏེ་ཆུ་ལོག་གིས་བསྐོར་བ་ཡིན་ན་ས་གནས་དེ་གའི་སྲིད་གཞུང་ངམ་སྡེ་ཁག་ལ་མགྱོགས་མྱུར་ངང་འབྲེལ་བ་བྱེད་དགོས་པ་དང་། རང་ཉིད་ཀྱི་ཁ་ཕྱོགས་དང་ཉེན་ཁའི་གནས་ཚུལ་ཡར་ཞུ་བྱས་ནས་རོགས་སྐྱོབ་འཚོལ་ཐབས་བྱེད་དགོས།

བདུན། ཆུ་རྐྱལ་བརྒྱབ་ནས་སྲོག་ཉེན་ལས་ཐར་ཐབས་གཏན་ནས་བྱེད་མི་རུང་། གློག་ཡོད་པའི་གློག་ཤིང་དང་ལྕགས་ཀྱི་མཆོད་རྟེན་སྟེང་འཛེག་མི་རུང་།

བརྒྱད། གལ་སྲིད་ཆུ་ལོག་གི་ཁྲོད་དུ་ཚུད་པ་ཡིན་ན། ངེས་པར་དུ་གཏན་འཇགས་སམ་གཡེང་ཐུབ་པའི་དངོས་པོ་འཛིན་གང་ཐུབ་བྱས་ནས་སྲོག་ཉེན་ལས་ཐར་བའི་གོ་སྐབས་འཚོལ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号