ཐུམ་འབུའི་ནད་ཀྱི་འགོག་བཅོས།

ཐུམ་འབུའི་ནད་ནི་ནོར་ལུག་སོགས་ལ་འབྱུང་བའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན། ཆེ་ཆུང་སྐུད་སྣེ་དང་འདྲ་ཞིང་མིང་ལ་ཚེར་ཟླུམ་རྒྱུ་འབུ་ལེབ་རིང་ཟེར་བའི་འབུ་ཕྲ་དཀར་པོ་ཞིག་ལས་བྱུང་བ་རེད། ཐུམ་འབུའི་ནད་ཀྱི་འབྱུང་རྐྱེན་དུ་གྱུར་པའི་ཚེར་ཟླུམ་རྒྱུ་འབུ་ལེབ་རིང་ལ་རིགས་གཉིས་ཡོད་དེ། སོ་སོར་ཚེར་ཟླུམ་རྒྱུ་འབུ་ལེབ་རིང་ཕྲ་རྡོག་ཅན་དང་ཚེར་ཟླུམ་རྒྱུ་འབུ་ལེབ་རིང་ཁང་མང་ཅན་ཟེར་བ་དང་།  ཚེར་ཟླུམ་རྒྱུ་འབུ་ལེབ་རིང་ཕྲ་རྡོག་ཅན་གྱིས་སྣོད་གཤིས་ཐུམ་འབུའི་ནད་འབྱུང་དུ་འཇུག་ལ། ཚེར་ཟླུམ་རྒྱུ་འབུ་ལེབ་རིང་ཁང་མང་ཅན་གྱིས་ཝུ་གཤིས་ཐུམ་འབུའི་ནད་འབྱུང་དུ་འཇུག་པ་རེད།

རང་ཞིང་དུ་ཐུམ་འབུའི་ནད་སྣོད་གཤིས་དང་ཝུ་གཤིས་ཅན་གཉིས་ཀ་ཡོད་པར་མ་ཟད། ད་རུང་སྣོད་གཤིས་ཅན་དང་ཝུ་གཤིས་ཅན་གྱི་ཐུམ་འབུའི་ནད་ལྷན་གཅིག་འབྱུང་བའང་མང་པོ་ཡོད། དེ་ལ་མཉམ་བསྲེས་ཅན་གྱི་ཐུམ་འབུའི་ནད་ཟེར། ཚེར་ཟླུམ་རྒྱུ་འབུ་ལེབ་རིང་དེ་ཁྱི་དང་ཝ། སྤྱང་ཀི་སོགས་ཀྱི་རྒྱུ་ནག་ཏུ་འཚོ་སྡོད་བྱེད་པ་དང་། དེ་དག་གིས་བཏང་བའི་འབུ་སྒོང་དེ་བཤང་གཅི་དང་འགྲོགས་ནས་ཕྱིར་ཐོན་པ་ན། དེས་ཁོར་ཡུག་དང་རྩྭ་ཐང་། ཆུའི་མགོ་ཁུངས་སོགས་བཙོག་པོར་བཟོ་ཞིང་། མི་དང་ཁྱིམ་ཕྱུགས་ཀྱིས་འབུ་སྒོང་དེ་དག་བཟའ་བཏུང་བྱས་པ་ལས་ཐུམ་འབུའི་ནད་བྱུང་བ་རེད།

ཐུམ་འབུའི་ནད་སྔོན་འགོག་བྱེད་དགོས་ན། ཐོག་མར་འཚོ་བའི་གོམས་གཤིས་ཡག་པོ་ཞིག་གསོ་སྐྱོང་བྱེད་དགོས་པ་སྟེ།

1.ཟླ་རེར་ཁྱི་ལ་ནད་འབུ་འདེད་བྱེད་ཀྱི་སྨན་བླུད་ནས་ཁྱིའི་ཁོག་པའི་ནང་གི་ནད་འབུ་ཕྱིར་འདེད་དགོས།

2.ཟས་རིགས་ཚོས་མ་བཟའ་བ་དང་གཙང་སྦྲ་ལེགས་པོ་བྱེད་དགོས། འབུ་སྒོང་གིས་སྦགས་བཙོག་ཐེབས་ངེས་ཡོད་པའི་དངོས་ཟོག་དང་རིང་དུ་གྱེས་དགོས།

3.ཁྱི་ལ་མི་རྩེ་བ་དང་ཆུ་འཁྱག་མི་འཐུང་བ། ནད་ཡམས་ཅན་གྱི་ནོར་ལུག་གི་ནང་ཁྲོལ་ཁྱི་ལ་མི་སྟེར་བ་བཅས་བྱས་ནས་ཐུམ་འབུའི་ནད་ཀྱི་འགོ་ལམ་གཅོད་དགོས།

4.ཚད་ལྡན་གྱི་ལག་པ་བཀྲུ་ཐབས་སློབ་པ་དང་། རྒྱུན་དུ་ལུས་བཤེར་དང་གཙང་སྦྲ་བྱེད་པ། ཁྱི་སྐྱག་སོགས་ཀྱི་མི་གཙང་བ་ས་འོག་ཏུ་སྦས་པ་སོགས་བྱས་ནས་རང་སྟེང་ནས་ཐུམ་འབུའི་ནད་སྔོན་འགོག་བྱེད་དགོས་པ་བཅས་སོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号