སྲང་ལམ་འདི་ནས།

ཞོགས་གཞོན།


སྲང་ལམ་འདི་ནས་

ངས་སྐྱིད་པའི་ཚོར་བ་ཅི་ཡང་མ་རྙེད་པ་དེ

བྱིས་དུས་ཀྱི་འཆར་སྒོ་བོར་བའི་བགྲེས་པོ་ཞིག

རྩ་ཆེ་བའི་དུས་ཚོད་དང་སྐར་མ་མང་བོའི་ཁ་གཏད་དུ

ཁ་རོག་གེར་ཧོན་འཐོར་བ་དང་ཤིན་ཏུ་མཚུངས

 

སྲང་ལམ་འདི་ནས་

ངས་སྐྱིད་པའི་ཚོར་བ་ཅི་ཡང་མ་རྙེད་པ་དེ

མགོ་བོ་འཐོམ་པའི་མི་ཚོགས་ཀྱིས

འཚོ་བའི་སྨྱོ་བཤད་ནི་གྲི་རྣོན་པོ་ཞིག་ལྟར

ང་རང་གཅིག་པུར་ཡང་ཡང་རྨིས་པ་དང་འདྲ

 

སྲང་ལམ་འདི་ནས་

སླར་མཇལ་གྱི་བསམ་པ་མེད་པའི་གྲིབ་མ་མང་བོས

ང་ལ་སྐྱིད་པའི་ཚོར་བ་ཅི་ཡང་བཞག་མེད

 

སྲང་ལམ་འདི་ནས

སྐྱིད་པའི་ཉམས་ཅུང་ཙམ་ལྡན་པ་ནི

ཁྱེད་ཀྱིས   ད་དུང་མངོན་ཆུང་གིས་ཚུལ་གྱིས  

འུ་གཉིས་ཀྱི་བར་ཐག    རིང་བོར་མ་བཅད་པ་དེ་རེད།      

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号