ཐ་སྙད་ཀྱི་འགྲུལ་བཞུད། 

ཞོགས་གཞོན

 

    —— བོད་ཀྱི་སྙན་ངག་པ་གཅན་མེ་སྟག་ལགས་སྐུ་གཤེགས་པར་མྱ་ངན་ཞུ།

མི་ཡུལ་དང་དམྱལ་བའི་བར་ཐག

སུས་ཀྱང་བཤད་དཀའ་ནའང

འོད་ལམ་ལམ་གྱི་བརྩེ་བས

མུན་པ་སྐྱེངས་པར་བཟོས

 

འཇིག་རྟེན་འདིར་བཤད་པའི་ཆོས་ཉིད་དག

ཁྱོད་ཀྱིས་སུ་ལའང་བཤད་པའི་མཐའ་མར  

སེམས་ནང་ནས་མཐོང་བའི་ཕོ་བྲང་གི་ཕྱོགས་བཞི་ཁྲིད་ནས་བུད་སོང

 

སྙན་ངག་པ     ས་སྲོད་དང་ཞོགས་པ་ཁྲི་ཕྲག་གི་འགྲོ་འོང་ཅི་འདྲ་རྩུབ་ནའང

བརྩེ་དུང་དང་འཆར་ཡན་འབུམ་ཕྲག་གི་སྒྱུ་མར་གཡེང་ནས

འཇིག་རྟེན་འདིའི་ཆེས་ཕྲ་བའི་བྱ་དངོས་ཀྱི་བར་ཐག

ཁྱོད་གཅིག་པུས་བྲིས་པ་དང་འདྲ་བོ་འདུག

 

དོ་ནུབ སྨྲེང་པའི་ཐ་སྙད་གྱི་འགྲུལ་བཞུད་ཅིག

ངས་སེམས་ནས་བཟོད་ཐུབ་མི་འདུག

དོ་ནུབ དྲག་ཤུལ་དང་དཔའ་བོའི་ཉམས་རེ་རེ

ངས་སེམས་ནས་བཟོད་ཐུབ་མི་འདུག

    2022ལོའི་ཟླ9བའི་ཚེས་20ཉིན་གྱི་མཚན་མོར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号