འཆི་བར་སྒུག་མཁན།སྦྲ་འཚོ།༡
ཟླ་བདུན་པའི་ཤུགས་རིང་དང་མྱ་ངན་དགཤིན་ཏུ་ཐེག་པར་དཀའགཉོམ་ཆུང་བའི་ཚེ་སྲོག་གི་སྐད་ཅིག་མ་རེ་རེསསྐམ་མི་ཐུབ་པའི་སེམས་པ་འདི་ལྗིད་དྲགས་པསཆུ་ཐིགས་མེད་པའི་མིག་ཀོང་འདི་སྐྱ་དྲགས་པསཁེར་རྐྱང་གི་རྡོ་བ་ཁེར་རྐྱང་དུ་བསྡད་ནས་ལོ་ངོ་ག་ཚོད་ཕྱིནསྐྱབས་དང་སྐྱབས་གནས་མེད་པརམགོན་དང་དཔུང་གཉེན་མེད་པར
༢
རྡོ་བ་གཉིས་གྱེས་བྲལ་གྱི་གཡས་གཡོན་དུ་འགྲེངས་ཏེརང་རང་གི་ཁ་བྱང་བསྲུངསཟམ་པ་ཆད་པའི་ཤུལ་དུགྲེ་བ་འགགས་ཏེ་སྨྲ་བ་མེད་པར་གྱུརམིད་པར་ལུས་པའི་སྨྲ་དཀའ་བ་དེ་དག་གིསསྟོང་པ་ཉིད་དང་ཤེས་རབ་ཀྱི་ཚབ་བྱེད་ཐུབ་བམ
༣
བས་མཐའ་ནས་བཏང་བའི་གླུ་བཞས་འདིཆར་བས་བརླན་མ་མྱོང་བའི་མྱ་ངམ་ཐང་དང་འདྲརྡོ་བར་གས་སྲུབས་ཤོར་རྗེསརྒྱང་རིང་གི་ཐ་སྙད་ལ་སྐྱབས་འཇུག་ཞུ་དགོས་བྱུངཉིན་གཅིག་གི་དུས་ཚོད་ནི་བསྐལ་པ་གཅིག་ལས་རིང་སྣང་འཆརསྐྱོ་ཏིང་ངེར་མི་ཚེ་ཞིག་བསྐྱལ་བ་ལསའཆི་བའི་ཁ་གཏད་དུ་སྡོད་ན་སྐྱིད་སྣང་འཆརའཆི་བ་དང་བར་ཐག་ཇེ་ཐུང་དུ་གཏང་ན་སྐྱིད་སྣང་འཆར
༤
ད་ལྟ་ང་འདར་སིག་སིགངའི་སེམས་པ་དང་མིག་ཟུང་འདར་སིག་སིགཐ་སྙད་ཀྱི་ཟམ་པ་འཇིག་སརཉི་མས་སེམས་པ་མི་དྲོ་སརཨེ་ལིའོ་ཐིའི«མྱ་ངམ་ཐང»ཀློག་གིནསང་ཉིན་གྱི་འཆི་བར་སྒུག་གིན་ཡོད
༥
མིག་བཙུམ་ན་རྒྱང་རིང་དུ་སླེབས་འགྲོམིག་ཕྱེ་སྟེ་བལྟས་ནཉམ་ཐག་པའི་ངོ་གདོང་སྐྱ་བོ་མཐོང་ཡོངཀྱི་ཧུདད་ནི་ཅི་བྱ་ཨངངས་གདོང་ལ་རས་ཀྱིས་གཡོགས་ཏེ་སྲང་ལམ་ཉུལམི་ཚོགས་ཀྱིས་ཕན་ཚུན་གདོང་བ་མཐོང་བར་དོགས་ཏེསྲང་ལམ་དུ་ང་དང་འདྲ་བར་མགོ་བོ་གུག་སྟེ་འགྲོ་བཞིན་འདུགམིའི་རིགས་ཀྱི་ཆེས་མི་སྡུག་པའི་གཟུགས་དེམིའི་རིགས་ཀྱི་ཆེས་ལྗིད་པའི་ཆག་སྒོ་དེ
༦
ནམ་རྒྱུན་མཚན་མོའི་དུས་སུང་ལ་གཉིད་མི་ཡོངསེམས་པ་སྙི་མོ་ལག་པས་བཟུང་ནསའཆི་བའི་ཁ་གཏད་དུ་བསྡད་ཡོདའཆི་བ་ལ་མ་ཐུག་གི་བར་དུང་འདི་ལྟར་སྡོད་དགོསའགྲམ་པ་ལག་པས་བསྐྱོར་ནསམགོ་བོ་ཐུར་དུ་དཔྱངས་ནས
༧
རྐང་རྗེས་ལུས་སོངདྲི་མ་ལུས་སོངངའི་རྐང་རྗེས་ཁྱོད་ཀྱིས་མཐོང་ཡོད་ཤགངའི་དྲི་མ་ཁྱོད་ཀྱིས་ཚོར་ཡོད་ཤགགྲིབ་གཟུགས་སྐྱ་བོ་འདིདྲུད་དྲུད་ནསནང་སེམས་སྙི་མོ་འདིདེད་དེད་ནསང་གས་སྲུབས་མང་བའི་རྒྱ་མཚོའི་ཁར་སླེབས་བྱུང
༨
མི་གསོད་ཀྱི་ལག་དམར་ཞིག་གིསང་མྱ་ངམ་ཐང་དུ་དེད་རྗེསང་ལ་དཔྱིད་ཀ་དང་དབྱར་ཁ་མེད་པར་གྱུརང་ལ་ནམ་མཁའ་དང་གཤོག་པ་མེད་པར་གྱུརམྱ་ངམ་ཐང་འདི་ཅི་ཙམ་རྒྱ་ཆེ་ནསྒྲ་གཟུགས་ལས་འདས་པ་དག་དེ་ལྟར་རྒྱ་ཆེ་ཨང
༩
འདི་ལ་གཟུགས་མེད་ཀྱངའདི་ལ་སྒྲ་མེད་ཀྱངའདི་ལ་དྲི་མེད་ཀྱངའདི་ལ་རོ་མེད་ཀྱངའདི་ཉིད་ཤིན་ཏུ་ཐེག་པར་དཀའའདི་ཉིད་མྱ་ངམ་ཐང་ཧྲིལ་པོ་ལས་ཀྱང་ལྗིདའདི་ཉིད་རྒྱ་མཚོ་ཧྲིལ་པོ་ལས་ཀྱང་ཟབ
༡༠
ངའི་སྐྲ་ལོ་ད་དུང་ཇེ་ཉུང་དུ་འགྱུར་མི་རནམིག་ཟུང་ད་དུང་རབ་རིབ་ཏུ་འགྱུར་མི་རནཡིན་ནའངད་ལྟ་ངའི་སྐྲ་ལོ་ཇེ་ཉུང་དུ་འགྱུར་གྱིན་འདུགམིག་ཟུང་རབ་རིབ་ཏུ་འགྱུར་གྱིན་འདུགད་དུང་འཆི་བའི་དུས་མིན་ཡངང་སྐད་ཅིག་སྐད་ཅིག་གིས་འཆི་བཞིན་འདུགསྐད་ཅིག་སྐད་ཅིག་གིས་རྒ་བཞིན་འདུགསྐད་ཅིག་སྐད་ཅིག་གིས་མི་གཞན་ཞིག་ལ་འགྱུར་གྱིན་འདུགཀྱི་ཧུདཅི་འདྲའི་བཟོད་པར་དཀའ་བ་ཞིགཅི་འདྲའི་མྱ་ངན་ལྗིད་པོ་ཞིགཀྱེ་མམགོ་ཐོག་གི་ལྷ་དང་ལྷ་མོརྐང་འོག་གི་ཀླུ་དང་ཀླུ་མོཁྱེད་རང་ཚོས་མཁྱེན་ཨེ་བྱུངམྱ་ངན་འདི་ག་རེ་ཡིན་པ ཡང་སྙིང་ཅི་ཞིག་ཡིན་པ
༡༡
འདི་ན་ལྕགས་བཞུ་ས་ཞིག་འདུགའདི་ན་ཐ་སྙད་རྣམས་མེ་སྲེག་གཏོང་ས་ཞིག་འདུགའདི་ན་ལྗོན་པ་དག་སྐམ་དྲགས་ཏེ་སྐྱ་ཐེར་ཐེར་གདའའདི་ན་རྡོ་བ་དག་ཐང་ཆད་དེ་ལྗིད་ཏིག་ཏིག་གདའའདི་ན་ད་དུང་ཁྲག་གི་རྗེས་ཤུལམིག་ཆུའི་རྗེས་ཤུལཁེར་རྐྱང་གི་རྗེས་ཤུལསེམས་ཀྱིས་མི་བཟོད་པའི་རྗེས་ཤུལ་མང་པོ་གདའ
༡༢
(གྱེས་གདུང་གིས་གཟིར་བའི་མིག་ལྕིབས་སུགྲུ་ཟུར་ཤིན་ཏུ་རྣོ་བའིམྱ་ངན་གྱི་ཆག་གྲུམ་ཞིགའགོག་མེད་རྒྱུ)① ཤིང་སྐམ་མི་རོ་ལྟར་རེངས་ཤིང་།།ཁ་བ་བུ་ཡུག་སོག་ལེ་བཞིན།། འཐོར་རླུང་དྲག་པོའི་མུན་གཏིབས་པ།།ལུས་དང་སྲོག་གི་ཆོམ་པོར་རྒྱུ།།②གནས་འདིར་ད་དུང་ཅི་ཞིག་རྒྱུ་ཨང
༡༣
བདུད་རྩི་དེ་ཡང་ཡང་དྲན་ཡོངམྱངས་པས་ངོམས་པ་མེད་པའི་བདུད་རྩིལྕེ་ཐོག་གི་བདུད་རྩིསེམས་ནང་གི་བདུད་རྩིབྲལ་ནས་བཟོས་པའི་རྨ་ཁཐོབ་ནས་ཤོར་བའི་ཡིད་གདུངརླན་དང་རླན་འཕྲད་པ་ལསསེམས་སུ་མྱ་ངན་སྐྱེས
༡༤
སྐད་ཆ་གཅིག་གི་རྒྱབ་ཏུ་སྐད་ཆ་གཞན་ཞིག་བསྐུངས་འདུགམིག་ཟུང་གི་ཉམས་འགྱུར་ནི་གསང་བ་ཤིན་ཏུ་ཟབ་པའི་ལྐོག་གྱུར་ཞིགམཆུ་སྒྲོས་འགུལ་ཙམ་འགུལ་ཙམཁྱོད་ཀྱིས་ད་དུང་ཤོད་མ་ཐུབ་པ་ཅི་ཞིག་ལུས་ཡོདཁྱོད་ལ་ད་དུང་བློས་གཏོང་མི་ཐུབ་པ་ཅི་ཞིག་ཡོདབློ་གཅིག་སེམས་གཅིག་གིས་འཆི་བར་སྒུག་མཁནརྨ་ཁའི་གཏིང་ལ་བདུད་རྩི་ཨེ་འདུགརྨ་ཁའི་གསེབ་ན་རོལ་དབྱངས་ཨེ་འདུགརྨ་ཁའི་ཁྲོད་ན་ཐ་སྙད་ཀྱི་ཟུངས་ཁྲག་ཨེ་འདུག
༡༥
མྱ་ངམ་ཐང་འདིརམི་རྣམས་ཀྱིས་བྱེ་མ་བཙིར་ནསསྐོམ་གདུང་སེལ་བར་འབདཀྱི་ཧུདམི་ཚེ་འདི་རིང་དྲགས་པསཐ་སྙད་ཀྱི་རྡོ་བ་ལྗིད་དྲགས་པས
༡༦
གངས་རིར་འཁྱུག་ཙམ་བལྟསརྩྭ་ཐང་དུ་འཁྱུག་ཙམ་བསྡདརྒྱ་མཚོའི་ཁར་ཐེངས་གཅིག་སོངགཙང་པོའི་འཁྲིས་སུ་ལན་གཅིག་འགྲེངསལྟོགས་སྐོམ་གྱིས་བཟོས་པའི་མྱ་ངན་གྱི་ནམ་མཁརཁྲག་གི་རི་མོ་བཞེངསརི་མོའི་ནང་ནསཁྲག་གི་ཐིགས་པ་ཟགསགནས་འདི་ནས་བརྩེ་བས་འཕྲད་མཁན་སུ་ཞིག་བདོགགནས་འདི་ནས་སེམས་ཀྱིས་མདུད་མཁན་སུ་ཞིག་བདོག
༡༧
རི་མོ་འདི་སྣུམ་ཚོན་རི་མོ་དང་འདྲ་བོ་འདུགརི་མོའི་གསེང་གི་མི་ཚོགསདངོས་ཡོད་ཀྱི་མི་ཚོགས་དང་འདྲ་བོ་འདུགམི་ཚོགས་ཀྱི་གསེང་དུམི་ཞིག་གིས་ད་དུང་སྣུམ་ཚོན་རི་མོ་འབྲི་བཞིན་འདུགདངོས་ཡོད་ཀྱི་སྡུག་བསྔལ་དག་བརྗེད་པར་གྱིསདངོས་ཡོད་ཀྱི་རྡོག་ཁྲེས་དག་བརྗེད་པར་གྱིསཀྭ་ཡེ བས་མཐའི་རི་མོ་པསྒྱུ་འཕྲུལ་གྱི་བློས་བསླངས་བཞེངས་མཁནཁ་དོག་ནག་ཀྱང་སྙིང་གི་ཐིག་ལེ་བཞེངས་མཁནཔིར་རྩེ་ཕྲ་ཡང་ནང་སེམས་ཀྱི་མྱ་ངན་བཞེངས་མཁན
༡༨
བྱང་ཁོག་ཏུ་སྤུར་བའི་བྱེ་མརྡུལ་འཚུབ་ལོང་ལོངབྲལ་ནས་མེད་པར་བཟོས་པའིཐ་སྙད་ཀྱི་འབྲེལ་སྒྲ“བྱང་ཁོག་ཆར་བས་བརླན་ཏེ་ཁེར་ཧྲེང་ངེར་ལོག་འགྲོ་དུས་ཀྱང”③ཁྱོད་ནི་ཁྲག་རྩའི་སྦུབས་སུ་རྒྱུ་བཞིན་འདུགཟམ་པ་མེས་ཚིག་སྟེ་སྨྲེང་ཤ་ལེར་གྱེས་འགྲོ་དུས་ཀྱངཁྱོད་ནི་སེམས་ཀྱི་གཙང་པོར་སྐྱོམ་གྱིན་འདུག
༡༩
གནས་འདིའི་ལྗོན་པ་དག་ལ་ཡལ་ག་མི་འདུགལོ་མ་ནི་དེ་བས་ཀྱང་མི་འདུགཡིན་ནའངམི་རྣམས་ཀྱིས་ལྗོན་པར་འཐམ་ནསསྐྱབས་འཇུག་སྣ་ཚོགས་བྱེད་ཀྱིན་འདུག
༢༠
སྟོང་པ་ཉིད་དང་ཤེས་རབ་ཀྱི་ཚོགས་ལ་བྲལ་བའིསྙིང་རྗེ་དང་བྱམས་པའི་ཚོགས་ལ་བྲལ་བའིགནས་འདིར་མིའི་རིགས་ཀྱིས་འདོར་མི་ཐུབ་པའི་དངོས་པོ་ཞིག་ཨེ་ཡོདགནས་འདིརམུན་པའི་གནས་མལ་ཙམ་ད་དུང་བདོག་གམའཆི་བའི་རྒྱལ་ཁམས་ཙམ་ད་དུང་བདོག་གམ
༢༡
ནམ་མཁར་རི་མོ་ཞིག་བྲིས་འདུགསྒོ་དང་སྒེའུ་ཁུང་མེད་པའི་ཁང་པ་ཞིག་བྲིས་འདུགགླུ་སྐད་མི་ཐོས་པའི་འོན་པ་ཞིག་བྲིས་འདུགདེ་ཉིད་ལོང་བ་ཡིན་པ་ཞིག་ཀྱང་བྲིས་འདུགད་དུང་དེའི་ལག་ཏུ་རྒྱ་སེ་མེ་ཏོག་རྐང་གཅིག་བྲིས་འདུགདེ་ཉིད་སྡོང་འོག་ནས་མགོ་བོ་དགྱེ་སྟེདམིགས་ཡུལ་ལྗིད་པོ་ཞིག་བྱང་ཁོག་ཏུ་བཅུག་ཡོད་པ་ཞིག་བྲིས་འདུགརི་མོ་དེའི་མིང་ལ«འཆི་བར་སྒུག་མཁན»ཞེས་བཏགས་འདུག
༢༢
བྱང་ཁོག་གི་ཟམ་པ་འདི་ཐ་སྙད་རློན་པ་ལས་སྐྱེསཟམ་ཁར་འགྲེང་བའི་མི་དེ་ཡངང་དང་འདྲ་བར་ཐ་སྙད་རློན་པ་ལས་སྐྱེསཐེག་པར་དཀའ་བའི་ཐ་སྙད་ཀྱི་བཀའ་ཁྲིམས་དེསབཙོན་པ་ཁ་ཤས་ཉམས་དམས་སུ་བཏངཁོང་ཚོས་ཐབས་བརྒྱ་ཇུས་སྟོང་གིསཚེ་སྲོག་གི་ལྷག་མ་འཆི་བའི་རྒྱལ་ཁམས་སུ་འདེད་ཀྱིན་འདུགཁོང་ཚོས་འཆི་བ་ནི་བླ་མེད་ཀྱི་བདེ་སྐྱིད་ཡིན་པར་འདོད
༢༣
གནས་འདིར་རོལ་དབྱངས་དང་ལྷ་ཚོགས་མི་འདུགརྡོ་བའི་སྙིང་ཁ་དང་གཙང་པོའི་རླབས་སྒྲ་མི་འདུགགནས་འདིའི་ས་གཞི་སྨུག་ལོང་ལོངནམ་མཁའ་འཁྱགས་སིབ་སིབམི་རྣམས་འདར་སིག་སིགད་དུང་གྱང་ཤུལ་དུ་ཆག་རོ་མང་པོ་སྤུངསཤི་རོ་མང་པོ་སྤུངསགནའ་འདིར་མི་རྣམས་གསོན་རེ་བྲལགསོན་ནའངཡང་སྙིང་ཅི་ཞིག་བདོག
༢༤
འཆི་བར་ཕྱོགས་རིས་མེད་པསའཆི་བར་བཀའ་ཁྲིམས་མེད་པསའཆི་བར་ཐོབ་ཤོར་མེད་པསའཆི་བར་འདུ་འབྲལ་མེད་པསའཆི་བར་ལྟོགས་སྐོམ་མེད་པསའཆི་བར་རེ་དོགས་མེད་པསའཆི་བར་སེར་ཀ་མེད་པསའཆི་བ་ཁོ་ན་ཞི་བ་དང་བདེ་བའོའཆི་བ་ཁོ་ན་རེ་བ་དང་གསོན་པའོསང་ཉིན་འཆི་ན་དགའརུས་པ་ཆག་པའི་མིསང་ཉིན་འཆི་ན་དགའཁེར་རྐྱང་ལ་སྐྲག་པའི་མིསང་ཉིན་འཆི་ན་དགའམིག་ཀོང་གི་ཆུ་ཐིགས་འཛད་ལ་ཉེ་བའི་མི
༢༥
བདེ་བར་གཉིད་ཅིང་བདེ་བར་སད་པར་གྱུར་ཅིགང་དང་ངའི་འཁོར་བཡང་ནང་དང་ངའི་མྱ་ངན་ལྗིད་པོམཆན།① འཇུ་སྐལ་བཟང་གི་ཚིག་གཡར་བ།② སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་ཚིག་གཡར་བ།③ བྱ་གཞུང་དབྱངས་བྷའི་ཚིག་གཡར་བ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注