གོ་བརྡ་མ་འཕྲོད་ད་དུང་ག་ལེར་ལུས།(ཞར་བཀོད་ལྔ།)
ཀྱ་མ་ཀྱོག་གིས་ཁྱེར་བའི་ལམ་གའམ། །
ཡང་ན་ཟམ་ཆེན་གྱིས་སྟོང་གཙང་པོ་སྟེ། །
གོ་ལ་གཡས་སུ་འཁོར་བའི་འཁོར་ལོ་འདི། །
གོ་བརྡ་མ་འཕྲོད་ད་དུང་ག་ལེར་ལུས། །
2007ལོའི་ཟླ1པའི་ཚེས31ཉིན།
དྲ་ཉུལ་བ།
ཕྱིར་དྲན།
མདང་གི་རྨི་ལམ་ལྟ་བུའི་འཕྲུལ། །
ཡོད་ཡོད་འདྲ་ལ་སྟོང་སྟོང་འདྲ། །
རྨས་ཀྱང་སླ་ལ་སོས་ཀྱང་སླ། །
ངུ་ཡང་བྲོ་ལ་དགོད་ཀྱང་བྲོ། །
2012ལོའི་ཟླ11པའི་ཚེས13ཉིན།
འཇའ་ཚོན་ལ་སྙེག་པ།
—འདས་ཟིན་པའི་ཕྱིར་དྲན་སྣུམ་པོ་དག་ལ་ཕུལ་བ།
2012ལོའི་ཟླ10པའི་ཚེས4ཉིན།
རིང་ཐུང་།
—བརྙན་ལས་ལྷ་སར་རྒྱང་ཕྱག་འཚལ་ནས་འགྲོ་བ་མཐོང་རྗེས།
རྒྱང་རིང་རི་ཆུ་ཁྲི་ཡིས་ཆོད་ནའང་། །
རང་ཁྱིམ་གཞིས་ནས་ཇོ་བོར་ཕྱག་གིས་མཐུད། །
ཕལ་ཆེར་རིང་ཐུང་སོ་སོས་བཅད་པ་སྟེ། །
རིང་ན་དེ་ཡིན་ཐུང་ཡང་དེ་འདྲ་ལགས། །
2013ལོའི་ཟླ5པའི་ཚེས18ཉིན།
མཁའ་ཡི་གུར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注