དགེ་རྒན་དུས་ཆེན།

སྐྱབས་གནས་མཆོག་གསུམ་ལས་ལྷག་པའི།

མཁའ་དབྱིངས་ཀྱི་རྟ་བདུན་ལས་

གསལ་བའི།

གངས་དཀར་གྱི་ལྷུན་པོ་ལས་བརྗིད་པའི།

ངའི་ཚེ་འབར་གྱི་སྒྲོན་མེ་ཁྱེད་ཅག

བྱམས་བརྩེའི་ཆར་ཐིགས་རེ་རེས།

ངའི་ནང་སེམས་ཀྱི་མེ་ཏོག་རབ་ཏུ་

བསྐྱངས།

ལེགས་གསུང་གི་རལ་གྲི་རེ་རེས།

ངའི་རྨོངས་མུན་གྱི་ལྕགས་སྐུད་

མང་དག་བཅད།

མདུན་ཕྱོགས་ཀྱི་ལམ་བུ་དེ།

མུན་ནག་དང་ཀྱག་ཀྱོག་ཇི་ལྟར་ཆེ་རུང་།

ང་ལ་དཔུང་གཉེན་དང་འོད་སྣང་ཁྱེད་

ཅག་ཡོད་པས།

ང་ལ་འཇིགས་པ་དང་ཐེ་ཚོམ་གང་

ཡང་མེད།

ལམ་སྟོན་གྱི་ཉི་འོད་རེ་རེ་བཞིན།

ངའི་སེམས་ཀྱི་སྒེའུ་ཁུང་དུ་འཛུལ་དུས།

ངའི་ཕུགས་བསམ་གྱི་ཁང་པ་ནི།

ཇེ་གསལ་དུ་སོང་།

དུས་གསུམ་སངས་རྒྱས་ཟེར་བ་ཞིག་

ཡོད་ཀྱང་།

དེས་ནི་ཁྱེད་ཅག་གི་ཡོན་ཏན་དང་འགྲན་

ཕོད་པ་ལས།

ཁྱེད་ཅག་གི་བཀའ་དྲིན་ལ།

དུས་ནམ་ཡང་ཟླ་བོར་མི་ཡོང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号