ད་ལྟ་བ་ཐན་ཐུན། 

འཇུ་སྐལ་བཟང་།

མགོ་རྟིང་བསློགས་པའི་གཏོར་གཟུགས་མཆོད་རྟེན་དེ།

གསེར་གྱི་སྒ་སྲབ་སྤྲས་པའི།

ཁོ་ཚོས་ཡིད་ཆེས་ཞེས་པའི་ཐ་སྙད་དེ།

རྨེག་མེད་དུ་གཏོང་གིན་འདུག།


ཕ་གིའི་གྲིབ་མ་ནག་མདོང་ངེ་བ་དེ་ཚོས།

སུ་ཞིག་གི་བྲང་གཞུང་ལ་རྡོག་བྲོ་རྡུང་བཞིན་འདུག

ཡང་ཅི་ཞིག དེ་ཚོའི་དོན་བྱེད་པ་ཡིན་ཨེ་ཟེར།


ང་ཚོས་གཅེས་ཕྲུག་དེ་ཚོའི་བཟའ་སྐལ་གཅོད་ཀྱིན་འདུག

ང་ཚོ་སྨྲ་ཤེས་དོན་གོ་མ་རེད།

ང་ཚོ་མི་མ་རེད།


ང་ཚོས་མི་ཡུལ་ན་རྙེད་དུ་མེད་པའི་སྐྱེས་ཆེན་ཞིག་གི

ཞལ་རླངས་དྲོན་མོ་རྡོག་བརྫིས་བྱེད་བཞིན་འདུག

ང་ཚོ་མི་མ་རེད།


མི་ལོ་དུང་ཕྱུར་བརྒྱད་བརྒྱའི་འཇིག་རྟེན་དེ། དེ་རིང་།

ང་ཚོའི་མདུང་རྩེ་ན་འདར་གསིག་བྱེད་བཞིན་འདུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号