ཕ་ཡུལ་དུ་བྱོན་དུས།

ཆོས་འབྱོར་རྒྱ་མཚོ།

གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ལ་ཕུལ།

དེ་རིང  རྒྱང་རིང་དེ་རུ་ནམ་མཁའ་ནས་བྱོན་ཀྱང་ཆོག་ལ

དེ་མིན  ཇི་ལྟར་བྱོན་ཀྱང་དེའོ

སང་ཉིན  གཉེན་སྟོན་མིན་རུང

ཉི་མ་ལྷ་སའི་རྡོ་བ་རེ་རེ་ལ་ཐལ་མོ་སྦྱར་ཞིང

མི་རབས་རེ་རེའི་སྤྱི་ནོར་དུ་བྱོན་པའི

ནོར་བུའི་འོད་འོག་ཏུ་བཞུགས་པའི་འབྲོག་མོ་ཞིག་ཏུ་འཁྲུངས་པ

ཕ་ཡུལ་དུ་བྱོན་དུས

ཤིན་ཏུ་མཛེས་པའི་སྙན་ངག་ལྟ་བུའི་གཏམ་རྒྱུད་དང

ང་ཚོས་ཁ་བཏགས་རྒྱང་རིང་ནས་འཐེན་ཀྱང

རྒྱང་རིང་ནས་རྒྱང་རིང་དུ་བྱོན་པའི

ལྷན་སྐྱེས་ཀྱི་བཞིན་ལ་འཛུམ་ཞིག་ཁྱེར་ནས

ཕུ་ནུ་ཚོའི་ཁ་བཏགས་ལ་ལན་གཅིག་སྟེར་བའི

ཁྱོད་ལ་ཇི་ལྟར་སྙན་ངག་དང་སེམས་པ་སྟོན་ནམ

སང་ཉིན  གཉེན་སྟོན་མིན་རུང

བདག་གིས་སྟ་གོན་བྱ་དགོས

ཁྱོད་ཉིད་མེས་པོ་བཞིན 

ལྷ་སྒྲུང་བཞིན་ཤིན་ཏུ་མཛེས་སྡུག་གི་འཇའ་ཚོན་འཁྱིལ་བའི

ཡར་ཀླུང་གཙང་བོའི་མི་བརྒྱུད་ལས་མཆེད་པ

སྙན་ཚིག་རིང་མོའི་ངག་གླུ་ན

མཁའ་འགྲོ་བྲག་སྲིན་གཏུམ་མོའི་རིགས་རྒྱུད་དུ་བསྟན་ཡོད

དེའི་ཕྱིར  ཁྱོད་རང་ཕྱིར་ལ་ཕེབས་དུས

ངས་ཁྱོད་ལ་འོ་ཇ་དཀར་ཡོལ་གང་འབུལ་དགོས་ཤིང

ངས་ཁྱོད་ལ་དྲི་མེད་ཞོ་གསར་ཞིག་ཅིས་ཀྱང་ཕུལ་དགོས

རྒྱུ་མཚན  ཁྱོད་ཀྱིས་གདོད་མའི་མི་རབས་ཀྱི་དབྱངས་དང་ཆོ་ག

ཤིན་ཏུ་མཛེས་སྡུག་ཏུ་རློམ་སེམས་ཆེ་བའི་སེམས་པ་མཐོ་སྒང་ན་ཕུལ་ཡོད

ཕྱོགས་གཞན་ཅིག་ནས་བསམས་ན

མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་རླབས་སྒྲའི་སྒྲ་དབྱངས་ལ་གསན་ཞོར

འུར་ཆ་སྐེད་ན་དཀྲིས་ཤིང

ཁངས་ཆར་གདོང་གིས་ལེན་པ

གངས་རིའི་མཛེས་སྡུག་དང་མཚར་སྡུག་ལས་བཏགས་པའི་མིང་དེ

སྙན་གསན་མཛད་ན 

ཁྱོད་གང་ན་ཡོད

སེམས་ཀྱི་གང་དུ་ཡོད

མིག་གི་གང་དུ་ཡོད

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号