ཞོགས་པའི་སྙན་ངག

ཁྱུང་གཤོག

མདང་གི་རྨིས་མ་ཚར་བའི་རྨི་ལམ་དེའི་ཁ་དོག

ཞོགས་པའི་ལྷིང་འཇགས་ལ་འཁྱིལ་བའི་གྲང་རླུང་།

མི་ལོ་ཉེར་དྲུག་གོང་གི་ཞོགས་པ་ཞིག་གི་ངོ་གདོང་རེད་དམ།

དབྱངས་མེད་པའི་དུས་ཚིགས་འདིར།

ངས་རང་ཉིད་འཇིག་རྟེན་འདིར་སླེབས་པའི་ཞོགས་པ་དེ་དྲན།

དཔྱིད་མགོ་མའི་སྟ་གོན་གྱི་གོམ་འགྲོས་ཀློང་ནས།

ངས་ཕྱིར་མིག་གིས་ཡང་ཡང་འཚོ་འདོད་པ།

ཉི་འོད་ཀྱིས་སྦྲུམ་པའི།

དུས་ཚིགས་ཤིག་གི་ན་ཚོད་མ་རེད།

འགྱུར་འགྲོ་བཞིན་པའི་རང་གི་ངོ་གདོང་རེད།

ཚིག་འགྲོ་བཞིན་པའི་རང་གི་མངའ་ཐང་རེད།

ཞོགས་པ་འདིར།

མི་ལོ་ཉེར་དྲུག་གི་ཉི་འོད།

དུས་ཚོད་ཀྱིས་ང་ལ་དྲངས་པ་ཡིན་པས།

ཆད་སྣང་དང་སྐྱོ་ཡུས་མེད་པར།

ངོམས་མེད་ངང་ལོངས་སུ་སྤྱོད་དགོས་ཨང་།

སེམས་རྩར་མ་རེག་པའི་འདོད་འདུན་དེ་དག

མིག་ཟུང་ལྡེབ་ཙམ་གྱི་བར་ནས་བོར་སོང་བ་དེ་དག

ཚིག་དང་ཐ་སྙད་ཀྱིས་མཚོན་མ་ཐུབ་པ་དེ་དག

དུས་ཚོད་ཀྱི་མེ་ལོང་ངོས་སུ་ཤར་ན་སྙམ་ཨང་།

ཡིད་སེམས་ཀྱི་སྤང་ཐང་ལ་འབུས་ན་བསམ་ཨང་།

ཞོགས་པ་འདི་ང་ཁོ་ནར་དབང་བ་ཞིག་ཡིན་ནམ།

གང་ལྟར།

དུས་ཚོད་ཀྱི་འདར་སྐྱོམ་ལས་ངའི་ལང་ཚོར་སྐྱོ་ངལ་ཡོད་མི་ཆོག


མིའི་རིགས་ཀྱི་དཔྱིད་ཀ་འདིར་ངའི་རྒྱལ་ཁམས་ལ་དྲོད་ཀྱི་གཞས་གདངས་འཁྱིལ་ཤོག


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号