ཤིན་ཏུ་དྭངས་པའི་གཞས།

ཁྱུང་གཤོག མཚོ་ལྷོ།

དབྱངས་ཀྱི་རྒྱུད་སྐུད་ལས།

དྭངས་གཙང་གི་ལོ་ཟླ་བཞུར།

མཛེས་སྡུག་གི་དྲན་པ་བཞུར།

ཞིམ་མངར་གྱི་འཁྲེང་ཞེན་བཞུར།

སྙིང་ཆུང་རྩེན་པའི་སྒྲ་ཡིས།

རྒྱང་རིང་གི་དྲན་གདུང་བསུས་བྱུང་།

རྣམ་ཤེས་ཀྱི་རྩ་ལག་རེ་རེ་སྒུལ་ནས།

དུས་ཚོད་དང་དྲན་པ་དབྱེར་མེད་དུ་བསུབས།

ཤིན་ཏུ་དྭངས་པའི་གཞས་འདི།

བདུད་རྩི་བསིལ་བསིལ།

མཚོ་མོ་ལྟེམ་ལྟེམ།

སུ་ཞིག་གི་མགྲིན་པའི་འཁོར་ལོ་ལས་བྱུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号