སྟོན་གྱི་དྲི་མ།
བསོད་ནམས་སྒྲོལ་མ། ཟི་ལིང་།
ཉིན་འདི་དག་ལ། ང་ཧ་ཅང་བླུན་པོ་ཡིན།ཕ་མ་ཡོད་དེ།ཁ་ཏ་ཞིག་གནང་བར་རེ་བཞིན་མེད།དགེ་རྒན་ཡོད་དེ།ཆེད་དུ་རང་གི་གཏམ་རྒྱུད་བཤད་ཀྱིན་མེད།གྲོགས་པོ་ཡོད་དེ།སྡུག་གཏམ་མོལ་གྱིན་མེད།ཆར་བ་དང་བསིལ་རླུང་།མེ་ཏོག་ཀྱང་ཡོད་དེ།སེམས་ཁམས་མཚོན་བྱེད་ཀྱི་སྐོམ་སོད་དུ་ཁྱེར་གྱིན་མེད།ད་ཆ་གནའ་མཁར་ཞིག་ཏུ་གནས་སྤོས་ཡོད།ལན་རེར་རི་ཀླུང་དང་ནགས་ཚལ།ཆུ་འགྲམ་བཅས་ལ།འཆམ་འཆམ་དུ་འགྲོ་བཞིན་ཡོད།འགྲོ་ཐེངས་རེ་དང་།ཡང་ན་གྱེས་ཐེངས་རེ་རེར།ཅི་ཞིག་བརྗེད་སོང་བ་དང་།ཅི་ཞིག་བོར་སོང་བ་ལྟ་བུའི་ཚོར་བ་ཞིག་གིས་གཙེས་འགྲོཉིན་འདི་དག་ལ། ང་ཧ་ཅང་ཕྱུག་པོ་ཡིན།སྔོན་ཆད་རོལ་མྱོང་མེད་པའི་འཚོ་བ་ཞིག་རོལ་ཞིང་།སྔོན་ཆད་གོན་མྱོང་མེད་པའི་ཞྭ་ཞིག་གོན་ནའང་།ཆེད་དུ་གཏམ་རྒྱུད་ཀྱི་གོ་རིམ་དགཡི་གེར་ཕབ་པར་སྐྲག་ཡོད།གཞན་ལ་བཤད་རྒྱུ་དེ་ཡང་སེམས་ཁྲལ་ཞིགཉིན་འདི་དག་ལ།ང་ལ་གཉིད་ཞིམ་པོ་ཞིག་དཀོན་ནའང་།ཆེད་དུ་སྨན་ལ་བསྟེན་གྱིན་མེད།ལུས་ཕུང་ཇེ་ཞན་དུ་སོང་ནའང་།ཆེད་དུ་མངར་ཟས་རོལ་གྱིན་མེད།ཉིན་འདི་དག་ལ།ཟས་ཀྱི་ཡི་ག་དང་སྐད་ཆ།སེམས་ཁམས་ནི་རང་གི་མིན་པ་འདྲ།དེ་དག་ཅི་ཡིན་ནམ་སྙམ་བཞིན་ཡོད།ཉིན་འདི་དག་ལ།གནས་འགངས་ཆེན་ཁག་ཅིག་ལ་སོང་མྱོང་།ཡིན་ནའང་།འགྱུར་ལྡོག་ཅི་ཞིག་ཡོད་པ་ཤེས་མ་སོང་།ནགས་ཚལ་དང་རྩྭ་ཐང་མཐོང་ཐེངས་རེར།གཏིང་ཟབ་པ་དང་ཡིད་འཕྲོག་པ་ཞིག་ཡིན་པའང་ཤེས་མ་སོང་།འགྲོ་ཞོར་འདུག་ཞོར་དུ།སེམས་ཁམས་རིག་པའི་དཔེ་ཆ་ཐེངས་གཅིག་བཀླགས་མྱོང་།གནས་ལུགས་དང་བསླབ་བྱ་མང་བས་མགོ་ཉོག་པར་བྱས།ཉིན་འདི་དག་ལ་སྟོན་ཁ་ཚེས་བྱུང་།སྟོན་གྱི་དྲི་མ་དེས······
ཉིན་འདི་དག་ལ། ང་ཧ་ཅང་བླུན་པོ་ཡིན།
ཕ་མ་ཡོད་དེ།
ཁ་ཏ་ཞིག་གནང་བར་རེ་བཞིན་མེད།
དགེ་རྒན་ཡོད་དེ།
ཆེད་དུ་རང་གི་གཏམ་རྒྱུད་བཤད་ཀྱིན་མེད།
གྲོགས་པོ་ཡོད་དེ།
སྡུག་གཏམ་མོལ་གྱིན་མེད།
ཆར་བ་དང་བསིལ་རླུང་།
མེ་ཏོག་ཀྱང་ཡོད་དེ།
སེམས་ཁམས་མཚོན་བྱེད་ཀྱི་སྐོམ་སོད་དུ་ཁྱེར་གྱིན་མེད།
ད་ཆ་གནའ་མཁར་ཞིག་ཏུ་གནས་སྤོས་ཡོད།
ལན་རེར་རི་ཀླུང་དང་ནགས་ཚལ།
ཆུ་འགྲམ་བཅས་ལ།
འཆམ་འཆམ་དུ་འགྲོ་བཞིན་ཡོད།
འགྲོ་ཐེངས་རེ་དང་།
ཡང་ན་གྱེས་ཐེངས་རེ་རེར།
ཅི་ཞིག་བརྗེད་སོང་བ་དང་།
ཅི་ཞིག་བོར་སོང་བ་ལྟ་བུའི་ཚོར་བ་ཞིག་གིས་གཙེས་འགྲོ
ཉིན་འདི་དག་ལ། ང་ཧ་ཅང་ཕྱུག་པོ་ཡིན།
སྔོན་ཆད་རོལ་མྱོང་མེད་པའི་འཚོ་བ་ཞིག་རོལ་ཞིང་།
སྔོན་ཆད་གོན་མྱོང་མེད་པའི་ཞྭ་ཞིག་གོན་ནའང་།
ཆེད་དུ་གཏམ་རྒྱུད་ཀྱི་གོ་རིམ་དག
ཡི་གེར་ཕབ་པར་སྐྲག་ཡོད།
གཞན་ལ་བཤད་རྒྱུ་དེ་ཡང་སེམས་ཁྲལ་ཞིག
ཉིན་འདི་དག་ལ།
ང་ལ་གཉིད་ཞིམ་པོ་ཞིག་དཀོན་ནའང་།
ཆེད་དུ་སྨན་ལ་བསྟེན་གྱིན་མེད།
ལུས་ཕུང་ཇེ་ཞན་དུ་སོང་ནའང་།
ཆེད་དུ་མངར་ཟས་རོལ་གྱིན་མེད།
ཟས་ཀྱི་ཡི་ག་དང་སྐད་ཆ།
སེམས་ཁམས་ནི་རང་གི་མིན་པ་འདྲ།
དེ་དག་ཅི་ཡིན་ནམ་སྙམ་བཞིན་ཡོད།
གནས་འགངས་ཆེན་ཁག་ཅིག་ལ་སོང་མྱོང་།
ཡིན་ནའང་།
འགྱུར་ལྡོག་ཅི་ཞིག་ཡོད་པ་ཤེས་མ་སོང་།
ནགས་ཚལ་དང་རྩྭ་ཐང་མཐོང་ཐེངས་རེར།
གཏིང་ཟབ་པ་དང་ཡིད་འཕྲོག་པ་ཞིག་ཡིན་པའང་ཤེས་མ་སོང་།
འགྲོ་ཞོར་འདུག་ཞོར་དུ།
སེམས་ཁམས་རིག་པའི་དཔེ་ཆ་ཐེངས་གཅིག་བཀླགས་མྱོང་།
གནས་ལུགས་དང་བསླབ་བྱ་མང་བས་མགོ་ཉོག་པར་བྱས།
ཉིན་འདི་དག་ལ་སྟོན་ཁ་ཚེས་བྱུང་།
སྟོན་གྱི་དྲི་མ་དེས······
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注