ཞུམ་པ་མེད་པའི་སེམས་རྩལ་དགོས། 

རྭ་རྒྱ་འཇིགས་མེད་རྒྱལ་མཚན།

ཐོབ་པས་དགའ་ཚད་མི་བརྒལ་ལ། །

ཤོར་བས་སྐྱོ་ཚད་མི་བརྒལ་བ། །

ཟོ་ཆུན་འཁོར་ལོའི་གནས་ལུགས་རྣམས། །

སེམས་སུ་ངེས་པའི་དན་རྟགས་ཡིན། །

གཞན་གྱིས་གཙུག་ཏུ་བཀུར་བའི་ཚེ། །

དེ་བས་དམན་ས་འཛིན་པ་དགོས། །

གཞན་གྱིས་ཇི་ལྟར་སྨོད་པའི་ཚེ། །

དེ་ལྟའི་རང་སེམས་ཀློང་རྒྱ་བསྐྱེད། །

བདེན་དོན་མཐོང་བའི་མིག་དགོས་ལ། །

བསྙོན་འཛུགས་རྒོལ་བའི་དཔའ་སྙིང་དགོས། །

ཆོས་དང་འཇིག་རྟེན་གང་སྒྲུབ་ཀྱང་། །

ཞུམ་པ་མེད་པའི་སེམས་རྩལ་དགོས། །

སེམས་དགེ་བ་ལ་མཆོག་གསུམ་ཉེ། །

སེམས་ངན་ཅན་ལ་བདུད་སྲིན་འཁོར། །

ལས་ཀྱི་དཀར་ནག་གང་ཡིན་པ། །

རྒྱུ་འབྲས་མེ་ལོང་ནང་དུ་གསལ། ། 

ཡུལ་དུས་གང་དུ་གནས་གྱུར་ཀྱང་། །

དཀོན་མཆོག་གསུམ་གྱིས་སྐྱབས་མཛད་ཅིང་། །

བྱ་བའི་ལས་ཚོགས་གང་ཞུགས་ཀྱང་། །

བྱང་ཆུབ་སེམས་ཀྱིས་གྲོགས་མཛོད་ཅིག ། 

པེ་ཅིན་གྱི་ལས་དོན་རྣམས་རེ་ཞིག་འགྲུབ་ནས་ཕྱིར་རང་ཡུལ་དུ་ལོག་པའི་མཁའ་ལམ་དཀར་བོའི་ནང་དུ་གང་དྲན་དུ་བྲིས།  

2024-6-18 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号