དུས་བཞིའི་འགྱུར་བག་ཁྲོད་ཀྱི་ཕ་ཡུལ།

བཀྲ་ཤིས་རྣམ་རྒྱལ།

དང་པོ་དཔྱིད་ཀྱི་ཕོ་ཉས་སྐད་སྙན་སྒྲོག  །

ནོར་འཛིན་མ་ལ་ལྗང་མདོག་མྱུ་གུ་འབུས། །

ཆུ་ཀླུང་སྔོན་མོས་ཆབ་རོམ་ཞུ་བར་བྱེད། །

དུས་བཞིའི་མགོ་མ་དཔྱིད་འདི་ཨེ་མ་རྨད། །


ཨ་སྔོན་དབྱིངས་ནས་དབྱར་སྐྱེས་རྔ་སྒྲ་སྒྲོག །

གསེར་ལྡན་འཛིན་མས་མཛེས་པའི་གོས་ལྗང་གྱོན། །

ཡིད་འོང་ཁྲ་ཚོམ་མེ་ཏོག་རབ་བརྒྱན་པའི། །

དབྱར་གྱི་དུས་འདི་མཛེས་ཤིང་ལྟ་ན་སྡུག །


འབྲོག་གི་ནོར་ལུག་ཤ་ཤེད་རྒྱས་པ་དང་། །

རོང་གི་ཞིང་ལ་ལོ་ལེགས་འབྱུང་བའི་དུས། །

རྒྱ་མཚོའི་གོས་ཅན་རིན་ཆེན་གསེར་མདོག་གྱུར། །

སྟོན་གྱི་དུས་འདི་ཀུན་འབྱུང་གཏེར་གྱི་མཛོད། །


ས་གཞི་ཆེན་མོས་ཁ་བའི་གོས་དཀར་བཀླུབས། །

ཉལ་འགྲོ་བུ་མོས་དར་གྱི་ཆབ་རོམ་གྱོན། །

སྐྱི་བསེར་རླུང་བུས་མེ་ཏོག་འཇོམས་པར་བྱེད། །

དགུན་གྱི་གྲང་ངར་ངོ་མ་གདུག་རྩུབ་ཆེ། །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号