བོད་མོ་འགྲོས་མ།

རྟོག་གེ  ནག་ཆུ་སོག་རྫོང་།

རྐང་ལ་རྨིག་པ་མ་ལྡན་རྨིག་ལྡན་ལས་ཀྱང་མཆོག།
སོག་བར་གཤོག་པ་མ་སྐྱེས་ཁྱོད་ནི་འཕུར་དང་འདྲ།།
འགྲོས་དེ་སླ་བར་མཐོང་ཡང་དོན་དུ་དེ་ལྟར་ཅི།།
ལུས་ནི་རྫུས་སྐྱེས་མ་ཡིན་གློག་གི་གར་སྟབས་བཞིན།།
འདུར་རྒྱུག་འགྲན་ར་གནམ་འདྲ་འགྲན་ཞུགས་མང་བ་ཡང་།།
སྐར་མ་སྟོང་ཕྲག་འདུས་པ་དེའི་ནང་སྐར་ཆེན་རེད།།
འགྲན་ཡ་སྨིན་དྲུག་ཁྲ་མོ་མིང་དུ་གྲགས་པ་རྐྱང་།།
གནམ་གྱི་འོག་དང་ས་ཡི་ཡང་སྟེང་གོ་ལའི་ཏོག།
སྒང་པ་བོད་ཀྱི་ཕྱོགས་དང་མཚམས་སུ་ཁྱོད་ཀྱིས་ནི།།
སྔར་མེད་ལོ་རྒྱུས་ཟིན་ཐོའི་རྒྱལ་མཚན་བླ་ན་སྒྲེང་།།
ངུ་བཞིན་ངུ་བཞིན་རྒྱལ་ཁའི་གདོང་ལ་ཟིལ་བ་འཁྲིགས།།
དེ་ཡང་དགའ་བ་སེམས་ཀྱིས་མ་ནོན་ཡིན་ཡང་ཆོག།
རྒྱུག་གིན་རྒྱུག་གིན་རང་ལ་རང་གིས་ཡིད་ཆེས་རྙེད།།
འབད་པ་ཡང་ནི་མངལ་འཁོར་བཙས་ནས་བདུན་གསུམ་རྗེས།།
བརྩོན་པའི་ཆུ་རྒྱུན་མི་ལྷོད་སྦྱོང་བརྡར་གཙོར་འཛིན་སྐད།།
གསེར་བུམ་རྟགས་མ་ལག་གཉིས་པད་མས་མཐོར་བཏེགས་པའི།།
རྒྱལ་རྔའི་འཕྲིན་བཟང་ཕྱོགས་བཞིར་ཁྱབ་པ་དགའ་བ་བརྟས།།
ཚིག་གསུམ་གཏམ་གྱིས་དགའ་སྟོན་འདི་ཀོས་འཐུས་པར་ཞུ།།


2023ལོའི་ཟླ10པའི་ཚེས10ཉིན་བྲིས།
[1]འགྲོས་མ།  རྟ་འགྲོས་དང་ལྡན་པའི་དཔེར་བཀོད་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号