མི་དང་རང་བྱུང་ཁམས་གཉིས་ཀྱི་འཆམ་མཐུན་མཉམ་གནས།
འབྲི་ཆུ་ནི་སྐུ་ལྷ་དར་མདོང་སྤྱང་རྒན་དེ་འུ་རུག་འཁྱགས་རོམ་གྱི་ཆུ་ཐིག་གཅིག་འབྱུང་ཁུངས་སུ་བྱས་ནས། ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་དེ་ལེ་བར་ཁྲི་ཡི་ལམ་དུ་བསྐྱོད་ནས་མཐོ་སྒང་གི་སྤང་ལྗོངས་དང་། རི་མཐོ་གྲོག་རོང་དུ་ཀྱག་ཀྱོག་ངང་རྒྱུག་བཞིན་ཡོད་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འབྱུང་ཡུལ(ཨ་ཆེན་གངས་རྒྱབ)གླིང་ཁུལ་དུ་རྒྱུད་བཞིན་པས། རི་སྐྱེས་སྲོག་ཆགས་དང་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འབྱུང་ཡུལ(ཨ་ཆེན་གངས་རྒྱབ)གླིང་ཁུལ་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་དང་ཆུ་དམར་ལེབ་རྫོང་གཉིས་སུ་ཆགས་ཡོད་ལ། དེའི་ནང་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཟོ་སྐྱ་དང་ཆུ་དམར་གཙང་པོའི་སྲུང་སྐྱོང་ཡན་ལག་ཁུལ་ཚུད་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི9.03ཟིན་པ་དང་དེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི73.35%ཟིན་ལ། འབྲི་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་གི་ཟོ་སྐྱ་དང་རྫ་ཆུ། ཆུ་དམར་ཞང་། གཡུ་སྐེ་བཅས་ཤང4དང་འབྲེལ་བ་ཡོད་པ་རེད།
གཙང་བོའི་འབྱུང་ཡུལ་དུ་སླེབས་མ་ཐག སྐྱེ་སྟོབས་དང་ལྐོག་གྱུར་གྱི་འཛམ་གླིང་ཞིག་ཏུ་སླེབས་པའི་ཚོར་སྣང་སྐྱེས་སྲིད་ལ། རྩྭ་ཐང་སྟེང་གཙོད་ཁྱུ་དང་ཁྱུ་བྱས་ནས་ལང་ལོང་དུ་རྒྱུག་པ་དང་། གསོན་ཉམས་ལྡན་པའི་ལུས་གཟུགས་དེ་རྩྭ་ཐང་སྟེང་ན་འཚོ་སྡོད་བྱས་ཡོད་པའི་སྤྱང་གྲུང་དང་འདྲ། གཙོད་དེ་དག་ནི་ས་གཞི་དེའི་སྟེང་གི་སྲོག་ཆགས་རྩ་ཅན་ཡིན་པ་དང་། ལོ་རེར་གནས་སྤོ་བ་ནི་རང་བྱུང་ཁམས་ཆེན་མོས་སྤྲད་པའི་བརྗིད་ཉམས་ལྡན་པའི་ཚེ་སྲོག་གི་འགྲུལ་བཞུད་ཅིག་རེད། རྐྱང་གི་གཟུགས་སྟོབས་ཆེ་ཞིང་། གཞུང་སྒྲིག་རུ་ཁག་རེ་རེ་བཞིན་ཐང་སྟོང་ནས་བྱ་འཕུར་བ་ལྟར་མཆོང་སྐྱོད་བྱེད་བཞིན། བརྗིད་ཅིང་རྔམ་པའི་སུག་སྒྲས་རྩྭ་ཐང་གི་ལྷིང་འཇགས་གཏོར།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འབྱུང་ཡུལ(ཨ་ཆེན་གངས་རྒྱབ)གླིང་ཁུལ་གྱི་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་པ་ཡིན་པ་དང་། ས་གནས་དེ་གའི་འབྲོག་པ་ཚོས་མི་རབས་ནས་མི་རབས་བར་དེ་གར་འཚོ་བ་སྐྱེལ་བཞིན་ཡོད་ལ། ཁོ་ཚོས་རང་བྱུང་ཁམས་ལ་བཀུར་ཞིང་སྐྱེ་དངོས་ཐམས་ཅད་དང་མཉམ་དུ་ས་གཞི་དེར་ལོངས་སུ་སྤྱོད་བཞིན་ཡོད་པ་རེད།
གླིང་ཁུལ་དེའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་ལ་བརྟེན་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་སྲོག་ཆགས་ཀྱི་ངོ་མཚར་མངོན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་རི་མོ་ཞིག་མངོན་པར་བྱས་ཡོད། དེ་ནི་རང་བྱུང་ཁམས་ཆེན་མོར་བྲིས་པའི་རྟག་བརྟན་གྱི་རོལ་དབྱངས་ཤིག་ཡིན་པས། ང་ཚོས་དགའ་ཞེན་དང་སྲུང་སྐྱོང་བྱེད་འོས་ལ། ང་ཚོས་དད་གུས་དང་བསྔགས་བརྗོད་ཀྱང་བྱེད་འོས། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注