དུས་མཐའི་སྨོན་འདུན།

ཆེས་མཐའ་མཇུག་གི་མའོ་ཞི་ཀན་ཞེས་པའི་གླུ་གཞས་དེར་ཉན་ཐེངས་རེར། དུས་ཚོད་མཐའ་དག་དབུལ་ཕོངས་ཀྱིས་བཞུར་གྱིན་འདུག་སྙམ། དགུན་གཞུང་གི་བྱང་ཐང་སྐྱ་མོར་ཉུལ་བ་བཞིན། འཁྱགས་སིབ་སིབ་ཀྱི་རོལ་དབྱངས་ཤིག མཐོ་སྒང་གི་ཉི་འོད་ཀྱིས་གཙེས་པའི་སྲང་ལམ་གང་སར་གྲག

དགུན་ཟླ་ཕར་བསྐྱལ་རྗེས། དཔྱིད་ཀ་ནི་ཡིད་དུ་འོང་བ་ཞིག་ཡིན་ནམ། གྲག་འགུལ་དབེན་པའི་དུས་བཞི་ལ། དུས་ཚིགས་དང་ཁ་དོག་གི་དབྱེ་བ་མེད་ཤས་ཆེ། དགུན་ཟླ་ཇི་ལྟར་འཁྱགས་ཀྱང་། ཁ་ཅིག་གིས་དབྱར་ཟླ་བཞིན་དྲོ་ཟེར། དཔྱིད་ལ་ས་བོན་མ་བཏབ་ཀྱང་། སྟོན་ཁར་འབྲས་བུ་སྨིན་ཟེར། ཡོད་ཚད་ཁུ་སིམ་མེར། ངག་ལྐུགས་དུས། ཡང་ན། དགའ་སྐྱོ་ཆགས་སྡང་མེད་དུས། དུས་ཚིགས་རེས་མོས་ཀྱིས་བཞུད་པར་སྙིང་བོ་ཅི།

རླུང་འཚུབ་དང་ལྷན་དུ། ལོ་ཟླ་ནི་སྤུ་གྲིའི་འཇིངས་སུ་འཕྱོ། སྐྱོ་གདུང་བརྗེད་མཁན་དག་ལ་ན་ཟུག་མེད། སྨྲ་བ་འགག་པའི་རི་ལུང་ངམ། སྲང་ལམ་ཀུན་ཏུ། ཐམས་ཅད་ས་རྡུལ་དང་འགྲོགས་ནས་ཟད་ལ་ཉེ།

རྒྱང་བཞུད་ཀྱི་མི་དག་ཧ་ལམ་མཐོང་ཐབས་བྲལ། སྟོན་གྱི་ཁྲུང་ཁྲུང་གི་རུ་སྟར་ལ་འཁྲེང་བ་བཞིན། རྒྱང་གི་རི་བོའི་མགུལ་དུ། དྲན་གདུང་ལ་མཐའ་མེད་ཨང་། རེ་སྒུག་མཐའ་དག་ཞི་དུལ་གྱི་གཟི་བྱིན་ལ་བཅོལ་བ་ནི། སྨོན་འདུན་དང་དམ་ཚིག་གི་ཕྱིར་དུ་ལོས་ཡིན།

སང་ལོ་དཔྱིད་ཟླ་ཚེས་ན། རྒྱ་གླིང་གི་འགྱུར་ཁུགས་ལྟ་བུའི། གཡེར་དྲིལ་གྱི་སྒྲ་དབྱངས་ལྟ་བུའི། རྟེན་འབྲེལ་གྱི་གསུངས་དབྱངས་ལ་བསྒུག་དགོས། དེ་ནི་སེམས་ཀྱི་དྲོད་ཁོལ་ཞིག་གམ། དཔའ་གདེང་ཞིག་ཡིན་པས། དེ་དུས། སོམ་ཉིའི་དྲ་བ་བརྟོལ་ནས་རྒྱང་དུ་བསྙེག་དགོས། དེ་དུས། མཚན་མོའི་སྨག་རུམ་བརྒལ་ནས་བདེན་མཐའ་འཚོལ་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号