མཁའ་རུ་འཐེན་པའི་འོད་དཀར།
དངོས་གྲུབ་རྡོ་རྗེ།
རླུང་བུ་བསིལ་མོ་ཞིག་ལྡང་བས་ངའི་དྲན་པའང་ཇེ་གསལ་དུ་གྱུར། ངས་ལག་པ་བྲང་ལ་བསྙབས་ནས་གསེར་གྱི་བྱ་ཁྲ་བོར་ཡོད་མེད་བལྟས་པས་ཁྲག་དྲོན་གྱིས་བྲང་གཞུང་བརླན་ཡོད་པ་རྟོགས། དེ་ནས་རིམ་གྱིས་སྐེ་དང་མཇིང་པ་བཅས་ལ་རེག་པ་ན་ད་གཟོད་མགོ་བོ་མི་སྣང་ཞིང་། མཇིང་པའི་རྩ་ཆེན་ལས་ད་དུང་ཡང་ཁྲག་དྲོན་འབབ་ཀྱིན་འདུག “རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་འབུལ”བྲག་ཅ་ལྟར་འཁོར་བའི་སྐད་སྒྲ་དེས་ངའི་སེམས་ལ་འཚུབ་ཆ་ཞིག་བསླངས།“ང་ལ་མགོ་མེད་རུང་གསེར་གྱི་བྱ་ཁྲ་བོར་ན་མི་འགྲིག”ངས་དེ་ལྟར་ཆིག་ལབ་ཅིག་བརྒྱབ་རྗེས་རལ་གྲི་འཁར་བ་བྱས་ཏེ་ག་ལེར་ཡར་ལ་ལངས། ཁྲག་མདོག་ཅན་གྱི་ཟླ་འོད་རབ་རིབ་འོག ཉག་ལམ་འདི་དག་བེམ་རོ་ཁོ་ནས་བཀང་ཞིང་བེམ་རོ་དེ་དག་ལས་འོད་དཀར་པོ་ཞིག་དགུང་དུ་འཕྱུར་ཏེ་ཕ་ཡུལ་གྱི་ཕྱོགས་སུ་འཕུར་བཞིན་འདུག ངོ་མ། འཇིག་རྟེན་འདི་མིག་ཁོ་ནས་མཐོང་ཟེར་བ་ནི་རྫུན་འབའ་ཞིག་ཏེ། སྐབས་རེར་སེམས་ཀྱིས་མཐོང་བ་ནི་མིག་གིས་མཐོང་བ་ལས་ཀྱང་ལྡབ་བརྒྱ་སྟོང་གིས་གསལ་ལོ། །ངའི་རྣམ་རིག་ཇེ་དྭངས་སུ་གྱུར་པ་དང་དུས་མཚུངས་སུ་ཟླ་བ་དམར་པོ་དེའང་རིམ་གྱིས་ཇེ་གསལ་དུ་གྱུར་པས། ད་གཟོད་ས་རུ་འགྲིལ་བའི་བེམ་རོ་ཕལ་ཆེར་གྱི་མགུལ་དུ་ཁྲག་གིས་སྦགས་པའི་གཡུ་ཆེན་པོ་རེ་བཏགས་ཤིང་ལག་གཡས་པར་དཔའ་དམ་རེ་བཟུང་ཡོད་པ་མཐོང་། གྲང་ངད་ཆེ་བའི་དགུན་ཟླ་འདིར་དཔའ་བོ་གཡུ་སྣ་ཅན་གྱི་དཔུང་སྡེ་ཞིག་འདི་ལྟར་འཕར་སྤྱང་གི་ཁ་ཟས་སུ་གྱུར། ཀྱེ་མ། ངའི་ཡིད་སེམས་མཆི་མས་དྲག་ཏུ་སྐྱོམ་ཡང་བྱ་ཐབས་ཅི། ངས་ཉིན་མཚན་ལྟོས་མེད་ངང་བེམ་རོ་དེ་དག་རེ་རེ་བཞིན་བསློགས་ནས་གསེར་གྱི་བྱ་ཁྲ་དང་རང་གི་མགོ་བོ་བཙལ། དུས་ཚོད་ཅི་ཙམ་འདས་པའང་མ་ཤེས། ས་སྟེང་དུ་འགྲིལ་བའི་བེམ་རོ་ཕལ་ཆེར་རུས་ཀྲང་དུ་གྱུར་ཅིང་སྲིན་འབུ་རེ་གཉིས་རུས་པའི་གསེང་ན་ཕར་རྒྱུག་ཚུར་རྒྱུག་བྱེད། ཆར་གྱིས་བརླན་པའི་བེམ་རོ་དག་ལས་རུལ་དྲི་ཁ་པོ་ཞིག་ཐུལ་བས་སྦྲང་བུ་མང་པོ་དེའི་གམ་ན་ལྡིང་།“རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་འབུལ།”སྐད་ཆ་དེ་བྲག་ཅ་ལྟར་གྲག་འོངས། སྐད་ཆ་དེ་རྣ་བར་ལྷུང་ཐེངས་རེར་ངའི་སྙིང་དམར་ཚལ་བརྒྱར་འགས་སྙམ་བྱེད། ངའི་བློ་ངོར་ཕ་ཡུལ་དང་ཡབ་དམ་པ་དྲན་མ་ཐག ང་རང་ཡང་འོད་དཀར་པོ་ཞིག་ཏུ་གྱུར་ཏེ་ཡུལ་ངས་པོར་སླེབས། ལག་ཏུ་མདུང་རིང་ཐོགས་པའི་སྐྱེས་པ་ཞིག་གིས་བདག་གི་ཉེ་དུ་མང་པོ་ཐག་པས་བཀྱིགས་ཏེ་པྱ་ཕུ་ནས་ཟལ་མོའི་ཕྱོགས་སུ་བདའ་བཞིན་འདུག “སྲིང་མོས། ཁྲི་འབྲིང་གིས་གློ་བ་རིང་མི་སྲིད། འདི་ནི་དབའས་ཀྱིས་སྒྱུ་ཕབ་པ་འབའ་ཞིག་རེད། ཉི་ཟླ་ཡིས་དཔང་པོ་གནང་རོགས”དེ་སྐད་བརྗོད་པ་ལ། མདུང་རིང་ཐོགས་པའི་སྐྱེས་པ་དེས་སྲིང་མོའི་བྲང་ཁ་རུ་མདུང་རིང་ཤུགས་ཀྱིས་བསྣུན་ཏེ་སྲིང་མོ་རང་སར་བསད། སྐྱེ་བོ་གདུག་པ་ཅན་འདི་དག་གིས་བདག་གི་ཚ་བོ་ཚོར་ཡང་མནར་གཅོད་ཅི་ཞིག་གཏོང་གིན་ཡོད་དམ། དེ་སྐད་སྙམ་དུས་བདག་སླར་ཡང་འོད་དཀར་པོར་གྱུར་ཏེ་གློག་འཁྱུག་པ་ལྟར་རི་ཕུའི་འདབས་སུ་སླེབས། རི་ཕུ་ནི་བདག་གི་སྐྱེས་ཡུལ་དངོས་མ་ཡིན་ཡང་ཡབ་དམ་པའི་སྐུ་རིང་ནས་བཟུང་ངེད་ཡབ་དང་བུ་སྤུན་རྣམས་རི་ཕུར་སྡོད་ལ། ཡུམ་དང་སྲིང་མོ་རྣམས་ཕ་ཡུལ་པྱ་ཕུར་སྡོད་པའི་སྲོལ་བྱུང་། ཡབ་དམ་པས་དེ་ནི་རི་ཕུ་དང་མེར་ཀེ་གཉིས་ཁ་སྤྲོད་དུ་ཡོད་པས་བཙན་པོའི་སྐུ་ལ་སྲུང་བ་བྱ་བདེ་ཕྱིར་ཡིན་ནོ་ཞེས་གསུངས་མོད། གཅིག་བྱས་ན་བཙན་པོས་མགར་གྱི་རྒྱུད་པས་གྱེན་ལོག་བྱེད་མི་བདེ་བའི་ཆེད་དུ་ནུས་སྟོབས་མེད་པའི་བུད་མེད་རྣམས་ལོགས་སུ་བཀར་བ་ཡིན་ཡང་སྲིད། དཔྱིད་ཀ་སྔ་ས་ནས་ཟིན་ནའང་འདི་ལོར་གྲང་ངར་ཆེ་བས་ལྷ་ཆུ་ཁམ་པ་འཁྱགས་པས་བསྡམས་ཏེ་རི་ཕུ་དང་མེར་ཀེའི་དབར་ལ་འགྲོ་ལམ་བདེ་མོར་བཏོད་ཡོད་མོད། འཁྱགས་རོམ་སྟེང་དུ་བེམ་རོ་མང་པོས་ཁེངས་ཡོད་པ་ལ་སྤྱང་ཀི་མང་པོ་བབས་ནས་བེམ་རོའི་དོན་དུ་འཛིང་རེས་བྱེད་ཀྱིན་འདུག“བེམ་རོ་འདི་དག་ནི་མགར་གྱི་རུས་པའམ་ཡང་ན་མགར་དང་འབྲེལ་བའི་སྐྱེ་བོ་འབའ་ཞིག་ཅིས་མ་ཡིན། ཨོ། ངའི་ཚ་བོ་ད་དུང་གསོན་ཡོད་དམ།”དེ་སྐད་སྙམ་དུས་ང་རང་རི་ཕུའི་མཁར་དུ་སླེབས། དབའས་ཁྲི་གཟིགས་ཀྱི་ལག་ཏུ་ཚ་བོའི་མགོ་བོ་ཁྲག་དམར་འཛར་རེ་བ་དེ་ཁྱེར་ནས།“ཕུ་བོ་སུམ་སྣང་གིས་དུར་ཁུང་ནས་གཟིགས་ཤིག དེ་རིང་ནུ་བོས་བཙན་སྙར་དགྲ་ཤ་ཡིད་ཚིམ་པ་ཞིག་བླངས་ཡོད། ད་བཙན་པོའི་བློན་ཆེན་ལ་ངེད་དབའས་ཀྱི་རྒྱུད་པ་ལས་གཞན་སུ་ཡོད། ཧ་ཧ་ཧ……”ང་རང་ཞེ་སྡང་གིས་ཡོངས་སུ་གཙེས་ཏེ་གྲི་རིང་ཤུབས་ལས་ཕྱུང་ནས་ཁྲི་གཟིགས་ཀྱི་མགོ་ལ་ཇི་ལྟར་གཡུག་ནའང་འཇའ་ལ་བཏབ་པ་ལྟ་བུ་ལས་མ་བྱུང་བས། ངས་སླར་ཡང་གཉེན་ཆེན་ཐང་ལྷར་གསོལ་བ་བཏབ་ནས་གྲི་རིང་ཐེངས་གཅིག་གཡུགས་པ་ན། དཀར་ཁུང་ལས་རླུང་བུ་ཤུགས་ཆེན་ཞིག་ལྡང་ནས་སྒྲོན་མེ་ནག་ཚུབ་བེར་བཏང་བ་དང་། ཁོས་མྱུར་དུ་དམག་མི་ཞིག་ལ་ཚ་བོའི་མགོ་བོ་དེའང་ལྷ་ཆུའི་གཞུང་དུ་གཡུག་པར་བཏང་།དེ་ནས་བདག་སླར་ཡང་འོད་དཀར་པོ་ཞིག་ལ་བཅིབས་ཏེ་ལྷ་ཆུའི་ཕ་རོལ་གྱི་མེར་ཀེར་སླེབས། འབྲོ་བཟའ་ཡིས་མིག་ཆུ་གཏོང་བཞིན་ཡོད་པ་ལ། རྔེགས་མང་ཞང་སྟག་ཙབ་ན་རེ།“ཁྲི་གཟིགས་ཀྱིས་སུམ་སྣང་གི་དགྲ་ཤ་ལེན་ཕྱིར་སྒྱུ་ཕབ་པ་ཡིན་སྲིད་ནའང་། མགར་འདི་དཔུང་བ་རྒོད་པས་ཕྱིས་བཙན་པོའི་གེགས་ཆེན་དུ་མི་འགྱུར་བའི་ངེས་པ་མེད། རྒྱ་དང་འ་ཞ། གྲུ་གུ་སོགས་སུ་ནི་ལྷ་བཙན་པོ་མི་ཤེས་མཁན་མང་ནའང་། ཁྲི་འབྲིང་མི་ཤེས་མཁན་གཅིག་ཀྱང་མེད། གལ་ཏེ་ནམ་ཞིག་ཁོས་མཐའ་དམག་བསྡུས་འོངས་ཚེ་ལྡོག་དཀའ། ”ཁོས་མིག་གིས་གཡས་གཡོན་དུ་ལྟ་ཙམ་བྱས་རྗེས། སླར་ན་རེ།“རྒྱལ་ཡུམ་གསན་དང་། ན་ནིང་ལོ་མཇུག་ལ་བྱུང་བའི་གཤེད་མ་དང་། ད་ལོའི་ལོ་སྟོད་ལ་བྱུང་བའི་གཤེད་མ་མཐའ་དག་འ་ཞ་དང་གྲུ་གུ་ནས་ཡོང་བ་འབའ་ཞིག་ཡིན་པས། དེ་དག་ཁྲི་འབྲིང་གིས་མ་བཏང་བའི་ངེས་པ་ག་ལ་ཡོད། ད་ཐེངས་རྗེ་བོ་དཔུང་དང་བཅས་པ་མཐའ་རུ་གཤེགས་པས་བཙན་པོའི་གྲགས་པ་འཕེལ་ཞིང་གཤེད་མ་རྣམས་ཞུམ་རྒྱུར་ཐེ་ཚོམ་ཅི། དེ་བས་ཁྲི་འབྲིང་ཐུལ་ན་ཁོའི་གྲགས་པའང་བཙན་པོའི་དབུ་རྨོག་ཏུ་སྣོན་རྒྱུར་གདོན་མི་ཟ།”དེ་སྐད་སྨྲས་པས། འབྲོ་བཟའི་སེམས་སུ་འ་ཞ་ནི་བཙན་པོའི་ཡུམ་འབངས་སུ་གཏོགས་པས། འ་ཞའི་ཡུལ་ལས་གཤེད་མ་གཅིག་རྗེས་གཉིས་མཐུད་བྱུང་བ་དེའི་བྱེད་གཏེ་ནི་འ་ཞའི་རྒྱལ་པོ་ཡིན་མི་སྲིད་ཀྱང་ཁྲི་འབྲིང་ཡིན་པའི་ངེས་པ་ཅི་ལ་ཡོད། ད་ནི་ངས་མྱེས་ཁྲི་སྲོང་བཙན་གྱི་བཀའ་ལས་ལྡོག་སྟེ་བློན་པོ་རེ་གཉིས་ཀྱི་འཆལ་གཏམ་ལ་ཉན་ནས། བཙན་པོའི་དཔུང་བ་དགུང་དུ་འདེགས་མཁན་གྱི་ལྷག་བསམ་ཅན་ཞིག་བརླགས་པ་ཨེ་ཡིན་སྙམ་ནས་སྤྱན་ཆབ་ཤོར།གཤེད་མ་ཞེས་པའི་ཐ་སྙད་དེ་གོ་དུས་ངའི་སྙིང་གི་འཕར་ཤུགས་ཀྱང་ཇེ་ཆེར་གྱུར། དེ་ནི་ང་རང་ལོ་ན་ཕྲ་བའི་དུས་ཤིག་སྟེ་ཆར་ཆུ་ཤིན་ཏུ་མོད་པའི་དབྱར་ཁ་ཞིག་རེད། ཡབ་དམ་པས་རྒྱ་བཟའ་ཀོང་ཇོ་གདན་དྲངས་ནས་བོད་དུ་སླེབས་ཤིང་བཙན་པོ་སྲོང་བཙན་འ་ཞའི་ཡུལ་ལས་གཡུལ་རྒྱལ་ཏེ་ཡུལ་དུ་འཁོར། སྤྱིར་ན་དེ་ནི་བཀྲ་ཤིས་ཉིས་བརྩེགས་ཡིན་པས་རྒྱལ་འབངས་ཀུན་དགའ་སྤྲོའི་དཔལ་ལ་རོལ་བའི་དུས་ཡིན་དགོས་མོད། དུས་སྐབས་དེར་བཙན་པོའི་ཕྱོགས་སུ་གཤེད་མ་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས། གཤེད་མ་དེ་དག་ལས་ལ་ལ་ནི་གཅུང་བཙན་སྲོང་ལ་ངན་སྐུལ་བྱེད་མཁན་གྱི་ཡབ་འབངས་དང་ཡུམ་འབངས་ཡིན་ལ། ལ་ལ་ནི་འ་ཞའི་རྒྱལ་པོར་དགྲ་ཤ་ལེན་མཁན་རེད། ཡབ་ཆེན་གྱིས་དེ་དག་རེ་རེ་བཞིན་དཔྱད་ཅིང་བཙན་སྲོང་ནི་ལྷོ་ཁར་སྤྱུགས། འ་ཞའི་གཤེད་མ་དག་ནི་བསྒྲལ་བས་བཙན་པོ་སྲོང་བཙན་གྱི་སྐུ་ལ་གནོད་པ་ཅིའང་མ་བྱུང་། ལྷག་པར་དུ་ཡབ་ཀྱིས་རྒྱའི་ཁྲིམས་ལ་དཔེ་བྱས་ཏེ་ཁོད་བཤམས་ཤིང་རྒོད་དང་གཡུང་དབྱེ་དགོས་པ་དང་། ཞལ་ལྕེ་བཀྲམ་དགོས་ལུགས་སོགས་ཞུས་པ་ལ་བཙན་པོ་ཐུགས་དགྱེས་ཏེ་དཔའ་ཞིང་མཛངས་པའི་བློན་ཆེན་པོ་ཁྱོད་ལྟ་བུ་ནི་རྙེད་པར་དཀའོ། །ཁྱོད་ཀྱི་མྱེས་ཁྲི་སྒྲ་མུ་འཛིན་ལ་ལྷ་བཙན་པོས་ལྕགས་ཀྱི་བྱ་ཁྲ་གནང་བ་བཞིན། ངས་ཁྱོད་ལ་གསེར་གྱི་བྱ་ཁྲ་འདི་གནང་ངོ་ཞེས་འོད་ལྷེམ་ལྷེམ་དུ་བྱེད་པའི་གསེར་གྱི་བྱ་ཁྲ་དེ་ཁོང་གི་མགུལ་དུ་བརྒྱན།ཡབ་དམ་པ་མི་ཡུལ་དང་ཁ་བྲལ་བའི་སྔར་ལོར་སླར་གཡུལ་ལས་རྒྱལ་ཏེ་འ་ཞ་ལས་རི་ཕུར་འཁོར། ཁུ་དང་དབའས་སོགས་བློན་ཆེན་པོ་དག་གིས་བཙན་པོ་ཟྲིད་ཀྱི་འདུ་ནག་ལ་གདན་དྲངས། ཡབ་ཀྱིས་བཙན་པོའི་སྐུ་སྲུང་བདེ་བའི་ཕྱིར་ཡིག་མཁན་བོས་ཏེ།བཙན་པོ་མེར་ཀེར་དུ་ཕེབས་དགོས་པའི་འཕྲིན་སྤྲིངས་ཀྱང་། ཡིག་མཁན་ལམ་བར་ནས་བཙན་ཁྲིད་བྱས་ཏེ་བཙན་པོའི་གམ་དུ་མ་སླེབས། ཏག་ཏག་ལོ་དེར་ཟྲིད་ལ་འ་ཞའི་གཤེད་མ་བྱུང་བས། དེ་དུས་དབའས་སོགས་བློན་པོ་ལ་ལས་དེ་ནི་ཡབ་གྱིས་བཏང་བར་དོགས་པ་བྱས་མོད། བཙན་པོས་ཡིད་ཆེས་ཀྱིས་གནད་དོན་དེ་ཡབ་དམ་པ་དང་འབྲེལ་བ་མེད་པར་བསྒྲགས།དེའི་ཕྱི་ལོར་ཡབ་དམ་པ་མི་ཡུལ་དང་བྲལ། ཉིན་དེར་ང་དང་ཕུ་བོ་བཙན་སྙ་ཤངས་ཀྱི་སུམ་ཆུ་བོར་ཡོད་པ་ལ་མྱུར་དུ་རི་ཕུར་ལོག་དགོས་པའི་འཕྲིན་སླེབས། ངེད་ཕུ་ནུ་གཉིས་ཀྱིས་ད་ནི་ཕ་རྒན་གྱི་ནད་གཞི་ཇེ་སྡུག་ཏུ་སོང་བ་རྟོགས་ནས་མྱུར་དུ་གནམ་གཞུང་དང་ད་ཡུལ་བརྒྱུད་དེ་ལོག་པ་ལ། ས་སྲོད་ཀྱི་མཚམས་སུ་རི་ཕུར་འབྱོར། ཕ་རྒན་དབུགས་ཀྱི་རྒྱུ་བ་ཆད་ལ་ཁད་དུ་འདུག་ནའང་ངེད་བུ་སྤུན་རྣམས་འཛོམས་པས་ཁོང་གི་ཞལ་ཟུར་དུ་དགོད་འཛུམ་ཆུང་ཆུང་ཞིག་བཞད།ཁོང་ན་རེ།“ངམ་ཡུལ་སྟོད་སྨད་བར་གསུམ་ལ་ཕྱྭ་སྲས་འོ་དེ་ལས་དབུ་མཐོ་བའི་རྗེ་བོ་ཞིག་ད་བར་བྱུང་མ་མྱོང་། རྨུ་རིགས་མགར་ལས་བློ་དཀར་བའི་བློན་པོ་ཞིག་ཀྱང་ད་བར་བྱུང་མ་མྱོང་། དེ་བས་ཕུ་ནུ་རྣམས་དཔུང་པ་མཐུན་པོས་བཙན་པོའི་ཞབས་ནས་བཏེགས་ཏེ། ཕྱིའི་དགྲ་བཏུལ་ནས། ནང་གི་ཁབ་སོ་སྲུངས་ཤིག”ཟེར།ཁོང་གིས་ཕྱག་འདར་སིག་སིག་ངང་རང་གི་བྲང་ཁར་བཏགས་པའི་གསེར་གྱི་བྱ་ཁྲ་དེ་བཀྲོལ་ནས་གཅེན་པོའི་སྐེ་ལ་ག་ལེར་བཏགས་རྗེས། སླར་ན་རེ།“ང་ནད་འདིས་མི་གཏོང་བས། ཁྱོད་ཀྱིས་ནུ་བོ་ཚོའི་མགོ་དྲངས་ཏེ་ནམ་དུའང་རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་དབུལ་ཅིག”དེ་སྐད་བཤད་རྗེས་ཕ་དམ་པའི་མིག་ཟུང་ག་ལེར་བཙུམས་ཤིང་མགོ་བོ་ཕྲེང་ཐག་ཆད་པ་ལྟར་ཡས་ཕྱོགས་སུ་འཁྱོགས་པར་གྱུར།གློ་བུར་དུ་ཁྱིའི་ཟུག་སྐད་རྣ་བར་ལྷུང་།“མགྱོགས་པོར་སྒོ་ཕྱེ་དང……”རྔེགས་མང་ཞང་སྟག་ཙབ་ཀྱིས་རབ་གསལ་ནས་བལྟས་པ་ན། མགོ་ལ་རྒོད་ཕྲུ་བཙུགས་པའི་སྐྱ་མི་གསུམ་སྒོ་འགྲམ་དུ་ལྷགས་པ་མཐོང་། རྔེགས་ཀྱིས་དེ་ནི་བཙན་པོའི་ཕོ་ཉ་ཡིན་པ་རྟོགས་ནས་བྲན་ཕོ་ཚོར་སྒོ་ཕྱེ་རུ་བཅུག་པ་ལ། སྐྱེས་པ་གསུམ་མྱུར་བར་ཚོམས་ཆེན་དུ་སླེབས། ཁོ་ཚོའི་ལག་ཏུ་ཁྲག་དམར་འགོས་པའི་རས་ཐུམ་གསུམ་ཁྱེར་འདུག“རྒྱལ་ཡུམ་གཟིགས་དང་། འདི་ཁྲི་འབྲིང་བཙན་འབྲོད་ཀྱི་མགོ་རེད།”གཞན་གཉིས་ཀྱིས་ཀྱང་དེའི་རྗེས་མཐུད་དེ། “འདི་གཉིས་པ་ཚབ་འོད་སྡེ་དང་། མང་པོ་སྣང་བཙན་གྱི་མགོ་རེད” ཟེར།“ཧ་ཧ་ཧ། ཁྲི་འབྲིང་གི་མགོ་གཅོད་མཁན་སུ་རེད” དབའས་ཁྲི་སུམ་རྗེ་གཙང་བཞེར་གྱིས་དེ་སྐད་སྨྲ་བཞིན་མདུན་དུ་འོངས།“ཁོང་ཚོས་རང་སྲོག་རང་གིས་བཅད་སོང་། བཙན་པོའི་དམག་དང་མདའ་རྒྱང་གཉིས་གསུམ་གྱི་མཚམས་སུ་ཁོ་ཚོས་རལ་གྲི་ཀླད་ལ་བསྐོར་ཏེ་རང་སྲོག་རང་གིས་བཅད་སོང་།”“ཧ་ཧ་ཧ། བཙན་པོར་ངོ་ལོག་ན་མཇུག་འབྲས་འདི་རེད།”ཁོས་མིག་ཅེ་རེར་འཇུར་བའི་ངའི་མགོ་བོར་མཛུབ་མོ་བཙུགས། འབྲོ་བཟའི་སེམས་སུ་མགར་གྱི་རྒྱུད་པ་འདི་ངོ་མ་བཙན་པོར་བློ་དཀར་བ་ཞིག་ཡིན་ངེས་རེད། འོན་ཏེ་ང་རང་རྨོངས་འཐོམས་ཆེ་དྲགས་པས་ད་ནི་ཡོངས་སུ་ཚར་སོང་སྙམ་ནས་དྲན་པ་འཐོར།“རྒྱལ་ཡུམ་གཟིམས་ཁང་དུ་གདན་དྲོངས་ཤིག”འབྲོ་ཁྲི་བར་ཡང་སྟོན་གྱིས་དེ་སྐད་སྨྲས་པ་ན་བྲན་མོ་འགའ་ཞིག་གིས་འབྲོ་བཟའ་གཟིམས་སྦུག་ཏུ་ཁྲིད། འབྲོ་ཁྲི་བར་ཡང་སྟོན་གྱིས་ཕོ་ཉ་དེ་དག་ལ་མཛུབ་མོ་བཙུགས་ཏེ་སྐད་ཤུགས་ཆེན་པོས།“མགར་འབྲིང་རྩན་རྩང་སྟོན་དང་མགར་བུ་མང་པོ་རྗེ་སྟག་བཙན་གྱི་མགོ་བོ་གང་དུ་ཡོད”ཅེས་བརྗོད་པ་ན། ཕོ་ཉ་གཅིག་གིས་སྐད་ཤུགས་ཆུང་ངུས“ཁོ་ཚོ་ཐང་ལ་བྲོས་སོང”ཟེར།ཁྲི་སུམ་རྗེས། “ཧ་ཧ་ཧ། ཁོ་ཚོ་ཐང་དུ་འགྲོ་ས་ཞིག་ག་ལ་ཡོད། ཁྱོད་གསོན་པོར་སྡོད་དུས་ཐང་དམག་ཁྲི་ཕྲག་བསད་པ་མ་ཡིན་ནམ”ཁྲག་གིས་འཚོས་པའི་ངའི་མགོ་བོར་སྡིགས་མཛུབ་གཏད་ནས་དེ་སྐད་སྨྲས་པ་ལ། ཕོ་ཉ་དེ་ན་རེ། “འབྲིང་རྩན་ལ་རྒྱལ་མོ་ཝུ་ཙེ་ཐེན་གྱིས་བསུ་བ་རྒྱ་ཆེར་བྱས་པ་མ་ཟད། དམག་དཔོན་གྱི་གོ་གནས་ཀྱང་གནང་འདུག”དེ་སྐད་བརྗོད་པས། འབྲོས་རལ་གྲི་ཤུབས་ལས་ཕྱུང་སྟེ་མདུན་གྱི་ཤིང་སྒྲོམ་ཐོག་གཞུས་པས་ཤིང་སྒྲོམ་དུམ་བུ་གཉིས་སུ་བཏང་། ཕོ་ཉ་རྣམས་སྐྲག་ནས་འདར་ཞུམ་ཞུམ་དུ་ཡོད་པ་ལ། འབྲོ་དང་རྔེགས་གཉིས་ཕན་ཚུན་མིག་བརྡ་རེ་སྤྲད་རྗེས། རལ་གྲི་དབའས་ཁྲི་སུམ་རྗེ་གཙང་བཞེར་གྱི་སྐེ་རུ་གཏད་པ་དང་དུས་མཚུངས། དམག་མི་བཅུ་ཕྲག་གཅིག་ཀྱང་མྱུར་དུ་སླེབས་ཏེ་ཁྲི་སུམ་གྱི་མཐའ་ནས་བསྐོར།རྔེགས་ན་རེ།“ངས་སྔར་ནས་མགར་གྱི་དགྲར་མ་ལངས་ཟེར་ཡང་མ་ཉན། ད་ནི་མགར་རྒྱུད་ཚར་གཅོད་མ་ཐུབ་པས་མི་རིང་བར་ངེད་ཁྱིམ་རྒྱུད་དག་ལ་གཡོལ་ཐབས་མེད་པའི་གེགས་བར་འབྱུང་ངེས་ཤིང་། བཙན་པོའི་སྲིད་ལའང་གནོད་ཉེན་ཆེ་བས། འདི་དག་ཚང་མ་ཁྱོད་ཕུ་ནུ་ཚོའི་བློ་བཀོད་མ་ཡིན་ནམ།”དེ་དུས་དབའས་ཁྲི་གཟིགས་ཀྱང་དེར་འབྱོར།“རྔེགས་མང་ཞང་སྟག་ཙབ་ལགས། འདི་དག་ཚང་མ་ངེད་ཕུ་ནུས་ནོངས་ཤིང་། དབའས་དང་མགར་གྱི་འགལ་བ་ཡིན་པས་ཁྱེད་གཉིས་ནས་འདི་ལྟར་གནང་མི་རིགས། ཁྱེད་གསན་དང་། བདག་གི་མྱེས་དབྱི་ཚབ་ཀྱིས་མྱང་དང་སྣྲོན་སོགས་གྲོགས་ཏུ་བཀུག་ཏེ་བཙན་པོའི་དཔུང་བཏེགས་ནས་ཟིང་རྗེ་བསྒྲལ་བ་ལ་མགར་རྒྱུད་ཀྱིས་བྱས་རྗེས་རྟ་རྔ་ཙམ་ཞིག་བཞག་མ་མྱོང་། འོན་ཏེ་མགར་རྒྱུད་དཀུ་ཆེ་ཞིང་སྒྱུ་ལ་མཁས་པས་བཙན་པོས་ངེད་ནམ་ཡང་མགར་གྱི་རྒྱབ་ཏུ་འཇོག ངེད་བློན་པོ་ཕལ་ཆེར་གྱིས་ཕུ་བོ་སུམ་སྣང་བློན་ཆེན་པོར་འཇུག་པའི་འདོད་པ་བསྟན་པ་ལ། བཙན་པོས་ངེད་ཀྱི་བློ་ལ་བསྟུན་ཁུལ་གྱིས་ཕུ་བོར་བློན་ཆེན་པོའི་མིང་མཚུངས་རིགས་སུ་གནང་ཡང་དབང་ཆ་ཡོད་ཚད་བཙན་སྙའི་ལག་ཏུ་ཡོད་པ་མ་ཡིན་ནམ། དེའི་དབང་གིས་ཁྲི་འབྲིང་འ་ཞར་སོང་ཤུལ་ཏུ་བདག་གིས་ཕུ་བོའི་དགྲ་ཤ་ལེན་ཕྱིར། མགར་བཙན་སྙ་དང་མང་ཉེན་སྟབ་ཙབ་བར་ཕྲ་མ་བཅུག་སྟེ་བཙན་སྙ་བསྒྲལ་བས། བཙན་པོས་མང་ཉེན་ལ་སྲོག་ཁྲིམས་བཅད། དེའི་རྗེས་སུ་བདག་ལ་བློན་ཆེའི་གོ་གནས་ལོ་འགར་ཐོབ་ཀྱང་མི་རིང་བར་སླར་ཁྲི་འབྲིང་ཀྱིས་འཕྲོག མ་ཟད་བདག་གི་ཕུ་བོ་སུམ་སྣང་གྲོངས་རྐྱེན་ཡང་མགར་དང་འབྲེལ་བ་ཡོད་ཚོད་འདུག་པས། དེ་དག་བསམ་དུས་ངས་ཕུ་བོའི་དགྲ་ཤ་མ་བླངས་ན་ག་ལ་འགྲིག ད་ལྟ་མགར་རྒྱུད་ཐང་དུ་གྱར་བ་ལ་ངེད་ཕུ་ནུས་དཔུང་ཆེན་པོ་བཏེགས་ནས་རྩ་མེད་དུ་གཏོང་ཆོག་པས་ཁྱེད་བློན་པོ་རྣམས་བློ་རྣལ་དུ་ཕོབས་ཤིག”དེ་སྐད་བརྗོད་པ་ལ་རྔེགས་དང་འབྲོའང་ཡིད་ཆེས་ལ་མི་ཆེས་པའི་ངང་རལ་གྲི་ཤུབས་སུ་བཅུགང་རང་ཡིད་ཤིན་ཏུ་ཕངས་ཏེ་ཅི་བྱ་གཏོལ་བྲལ་དུ་གྱུར། གློ་བུར་དུ“རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་འབུལ”ཞེས་པའི་བྲག་ཅ་ལྟ་བུའི་སྐད་སྒྲ་དེ་སླར་ཡང་གྲག་འོངས། སྐད་སྒྲ་དེས་ང་ལ་སླར་ཡང་ཕ་རྒན་དྲན་དུ་བཅུག ཕ་རྒན་གང་དུ་ཡོད་དམ།དེ་སྐད་སྙམ་པ་ལ་ང་རང་གློ་བུར་དུ་འོད་དཀར་པོ་ཞིག་ཏུ་གྱུར་ཏེ་གངས་ཀྱི་ཕུག་པ་ཡིད་དུ་འོང་བ་ཞིག་ཏུ་སླེབས། ཕུག་པའི་སྦུགས་ན་ནོར་བུའི་རིགས་ཀྱི་ཡོལ་གོར་འོ་མ་དང་ཤིང་ཏོག ཤ་མར་སོགས་ཅི་འདོད་དུ་བཤམས་ཤིང་། མྱེས་སྲོང་བཙན་དང་ཕ་རྒན་གཉིས་ཁ་སྤྲོད་དུ་བསྡད་དེ་ཕྱྭ་རིགས་དང་རྨུ་རིགས་ཀྱི་ཆེ་བ་རྗོད་བཞིན་འདུག ཕ་རྒན་གྱིས་སྣམ་ཕྲག་ཏུ་ལག་པ་བཅུག་སྟེ་གསེར་གྱི་བྱ་ཁྲ་དེ་བཏོན་པ་ན། ས་གཞི་ཧྲིལ་པོ་འོད་ཀྱིས་ཁྱབ་ནས་མིག་ཀྱང་ཕྱེ་མི་ཐུབ་པར་གྱུར་ཅིང་རིམ་གྱིས་འོད་ཇེ་ཆུང་དུ་སོང་།ངས་ལག་པ་བསྲིངས་ཏེ་གསེར་གྱི་བྱ་ཁྲར་རེག་པར་བརྩམས་པ་ན། ང་རང་སླར་ཡང་འོད་དཀར་པོ་ཞིག་ཏུ་གྱུར་ཏེ་མཁའ་རུ་འཕགས་ཤིང་། མཐར་འོད་ཆེམ་ཆེམ་བྱེད་པའི་སྐར་མ་ཞིག་ཏུ་གྱུར།
རླུང་བུ་བསིལ་མོ་ཞིག་ལྡང་བས་ངའི་དྲན་པའང་ཇེ་གསལ་དུ་གྱུར། ངས་ལག་པ་བྲང་ལ་བསྙབས་ནས་གསེར་གྱི་བྱ་ཁྲ་བོར་ཡོད་མེད་བལྟས་པས་ཁྲག་དྲོན་གྱིས་བྲང་གཞུང་བརླན་ཡོད་པ་རྟོགས། དེ་ནས་རིམ་གྱིས་སྐེ་དང་མཇིང་པ་བཅས་ལ་རེག་པ་ན་ད་གཟོད་མགོ་བོ་མི་སྣང་ཞིང་། མཇིང་པའི་རྩ་ཆེན་ལས་ད་དུང་ཡང་ཁྲག་དྲོན་འབབ་ཀྱིན་འདུག “རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་འབུལ”བྲག་ཅ་ལྟར་འཁོར་བའི་སྐད་སྒྲ་དེས་ངའི་སེམས་ལ་འཚུབ་ཆ་ཞིག་བསླངས།
“ང་ལ་མགོ་མེད་རུང་གསེར་གྱི་བྱ་ཁྲ་བོར་ན་མི་འགྲིག”
ངས་དེ་ལྟར་ཆིག་ལབ་ཅིག་བརྒྱབ་རྗེས་རལ་གྲི་འཁར་བ་བྱས་ཏེ་ག་ལེར་ཡར་ལ་ལངས། ཁྲག་མདོག་ཅན་གྱི་ཟླ་འོད་རབ་རིབ་འོག ཉག་ལམ་འདི་དག་བེམ་རོ་ཁོ་ནས་བཀང་ཞིང་བེམ་རོ་དེ་དག་ལས་འོད་དཀར་པོ་ཞིག་དགུང་དུ་འཕྱུར་ཏེ་ཕ་ཡུལ་གྱི་ཕྱོགས་སུ་འཕུར་བཞིན་འདུག ངོ་མ། འཇིག་རྟེན་འདི་མིག་ཁོ་ནས་མཐོང་ཟེར་བ་ནི་རྫུན་འབའ་ཞིག་ཏེ། སྐབས་རེར་སེམས་ཀྱིས་མཐོང་བ་ནི་མིག་གིས་མཐོང་བ་ལས་ཀྱང་ལྡབ་བརྒྱ་སྟོང་གིས་གསལ་ལོ། །
ངའི་རྣམ་རིག་ཇེ་དྭངས་སུ་གྱུར་པ་དང་དུས་མཚུངས་སུ་ཟླ་བ་དམར་པོ་དེའང་རིམ་གྱིས་ཇེ་གསལ་དུ་གྱུར་པས། ད་གཟོད་ས་རུ་འགྲིལ་བའི་བེམ་རོ་ཕལ་ཆེར་གྱི་མགུལ་དུ་ཁྲག་གིས་སྦགས་པའི་གཡུ་ཆེན་པོ་རེ་བཏགས་ཤིང་ལག་གཡས་པར་དཔའ་དམ་རེ་བཟུང་ཡོད་པ་མཐོང་། གྲང་ངད་ཆེ་བའི་དགུན་ཟླ་འདིར་དཔའ་བོ་གཡུ་སྣ་ཅན་གྱི་དཔུང་སྡེ་ཞིག་འདི་ལྟར་འཕར་སྤྱང་གི་ཁ་ཟས་སུ་གྱུར། ཀྱེ་མ། ངའི་ཡིད་སེམས་མཆི་མས་དྲག་ཏུ་སྐྱོམ་ཡང་བྱ་ཐབས་ཅི། ངས་ཉིན་མཚན་ལྟོས་མེད་ངང་བེམ་རོ་དེ་དག་རེ་རེ་བཞིན་བསློགས་ནས་གསེར་གྱི་བྱ་ཁྲ་དང་རང་གི་མགོ་བོ་བཙལ། དུས་ཚོད་ཅི་ཙམ་འདས་པའང་མ་ཤེས། ས་སྟེང་དུ་འགྲིལ་བའི་བེམ་རོ་ཕལ་ཆེར་རུས་ཀྲང་དུ་གྱུར་ཅིང་སྲིན་འབུ་རེ་གཉིས་རུས་པའི་གསེང་ན་ཕར་རྒྱུག་ཚུར་རྒྱུག་བྱེད། ཆར་གྱིས་བརླན་པའི་བེམ་རོ་དག་ལས་རུལ་དྲི་ཁ་པོ་ཞིག་ཐུལ་བས་སྦྲང་བུ་མང་པོ་དེའི་གམ་ན་ལྡིང་།
“རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་འབུལ།”
སྐད་ཆ་དེ་བྲག་ཅ་ལྟར་གྲག་འོངས། སྐད་ཆ་དེ་རྣ་བར་ལྷུང་ཐེངས་རེར་ངའི་སྙིང་དམར་ཚལ་བརྒྱར་འགས་སྙམ་བྱེད། ངའི་བློ་ངོར་ཕ་ཡུལ་དང་ཡབ་དམ་པ་དྲན་མ་ཐག ང་རང་ཡང་འོད་དཀར་པོ་ཞིག་ཏུ་གྱུར་ཏེ་ཡུལ་ངས་པོར་སླེབས། ལག་ཏུ་མདུང་རིང་ཐོགས་པའི་སྐྱེས་པ་ཞིག་གིས་བདག་གི་ཉེ་དུ་མང་པོ་ཐག་པས་བཀྱིགས་ཏེ་པྱ་ཕུ་ནས་ཟལ་མོའི་ཕྱོགས་སུ་བདའ་བཞིན་འདུག “སྲིང་མོས། ཁྲི་འབྲིང་གིས་གློ་བ་རིང་མི་སྲིད། འདི་ནི་དབའས་ཀྱིས་སྒྱུ་ཕབ་པ་འབའ་ཞིག་རེད། ཉི་ཟླ་ཡིས་དཔང་པོ་གནང་རོགས”དེ་སྐད་བརྗོད་པ་ལ། མདུང་རིང་ཐོགས་པའི་སྐྱེས་པ་དེས་སྲིང་མོའི་བྲང་ཁ་རུ་མདུང་རིང་ཤུགས་ཀྱིས་བསྣུན་ཏེ་སྲིང་མོ་རང་སར་བསད། སྐྱེ་བོ་གདུག་པ་ཅན་འདི་དག་གིས་བདག་གི་ཚ་བོ་ཚོར་ཡང་མནར་གཅོད་ཅི་ཞིག་གཏོང་གིན་ཡོད་དམ། དེ་སྐད་སྙམ་དུས་བདག་སླར་ཡང་འོད་དཀར་པོར་གྱུར་ཏེ་གློག་འཁྱུག་པ་ལྟར་རི་ཕུའི་འདབས་སུ་སླེབས། རི་ཕུ་ནི་བདག་གི་སྐྱེས་ཡུལ་དངོས་མ་ཡིན་ཡང་ཡབ་དམ་པའི་སྐུ་རིང་ནས་བཟུང་ངེད་ཡབ་དང་བུ་སྤུན་རྣམས་རི་ཕུར་སྡོད་ལ། ཡུམ་དང་སྲིང་མོ་རྣམས་ཕ་ཡུལ་པྱ་ཕུར་སྡོད་པའི་སྲོལ་བྱུང་། ཡབ་དམ་པས་དེ་ནི་རི་ཕུ་དང་མེར་ཀེ་གཉིས་ཁ་སྤྲོད་དུ་ཡོད་པས་བཙན་པོའི་སྐུ་ལ་སྲུང་བ་བྱ་བདེ་ཕྱིར་ཡིན་ནོ་ཞེས་གསུངས་མོད། གཅིག་བྱས་ན་བཙན་པོས་མགར་གྱི་རྒྱུད་པས་གྱེན་ལོག་བྱེད་མི་བདེ་བའི་ཆེད་དུ་ནུས་སྟོབས་མེད་པའི་བུད་མེད་རྣམས་ལོགས་སུ་བཀར་བ་ཡིན་ཡང་སྲིད། དཔྱིད་ཀ་སྔ་ས་ནས་ཟིན་ནའང་འདི་ལོར་གྲང་ངར་ཆེ་བས་ལྷ་ཆུ་ཁམ་པ་འཁྱགས་པས་བསྡམས་ཏེ་རི་ཕུ་དང་མེར་ཀེའི་དབར་ལ་འགྲོ་ལམ་བདེ་མོར་བཏོད་ཡོད་མོད། འཁྱགས་རོམ་སྟེང་དུ་བེམ་རོ་མང་པོས་ཁེངས་ཡོད་པ་ལ་སྤྱང་ཀི་མང་པོ་བབས་ནས་བེམ་རོའི་དོན་དུ་འཛིང་རེས་བྱེད་ཀྱིན་འདུག
“བེམ་རོ་འདི་དག་ནི་མགར་གྱི་རུས་པའམ་ཡང་ན་མགར་དང་འབྲེལ་བའི་སྐྱེ་བོ་འབའ་ཞིག་ཅིས་མ་ཡིན། ཨོ། ངའི་ཚ་བོ་ད་དུང་གསོན་ཡོད་དམ།”
དེ་སྐད་སྙམ་དུས་ང་རང་རི་ཕུའི་མཁར་དུ་སླེབས། དབའས་ཁྲི་གཟིགས་ཀྱི་ལག་ཏུ་ཚ་བོའི་མགོ་བོ་ཁྲག་དམར་འཛར་རེ་བ་དེ་ཁྱེར་ནས།
“ཕུ་བོ་སུམ་སྣང་གིས་དུར་ཁུང་ནས་གཟིགས་ཤིག དེ་རིང་ནུ་བོས་བཙན་སྙར་དགྲ་ཤ་ཡིད་ཚིམ་པ་ཞིག་བླངས་ཡོད། ད་བཙན་པོའི་བློན་ཆེན་ལ་ངེད་དབའས་ཀྱི་རྒྱུད་པ་ལས་གཞན་སུ་ཡོད། ཧ་ཧ་ཧ……”
ང་རང་ཞེ་སྡང་གིས་ཡོངས་སུ་གཙེས་ཏེ་གྲི་རིང་ཤུབས་ལས་ཕྱུང་ནས་ཁྲི་གཟིགས་ཀྱི་མགོ་ལ་ཇི་ལྟར་གཡུག་ནའང་འཇའ་ལ་བཏབ་པ་ལྟ་བུ་ལས་མ་བྱུང་བས། ངས་སླར་ཡང་གཉེན་ཆེན་ཐང་ལྷར་གསོལ་བ་བཏབ་ནས་གྲི་རིང་ཐེངས་གཅིག་གཡུགས་པ་ན། དཀར་ཁུང་ལས་རླུང་བུ་ཤུགས་ཆེན་ཞིག་ལྡང་ནས་སྒྲོན་མེ་ནག་ཚུབ་བེར་བཏང་བ་དང་། ཁོས་མྱུར་དུ་དམག་མི་ཞིག་ལ་ཚ་བོའི་མགོ་བོ་དེའང་ལྷ་ཆུའི་གཞུང་དུ་གཡུག་པར་བཏང་།
དེ་ནས་བདག་སླར་ཡང་འོད་དཀར་པོ་ཞིག་ལ་བཅིབས་ཏེ་ལྷ་ཆུའི་ཕ་རོལ་གྱི་མེར་ཀེར་སླེབས། འབྲོ་བཟའ་ཡིས་མིག་ཆུ་གཏོང་བཞིན་ཡོད་པ་ལ། རྔེགས་མང་ཞང་སྟག་ཙབ་ན་རེ།
“ཁྲི་གཟིགས་ཀྱིས་སུམ་སྣང་གི་དགྲ་ཤ་ལེན་ཕྱིར་སྒྱུ་ཕབ་པ་ཡིན་སྲིད་ནའང་། མགར་འདི་དཔུང་བ་རྒོད་པས་ཕྱིས་བཙན་པོའི་གེགས་ཆེན་དུ་མི་འགྱུར་བའི་ངེས་པ་མེད། རྒྱ་དང་འ་ཞ། གྲུ་གུ་སོགས་སུ་ནི་ལྷ་བཙན་པོ་མི་ཤེས་མཁན་མང་ནའང་། ཁྲི་འབྲིང་མི་ཤེས་མཁན་གཅིག་ཀྱང་མེད། གལ་ཏེ་ནམ་ཞིག་ཁོས་མཐའ་དམག་བསྡུས་འོངས་ཚེ་ལྡོག་དཀའ། ”
ཁོས་མིག་གིས་གཡས་གཡོན་དུ་ལྟ་ཙམ་བྱས་རྗེས། སླར་ན་རེ།
“རྒྱལ་ཡུམ་གསན་དང་། ན་ནིང་ལོ་མཇུག་ལ་བྱུང་བའི་གཤེད་མ་དང་། ད་ལོའི་ལོ་སྟོད་ལ་བྱུང་བའི་གཤེད་མ་མཐའ་དག་འ་ཞ་དང་གྲུ་གུ་ནས་ཡོང་བ་འབའ་ཞིག་ཡིན་པས། དེ་དག་ཁྲི་འབྲིང་གིས་མ་བཏང་བའི་ངེས་པ་ག་ལ་ཡོད། ད་ཐེངས་རྗེ་བོ་དཔུང་དང་བཅས་པ་མཐའ་རུ་གཤེགས་པས་བཙན་པོའི་གྲགས་པ་འཕེལ་ཞིང་གཤེད་མ་རྣམས་ཞུམ་རྒྱུར་ཐེ་ཚོམ་ཅི། དེ་བས་ཁྲི་འབྲིང་ཐུལ་ན་ཁོའི་གྲགས་པའང་བཙན་པོའི་དབུ་རྨོག་ཏུ་སྣོན་རྒྱུར་གདོན་མི་ཟ།”
དེ་སྐད་སྨྲས་པས། འབྲོ་བཟའི་སེམས་སུ་འ་ཞ་ནི་བཙན་པོའི་ཡུམ་འབངས་སུ་གཏོགས་པས། འ་ཞའི་ཡུལ་ལས་གཤེད་མ་གཅིག་རྗེས་གཉིས་མཐུད་བྱུང་བ་དེའི་བྱེད་གཏེ་ནི་འ་ཞའི་རྒྱལ་པོ་ཡིན་མི་སྲིད་ཀྱང་ཁྲི་འབྲིང་ཡིན་པའི་ངེས་པ་ཅི་ལ་ཡོད། ད་ནི་ངས་མྱེས་ཁྲི་སྲོང་བཙན་གྱི་བཀའ་ལས་ལྡོག་སྟེ་བློན་པོ་རེ་གཉིས་ཀྱི་འཆལ་གཏམ་ལ་ཉན་ནས། བཙན་པོའི་དཔུང་བ་དགུང་དུ་འདེགས་མཁན་གྱི་ལྷག་བསམ་ཅན་ཞིག་བརླགས་པ་ཨེ་ཡིན་སྙམ་ནས་སྤྱན་ཆབ་ཤོར།
གཤེད་མ་ཞེས་པའི་ཐ་སྙད་དེ་གོ་དུས་ངའི་སྙིང་གི་འཕར་ཤུགས་ཀྱང་ཇེ་ཆེར་གྱུར། དེ་ནི་ང་རང་ལོ་ན་ཕྲ་བའི་དུས་ཤིག་སྟེ་ཆར་ཆུ་ཤིན་ཏུ་མོད་པའི་དབྱར་ཁ་ཞིག་རེད། ཡབ་དམ་པས་རྒྱ་བཟའ་ཀོང་ཇོ་གདན་དྲངས་ནས་བོད་དུ་སླེབས་ཤིང་བཙན་པོ་སྲོང་བཙན་འ་ཞའི་ཡུལ་ལས་གཡུལ་རྒྱལ་ཏེ་ཡུལ་དུ་འཁོར། སྤྱིར་ན་དེ་ནི་བཀྲ་ཤིས་ཉིས་བརྩེགས་ཡིན་པས་རྒྱལ་འབངས་ཀུན་དགའ་སྤྲོའི་དཔལ་ལ་རོལ་བའི་དུས་ཡིན་དགོས་མོད། དུས་སྐབས་དེར་བཙན་པོའི་ཕྱོགས་སུ་གཤེད་མ་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས། གཤེད་མ་དེ་དག་ལས་ལ་ལ་ནི་གཅུང་བཙན་སྲོང་ལ་ངན་སྐུལ་བྱེད་མཁན་གྱི་ཡབ་འབངས་དང་ཡུམ་འབངས་ཡིན་ལ། ལ་ལ་ནི་འ་ཞའི་རྒྱལ་པོར་དགྲ་ཤ་ལེན་མཁན་རེད། ཡབ་ཆེན་གྱིས་དེ་དག་རེ་རེ་བཞིན་དཔྱད་ཅིང་བཙན་སྲོང་ནི་ལྷོ་ཁར་སྤྱུགས། འ་ཞའི་གཤེད་མ་དག་ནི་བསྒྲལ་བས་བཙན་པོ་སྲོང་བཙན་གྱི་སྐུ་ལ་གནོད་པ་ཅིའང་མ་བྱུང་། ལྷག་པར་དུ་ཡབ་ཀྱིས་རྒྱའི་ཁྲིམས་ལ་དཔེ་བྱས་ཏེ་ཁོད་བཤམས་ཤིང་རྒོད་དང་གཡུང་དབྱེ་དགོས་པ་དང་། ཞལ་ལྕེ་བཀྲམ་དགོས་ལུགས་སོགས་ཞུས་པ་ལ་བཙན་པོ་ཐུགས་དགྱེས་ཏེ་དཔའ་ཞིང་མཛངས་པའི་བློན་ཆེན་པོ་ཁྱོད་ལྟ་བུ་ནི་རྙེད་པར་དཀའོ། །
ཁྱོད་ཀྱི་མྱེས་ཁྲི་སྒྲ་མུ་འཛིན་ལ་ལྷ་བཙན་པོས་ལྕགས་ཀྱི་བྱ་ཁྲ་གནང་བ་བཞིན། ངས་ཁྱོད་ལ་གསེར་གྱི་བྱ་ཁྲ་འདི་གནང་ངོ་ཞེས་འོད་ལྷེམ་ལྷེམ་དུ་བྱེད་པའི་གསེར་གྱི་བྱ་ཁྲ་དེ་ཁོང་གི་མགུལ་དུ་བརྒྱན།
ཡབ་དམ་པ་མི་ཡུལ་དང་ཁ་བྲལ་བའི་སྔར་ལོར་སླར་གཡུལ་ལས་རྒྱལ་ཏེ་འ་ཞ་ལས་རི་ཕུར་འཁོར། ཁུ་དང་དབའས་སོགས་བློན་ཆེན་པོ་དག་གིས་བཙན་པོ་ཟྲིད་ཀྱི་འདུ་ནག་ལ་གདན་དྲངས། ཡབ་ཀྱིས་བཙན་པོའི་སྐུ་སྲུང་བདེ་བའི་ཕྱིར་ཡིག་མཁན་བོས་ཏེ།བཙན་པོ་མེར་ཀེར་དུ་ཕེབས་དགོས་པའི་འཕྲིན་སྤྲིངས་ཀྱང་། ཡིག་མཁན་ལམ་བར་ནས་བཙན་ཁྲིད་བྱས་ཏེ་བཙན་པོའི་གམ་དུ་མ་སླེབས། ཏག་ཏག་ལོ་དེར་ཟྲིད་ལ་འ་ཞའི་གཤེད་མ་བྱུང་བས། དེ་དུས་དབའས་སོགས་བློན་པོ་ལ་ལས་དེ་ནི་ཡབ་གྱིས་བཏང་བར་དོགས་པ་བྱས་མོད། བཙན་པོས་ཡིད་ཆེས་ཀྱིས་གནད་དོན་དེ་ཡབ་དམ་པ་དང་འབྲེལ་བ་མེད་པར་བསྒྲགས།
དེའི་ཕྱི་ལོར་ཡབ་དམ་པ་མི་ཡུལ་དང་བྲལ། ཉིན་དེར་ང་དང་ཕུ་བོ་བཙན་སྙ་ཤངས་ཀྱི་སུམ་ཆུ་བོར་ཡོད་པ་ལ་མྱུར་དུ་རི་ཕུར་ལོག་དགོས་པའི་འཕྲིན་སླེབས། ངེད་ཕུ་ནུ་གཉིས་ཀྱིས་ད་ནི་ཕ་རྒན་གྱི་ནད་གཞི་ཇེ་སྡུག་ཏུ་སོང་བ་རྟོགས་ནས་མྱུར་དུ་གནམ་གཞུང་དང་ད་ཡུལ་བརྒྱུད་དེ་ལོག་པ་ལ། ས་སྲོད་ཀྱི་མཚམས་སུ་རི་ཕུར་འབྱོར། ཕ་རྒན་དབུགས་ཀྱི་རྒྱུ་བ་ཆད་ལ་ཁད་དུ་འདུག་ནའང་ངེད་བུ་སྤུན་རྣམས་འཛོམས་པས་ཁོང་གི་ཞལ་ཟུར་དུ་དགོད་འཛུམ་ཆུང་ཆུང་ཞིག་བཞད།
ཁོང་ན་རེ།“ངམ་ཡུལ་སྟོད་སྨད་བར་གསུམ་ལ་ཕྱྭ་སྲས་འོ་དེ་ལས་དབུ་མཐོ་བའི་རྗེ་བོ་ཞིག་ད་བར་བྱུང་མ་མྱོང་། རྨུ་རིགས་མགར་ལས་བློ་དཀར་བའི་བློན་པོ་ཞིག་ཀྱང་ད་བར་བྱུང་མ་མྱོང་། དེ་བས་ཕུ་ནུ་རྣམས་དཔུང་པ་མཐུན་པོས་བཙན་པོའི་ཞབས་ནས་བཏེགས་ཏེ། ཕྱིའི་དགྲ་བཏུལ་ནས། ནང་གི་ཁབ་སོ་སྲུངས་ཤིག”ཟེར།
ཁོང་གིས་ཕྱག་འདར་སིག་སིག་ངང་རང་གི་བྲང་ཁར་བཏགས་པའི་གསེར་གྱི་བྱ་ཁྲ་དེ་བཀྲོལ་ནས་གཅེན་པོའི་སྐེ་ལ་ག་ལེར་བཏགས་རྗེས། སླར་ན་རེ།
“ང་ནད་འདིས་མི་གཏོང་བས། ཁྱོད་ཀྱིས་ནུ་བོ་ཚོའི་མགོ་དྲངས་ཏེ་ནམ་དུའང་རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་དབུལ་ཅིག”
དེ་སྐད་བཤད་རྗེས་ཕ་དམ་པའི་མིག་ཟུང་ག་ལེར་བཙུམས་ཤིང་མགོ་བོ་ཕྲེང་ཐག་ཆད་པ་ལྟར་ཡས་ཕྱོགས་སུ་འཁྱོགས་པར་གྱུར།
གློ་བུར་དུ་ཁྱིའི་ཟུག་སྐད་རྣ་བར་ལྷུང་།
“མགྱོགས་པོར་སྒོ་ཕྱེ་དང……”
རྔེགས་མང་ཞང་སྟག་ཙབ་ཀྱིས་རབ་གསལ་ནས་བལྟས་པ་ན། མགོ་ལ་རྒོད་ཕྲུ་བཙུགས་པའི་སྐྱ་མི་གསུམ་སྒོ་འགྲམ་དུ་ལྷགས་པ་མཐོང་། རྔེགས་ཀྱིས་དེ་ནི་བཙན་པོའི་ཕོ་ཉ་ཡིན་པ་རྟོགས་ནས་བྲན་ཕོ་ཚོར་སྒོ་ཕྱེ་རུ་བཅུག་པ་ལ། སྐྱེས་པ་གསུམ་མྱུར་བར་ཚོམས་ཆེན་དུ་སླེབས། ཁོ་ཚོའི་ལག་ཏུ་ཁྲག་དམར་འགོས་པའི་རས་ཐུམ་གསུམ་ཁྱེར་འདུག
“རྒྱལ་ཡུམ་གཟིགས་དང་། འདི་ཁྲི་འབྲིང་བཙན་འབྲོད་ཀྱི་མགོ་རེད།”
གཞན་གཉིས་ཀྱིས་ཀྱང་དེའི་རྗེས་མཐུད་དེ། “འདི་གཉིས་པ་ཚབ་འོད་སྡེ་དང་། མང་པོ་སྣང་བཙན་གྱི་མགོ་རེད” ཟེར།
“ཧ་ཧ་ཧ། ཁྲི་འབྲིང་གི་མགོ་གཅོད་མཁན་སུ་རེད” དབའས་ཁྲི་སུམ་རྗེ་གཙང་བཞེར་གྱིས་དེ་སྐད་སྨྲ་བཞིན་མདུན་དུ་འོངས།
“ཁོང་ཚོས་རང་སྲོག་རང་གིས་བཅད་སོང་། བཙན་པོའི་དམག་དང་མདའ་རྒྱང་གཉིས་གསུམ་གྱི་མཚམས་སུ་ཁོ་ཚོས་རལ་གྲི་ཀླད་ལ་བསྐོར་ཏེ་རང་སྲོག་རང་གིས་བཅད་སོང་།”
“ཧ་ཧ་ཧ། བཙན་པོར་ངོ་ལོག་ན་མཇུག་འབྲས་འདི་རེད།”
ཁོས་མིག་ཅེ་རེར་འཇུར་བའི་ངའི་མགོ་བོར་མཛུབ་མོ་བཙུགས། འབྲོ་བཟའི་སེམས་སུ་མགར་གྱི་རྒྱུད་པ་འདི་ངོ་མ་བཙན་པོར་བློ་དཀར་བ་ཞིག་ཡིན་ངེས་རེད། འོན་ཏེ་ང་རང་རྨོངས་འཐོམས་ཆེ་དྲགས་པས་ད་ནི་ཡོངས་སུ་ཚར་སོང་སྙམ་ནས་དྲན་པ་འཐོར།
“རྒྱལ་ཡུམ་གཟིམས་ཁང་དུ་གདན་དྲོངས་ཤིག”འབྲོ་ཁྲི་བར་ཡང་སྟོན་གྱིས་དེ་སྐད་སྨྲས་པ་ན་བྲན་མོ་འགའ་ཞིག་གིས་འབྲོ་བཟའ་གཟིམས་སྦུག་ཏུ་ཁྲིད། འབྲོ་ཁྲི་བར་ཡང་སྟོན་གྱིས་ཕོ་ཉ་དེ་དག་ལ་མཛུབ་མོ་བཙུགས་ཏེ་སྐད་ཤུགས་ཆེན་པོས།
“མགར་འབྲིང་རྩན་རྩང་སྟོན་དང་མགར་བུ་མང་པོ་རྗེ་སྟག་བཙན་གྱི་མགོ་བོ་གང་དུ་ཡོད”ཅེས་བརྗོད་པ་ན། ཕོ་ཉ་གཅིག་གིས་སྐད་ཤུགས་ཆུང་ངུས“ཁོ་ཚོ་ཐང་ལ་བྲོས་སོང”ཟེར།
ཁྲི་སུམ་རྗེས། “ཧ་ཧ་ཧ། ཁོ་ཚོ་ཐང་དུ་འགྲོ་ས་ཞིག་ག་ལ་ཡོད། ཁྱོད་གསོན་པོར་སྡོད་དུས་ཐང་དམག་ཁྲི་ཕྲག་བསད་པ་མ་ཡིན་ནམ”ཁྲག་གིས་འཚོས་པའི་ངའི་མགོ་བོར་སྡིགས་མཛུབ་གཏད་ནས་དེ་སྐད་སྨྲས་པ་ལ། ཕོ་ཉ་དེ་ན་རེ། “འབྲིང་རྩན་ལ་རྒྱལ་མོ་ཝུ་ཙེ་ཐེན་གྱིས་བསུ་བ་རྒྱ་ཆེར་བྱས་པ་མ་ཟད། དམག་དཔོན་གྱི་གོ་གནས་ཀྱང་གནང་འདུག”དེ་སྐད་བརྗོད་པས། འབྲོས་རལ་གྲི་ཤུབས་ལས་ཕྱུང་སྟེ་མདུན་གྱི་ཤིང་སྒྲོམ་ཐོག་གཞུས་པས་ཤིང་སྒྲོམ་དུམ་བུ་གཉིས་སུ་བཏང་། ཕོ་ཉ་རྣམས་སྐྲག་ནས་འདར་ཞུམ་ཞུམ་དུ་ཡོད་པ་ལ། འབྲོ་དང་རྔེགས་གཉིས་ཕན་ཚུན་མིག་བརྡ་རེ་སྤྲད་རྗེས། རལ་གྲི་དབའས་ཁྲི་སུམ་རྗེ་གཙང་བཞེར་གྱི་སྐེ་རུ་གཏད་པ་དང་དུས་མཚུངས། དམག་མི་བཅུ་ཕྲག་གཅིག་ཀྱང་མྱུར་དུ་སླེབས་ཏེ་ཁྲི་སུམ་གྱི་མཐའ་ནས་བསྐོར།
རྔེགས་ན་རེ།“ངས་སྔར་ནས་མགར་གྱི་དགྲར་མ་ལངས་ཟེར་ཡང་མ་ཉན། ད་ནི་མགར་རྒྱུད་ཚར་གཅོད་མ་ཐུབ་པས་མི་རིང་བར་ངེད་ཁྱིམ་རྒྱུད་དག་ལ་གཡོལ་ཐབས་མེད་པའི་གེགས་བར་འབྱུང་ངེས་ཤིང་། བཙན་པོའི་སྲིད་ལའང་གནོད་ཉེན་ཆེ་བས། འདི་དག་ཚང་མ་ཁྱོད་ཕུ་ནུ་ཚོའི་བློ་བཀོད་མ་ཡིན་ནམ།”
དེ་དུས་དབའས་ཁྲི་གཟིགས་ཀྱང་དེར་འབྱོར།“རྔེགས་མང་ཞང་སྟག་ཙབ་ལགས། འདི་དག་ཚང་མ་ངེད་ཕུ་ནུས་ནོངས་ཤིང་། དབའས་དང་མགར་གྱི་འགལ་བ་ཡིན་པས་ཁྱེད་གཉིས་ནས་འདི་ལྟར་གནང་མི་རིགས། ཁྱེད་གསན་དང་། བདག་གི་མྱེས་དབྱི་ཚབ་ཀྱིས་མྱང་དང་སྣྲོན་སོགས་གྲོགས་ཏུ་བཀུག་ཏེ་བཙན་པོའི་དཔུང་བཏེགས་ནས་ཟིང་རྗེ་བསྒྲལ་བ་ལ་མགར་རྒྱུད་ཀྱིས་བྱས་རྗེས་རྟ་རྔ་ཙམ་ཞིག་བཞག་མ་མྱོང་། འོན་ཏེ་མགར་རྒྱུད་དཀུ་ཆེ་ཞིང་སྒྱུ་ལ་མཁས་པས་བཙན་པོས་ངེད་ནམ་ཡང་མགར་གྱི་རྒྱབ་ཏུ་འཇོག ངེད་བློན་པོ་ཕལ་ཆེར་གྱིས་ཕུ་བོ་སུམ་སྣང་བློན་ཆེན་པོར་འཇུག་པའི་འདོད་པ་བསྟན་པ་ལ། བཙན་པོས་ངེད་ཀྱི་བློ་ལ་བསྟུན་ཁུལ་གྱིས་ཕུ་བོར་བློན་ཆེན་པོའི་མིང་མཚུངས་རིགས་སུ་གནང་ཡང་དབང་ཆ་ཡོད་ཚད་བཙན་སྙའི་ལག་ཏུ་ཡོད་པ་མ་ཡིན་ནམ། དེའི་དབང་གིས་ཁྲི་འབྲིང་འ་ཞར་སོང་ཤུལ་ཏུ་བདག་གིས་ཕུ་བོའི་དགྲ་ཤ་ལེན་ཕྱིར། མགར་བཙན་སྙ་དང་མང་ཉེན་སྟབ་ཙབ་བར་ཕྲ་མ་བཅུག་སྟེ་བཙན་སྙ་བསྒྲལ་བས། བཙན་པོས་མང་ཉེན་ལ་སྲོག་ཁྲིམས་བཅད། དེའི་རྗེས་སུ་བདག་ལ་བློན་ཆེའི་གོ་གནས་ལོ་འགར་ཐོབ་ཀྱང་མི་རིང་བར་སླར་ཁྲི་འབྲིང་ཀྱིས་འཕྲོག མ་ཟད་བདག་གི་ཕུ་བོ་སུམ་སྣང་གྲོངས་རྐྱེན་ཡང་མགར་དང་འབྲེལ་བ་ཡོད་ཚོད་འདུག་པས། དེ་དག་བསམ་དུས་ངས་ཕུ་བོའི་དགྲ་ཤ་མ་བླངས་ན་ག་ལ་འགྲིག ད་ལྟ་མགར་རྒྱུད་ཐང་དུ་གྱར་བ་ལ་ངེད་ཕུ་ནུས་དཔུང་ཆེན་པོ་བཏེགས་ནས་རྩ་མེད་དུ་གཏོང་ཆོག་པས་ཁྱེད་བློན་པོ་རྣམས་བློ་རྣལ་དུ་ཕོབས་ཤིག”དེ་སྐད་བརྗོད་པ་ལ་རྔེགས་དང་འབྲོའང་ཡིད་ཆེས་ལ་མི་ཆེས་པའི་ངང་རལ་གྲི་ཤུབས་སུ་བཅུག
ང་རང་ཡིད་ཤིན་ཏུ་ཕངས་ཏེ་ཅི་བྱ་གཏོལ་བྲལ་དུ་གྱུར། གློ་བུར་དུ“རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་འབུལ”ཞེས་པའི་བྲག་ཅ་ལྟ་བུའི་སྐད་སྒྲ་དེ་སླར་ཡང་གྲག་འོངས། སྐད་སྒྲ་དེས་ང་ལ་སླར་ཡང་ཕ་རྒན་དྲན་དུ་བཅུག ཕ་རྒན་གང་དུ་ཡོད་དམ།
དེ་སྐད་སྙམ་པ་ལ་ང་རང་གློ་བུར་དུ་འོད་དཀར་པོ་ཞིག་ཏུ་གྱུར་ཏེ་གངས་ཀྱི་ཕུག་པ་ཡིད་དུ་འོང་བ་ཞིག་ཏུ་སླེབས། ཕུག་པའི་སྦུགས་ན་ནོར་བུའི་རིགས་ཀྱི་ཡོལ་གོར་འོ་མ་དང་ཤིང་ཏོག ཤ་མར་སོགས་ཅི་འདོད་དུ་བཤམས་ཤིང་། མྱེས་སྲོང་བཙན་དང་ཕ་རྒན་གཉིས་ཁ་སྤྲོད་དུ་བསྡད་དེ་ཕྱྭ་རིགས་དང་རྨུ་རིགས་ཀྱི་ཆེ་བ་རྗོད་བཞིན་འདུག ཕ་རྒན་གྱིས་སྣམ་ཕྲག་ཏུ་ལག་པ་བཅུག་སྟེ་གསེར་གྱི་བྱ་ཁྲ་དེ་བཏོན་པ་ན། ས་གཞི་ཧྲིལ་པོ་འོད་ཀྱིས་ཁྱབ་ནས་མིག་ཀྱང་ཕྱེ་མི་ཐུབ་པར་གྱུར་ཅིང་རིམ་གྱིས་འོད་ཇེ་ཆུང་དུ་སོང་།
ངས་ལག་པ་བསྲིངས་ཏེ་གསེར་གྱི་བྱ་ཁྲར་རེག་པར་བརྩམས་པ་ན། ང་རང་སླར་ཡང་འོད་དཀར་པོ་ཞིག་ཏུ་གྱུར་ཏེ་མཁའ་རུ་འཕགས་ཤིང་། མཐར་འོད་ཆེམ་ཆེམ་བྱེད་པའི་སྐར་མ་ཞིག་ཏུ་གྱུར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注