མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་སྲོག་བླུ་དང་ཉ་གཟིགས་དུས་ཆེན་སྐབས་བཅུ་དྲུག་པ་ཚོགས།

ཟླ་བདུན་པའི་རྐང་ཚ་ནི་སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་ཞིང་ཉ་དང་བྱ་ཡི་གཤོག་འགྱུར་ངོམ། ཟླ7པའི་ཚེས7ཉིན། 2023ལོའི་མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་སྲོག་བླུ་དང་ཉ་གཟིགས་དུས་ཆེན་སྐབས16པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་དུ་ཚོགས། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་གྱི་ཐིན་ཀྲང་གཞོན་པ་ཝུའུ་ཞའོ་ཏུང་གིས་ཤིས་ཚིག་ཕུལ་བ་དང་འབྲེལ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་ལ། མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཀྲེང་ཆིང་ཚོགས་འདུར་ཕེབས་པ་དང་རྐང་ཚ་རྫོང་གི་ཏང་སྲིད་འགན་འཁུར་བས་རྐང་ཚ་རྫོང་གི་ཚན་ཁག་ཆེན་མོ་བཞི་དང་རྐང་ཚ་རྫོང་གི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས་བྱེད་སྒོར་ཕེབས་པའི་སྐུ་མགྲོན་མགོ་ཁྲིད་དང་དེ་བཞིན་ལས་རིགས་སོ་སོའི་སྐུ་མགྲོན་དག་ལ་དགའ་བསུ་ཞུས།

undefined

ལོ་བཅུ་དྲུག་རིང་ལ་རྐང་ཚ་རྫོང་གིས་ཉ་གཟིགས་དུས་ཆེན་དེ་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་།    མཐོ་སྒང་སྐྱེ་ཁམས་མ་ལག་བརྟན་ལྷིང་སྲུང་སྐྱོབ་བྱེད་པ།    སྐྱེ་དངོས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།    སྐྱེ་ཁམས་དམངས་ཕན་གྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་ཆས་རྟགས་ཤིག་ཏུ་བཏོད་ཡོད་ལ།    ཡུལ་སྐོར་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུའང་གྱུར་ཡོད་པ་རེད།     མཚོ་སྔོན་པོའི་ཉ་གཟིགས་དུས་ཆེན་དེ་ལོ་རྒྱུས་རིག་གནས་ཀྱི་གོང་བུ་སྒྲིལ་བ་དང་།    མི་རིགས་ཀྱི་ཁྱད་ཆོས་དར་སྤེལ་གཏོང་བ།    སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་པ་བཅས་བྱེད་པའི“གསེར་གྱི་མིང་བྱང”ཞིག་ཏུ་གྱུར་ཡོད།     “ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ”ཡི་རྣམ་པ་བཟང་པོ་ལོ་རེ་བཞིན་ཐོན་ཞིང་།    ཆུ་སྐྱར་དང་སོ་བྱ་སོགས་ཆུ་ཐོག་བསྐྱོད་དེ“ཉ་དང་འདབ་ཆགས་མཉམ་གནས”ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་བྲིས་ཏེ“ཉ་དང་མིའི་དབར་འཚོ་བ་སྐྱེལ་བ”དང“མི་དང་འདབ་ཆགས་མཉམ་དུ་འཚོ་བ”“མི་དང་མཚོ་མཉམ་གནས་བྱེད་པའི”མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད། 

ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་སྟེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་བཞག་ནས་མཚོ་སྔོན་པོར་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་བརླན་ས་སྲུང་སྐྱོབ། མཚོ་རྒྱ་བསྡམས་ནས་ཉ་གསོ་བ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཀྱི་བྱེད་ཐབས་ལག་བསྟར་ཤུགས་ཆེན་བྱས་པ་དང་། “མཚོ་དང་ཉ། བྱ”བཅས་ཀྱི་རིམ་པ་མང་བ་དང་། ལངས་གཟུགས་ཅན་གྱི་སྲུང་སྐྱོབ་མ་ལག་བཙུགས་ཏེ། ཕྱོགས་མང་པོ་ནས་མཚོ་སྐོར་བྱང་ངོགས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བཙན་སའི་སྔོན་བསྐྱོད་ཁུལ་བཅས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིངས་ཡོད་པས། སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོབ་ལ་གྲུབ་འབྲས་དགའ་འོས་ཐོབ་ཡོད། ད་ལོ་རྐང་ཚ་རྫོང་གིས་སྐྱེ་ཁམས་རྣམ་པ་མཐོ་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོན་པོ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་དེ་སྔའི་མཚོ་སྔོན་པོའི་ཁེ་རམ་ཐང་དང་འོམ་ཆུའི་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་གྱི་རྨང་གཞིའི་ཐོག མཚོ་འཁྱིལ་ཡུལ་ཚོ་ལྷ་ཆབ་ཁུག་སྐྱེ་ཁམས་མྱོང་རོལ་ལྗོངས་ཁུལ་དང་མཚོ་འཁྱིལ་གསེར་ཉ་ཡར་འགྲོ་ལྟ་ཞིབ་བྱེད་ས། གཡུ་དཀར་འོམ་ལུང་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁུལ། དཔལ་དགེ་དགོ་དམར་སྲུང་སྐྱོབ་ཁུལ་སོགས་དམིགས་བསལ་གཉེར་སྐྱོང་བྱ་ཡུལ4མང་དུ་བཏང་ནས་སྐྱེ་ཁམས་དང་ཡུལ་སྐོར་གྱིས་ཕན་ཚུན་ཆར་བ་ཆུ་གྲོགས་བྱེད་པའི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད།

རྒྱུས་ལོན་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་བའི་རིང་ད་དུང“དཔལ་དགེའི་རྩྭ་ཐང་སྙན་ངག་འདུ་ཚོགས་སྐབས་གཉིས་པ”དང“བླ་མཚོ་རྟགས་མའི་རྟ་རྒྱུག་འགྲན་བསྡུར་སྐབས་གསུམ་པ”“མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྤྱི་ཕན་བྱ་འགུལ་སྐབས་དང་པོ”“2023ལོའི་མཚོ་སྔོན་པོའི་རང་སྨྱན་སྦྱོར་བརྗེ་རེས་ཚོགས་ཆེན”སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་བོད་མཁར་གྱི་ཉམས་སྣང་བཟང་པོ་དང་ཉ་དང་བྱ་ཡི་ཞིང་ཁམས་ཀྱི་སྐྱེ་ཁམས་མཛེས་སྡུག་མྱོང་རོལ་བྱ་རུ་འཇུག་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号