བདག་ཉིད་ཆེན་པོ་གན་ངྷི་མཆོག་གི་གསུང་ཚན་འགའ།
མི་བུ་སྡར་མ་དག་གིས་ནི་བཟོད་གསོལ་ཞུ་མི་ཤེས་ཤིང་། བཟོད་གསོལ་བྱེད་པ་ནི་སེམས་དཔའ་དག་གི་ཁྱད་ཆོས་མངོན་ཚུལ་དམ་པ་དེ་ཡིན་ནོ། །
བདེ་སྐྱིད་ཟེར་བ་དེ་ནི་ཁྱེད་ཀྱིས་ཅི་ཞིག་བསམ་པ་དང་། ཅི་ཞིག་གླེང་བ། ཅི་ཞིག་སྒྲུབ་པ་ཡོད་ཚད་མཛའ་མཐུན་དང་འགྲོགས་པའི་དུས་སྐབས་དེ་ལའོ། །
དཀའ་སྡུག་དང་ཉོག་དྲ་ལ་གཡོལ་ཕྱིར་ཁ་ཡག་ངོ་དགའ་ཡིས་དཀའ་ཚེགས་མེད་པར་ངག་ནས་“ཡིན”ཁོ་ན་བཤད་པ་ལས། ཡིད་ཆེས་ཟབ་བརླིང་ལྡན་པའི་སྒོ་ནས་“མིན”ཟེར་བས་དགའ།
མི་བུ་སྡར་མ་དག་ལ་ནི་གཞན་ལ་བརྩེ་དགའ་རོལ་བའི་རང་གཤིས་ཀྱི་ནུས་པའི་རྣམ་འགྱུར་ཅི་ཡང་མེད་ཅིང་། བརྩེ་དགར་རོལ་ཐུབ་པ་ནི་མི་བུ་སྙིང་སྟོབས་ཅན་དག་གི་བླ་ན་མེད་པའི་ཁྱད་ཆོས་སོ།།
འགྲོ་བ་མི་ཡི་རིགས་དག་ནི་བསམ་གཞིག་གི་ནུས་པའི་ལག་རྗེས་ཡིན་ཕྱིར། སེམས་སུ་ཅི་ཞིག་བཅིང་ཡོད་ན་མི་དེ་ཡང་དེ་ལྟར་དུ་འགྱུར་སྲིད།
རྒྱལ་ཁབ་དེའི་དཔལ་ཡོན་རིག་གནས་ནི་རྩ་བའི་མི་རིགས་དེའི་ནང་སེམས་དང་རྣམ་ཤེས་ཀྱི་སྟེང་དུ་མི་མངོན་པའི་རྣམ་པའི་ཚུལ་ཏུ་གནས་ཡོད།
དུས་དང་རྣམ་པ་ཐམས་ཅད་དུ་ལྷད་མེད་མཛའ་མཐུན་གྱིས་ཕྱུག་པའི་ལུས་ངག་ཡིད་གསུམ་ལ་འབད་པའི་དམིགས་པ་ཟུངས། ལྷག་པར་དུ་ནམ་རྒྱུན་རང་ཉིད་ཀྱི་བསམ་བློར་གཙང་སེལ་བྱེད་པའི་དམིགས་པ་བཟུང་ན་ཡོད་ཚད་ཕུན་སུམ་ཚོགས་པར་འགྱུར་ངེས།
ནོར་འཁྲུལ་ནི་ནམ་ཡང་ནོར་འཁྲུལ་ཡིན་ཕྱིར་དེ་ནི་མི་ཁྲི་སྟོང་མང་པོར་བརྒྱུད་སྒྲོག་བྱས་ནའང་། དེ་ནི་ནམ་ཡང་གནས་ལུགས་སམ་བདེན་དོན་ཅན་དུ་འགྱུར་རྒྱུ་ཡོད་པ་མ་རེད། དེ་བཞིན་ཏུ་བདེན་དོན་ཡང་རྟོགས་མཁན་སུ་གཅིག་པུའང་མེད་ན་ཡང་བདེན་དོན་དང་གནས་ལུགས་ནི་ནམ་ཡང་གནས་ལུགས་ཡིན་ཕྱིར་དེ་ནི་རྫུན་པ་དང་ནོར་འཁྲུལ་ཅན་དུ་འགྱུར་རྒྱུ་ཡོད་མི་སྲིད།
ཉམས་ལེན་གཅིག་གི་རིན་ཐང་ནི་ཆོས་བཤད་སྟོང་ལས་དགེ་མཚན་ལྡན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注