【ཨ་རིག་གླེན་པའི་གཏམ་རྒྱུད།】གདུགས་དཀར་པོ།


སྔོན་ཨ་རིག་རྒད་པོ་ཞིག་གིས་ཕ་མེས་དག་གི་མདུན་ནས་གདུགས་དཀར་ཆ་ལེ་ཆོ་ལེ་ཞིག་བློར་བཟུང་བ་དད་པ་བརྟན་པོས་ཁ་བཏོན་བྱས། ཐེངས་ཤིག་ལྷ་སར་མཇལ་སྐོར་དུ་སོང་ནས་བླ་མ་དང་མཇལ་དུས། བླ་མས་ཨ་རིག་རྒད་པོས་མགོ་ན་གདུགས་དཀར་པོ་ཕྱེད་ཅན་ཞིག་འཁོར་ནས་འགྲོ་བ་མཐོང་བས། ཨ་རིག་རྒད་པོས་ཁ་དོན་ཅི་ཞིག་བྱེད་བཞིན་ཡོད་ཅེས་དྲིས་པ་ན། གདུགས་དཀར་པོ་འདོན་ཀི་ཡོད་ཅེས་ཞུས། ཁྱོད་ཀྱིས་ཐོན་དང་གསུངས་པས། ཨ་རིག་རྒད་པོས་བཏོན་པའི་ཚེ། གདུགས་དཀར་ཕྱེད་ཀ་ཞིག་མ་གཏོགས་འདོན་ཤེས་མེད་པས་ཁོང་གིས་གདུགས་དཀར་ཁ་ཚང་ཞིག་བཏོན་ན་ལྷག་ཏུ་བཟང་བར་དགོངས་ནས་ཨ་རིག་རྒད་པོར་གདུགས་དཀར་ཁ་ཚང་ཞིག་སློབ་ཏུ་བཅུག་པ་ན། གདུགས་དཀར་པོ་ཕྱེད་ཀ་དེ་ཡང་མཐོང་རྒྱུ་མེད་པར་གྱུར། དེ་ནས་བླ་མས་སྔོན་ཆད་གདུགས་དཀར་ཇི་ལྟར་བཏོན་པ་བཞིན་ཐོན་དང་འགྲིག་འདུག་ཅེས་གསུངས། དེ་ནས་ཨ་རིག་རྒད་པོས་སྔོན་ལྟར་བཏོན་པ་ན། གདུགས་དཀར་པོ་ཕྱེད་ཀ་དེ་མགོ་ནས་ཡང་འཁོར་རང་འཁོར་བྱས་པའོ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号