«བོད་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡིག་ཚང་ཞིབ་འཇུག»ཅེས་པ་པར་དུ་བསྐྲུན།
རྩོམ་པ་པོ།:གླིང་བུ།
སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡིག་ཚང་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲིད་བཞེས་རིང་ནས་ཁྲི་གཙུག་ལྡེ་བཙན་སྲིད་ཁྲིར་འཁོད་པའི་བར་དུ་བཞེངས་པ་ཡིན་ལ། རྡོ་བརྐོས་ཀྱི་ཕྱིའི་རྣམ་པར་གཞིགས་ན་རྡོ་རིང་ཡི་གེ་དང་རྡོ་བརྐོས་ཡི་གེ །བྲག་བརྐོས་ཡི་གེ་བཅས་རིགས་ཆེན་པོ་གསུམ་དུ་བགར་ཆོག་པ་ལྟར། དེབ་འདིར་ཡང་དེ་བཞིན་དབྱེ་བ་བགར་ནས་དཔྱད་རྩོམ་རྣམས་སྡེ་ཚན་ཆེན་པོ་གསུམ་དུ་གུང་བསྒྲིགས་ཤིང་། དཔྱད་རྩོམ་གྱི་མཇུག་ཏུ་བཀོད་པའི་ཟུར་ལྟའི་ཡིག་ཆ་དང་མཆན་འགྲེལ་རྣམས་ཀྱང་པར་ངོས་བསྒྲིགས་སྐབས། ཞབས་མཆན་དུ་བཀོད་དེ་ཀློག་པ་པོར་སྟབས་བདེ་མི་དམན་པ་ཞིག་བསྐྲུན་ཡོད། སྡེ་ཚན་བཞི་པར་པ་ཚབ་པ་སངས་དབང་འདུས་དང་ཨ་རིན་ལྕགས་རྒྱལ་འབུམ་གྱི་དཔྱད་རྩོམ་རེ་ཟུང་ཡང་ཟུར་བཀོད་ཀྱི་ཚུལ་དུ་བཞག་ཡོད་པས། མིག་སྔའི་བོད་ཀྱི་རྡོ་རིང་སྐོར་གྱི་ཞིབ་འཇུག་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་ཕན་ཐོགས་ཤིན་ཏུ་ཆེའོ། །
དེབ་གསར«བོད་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡིག་ཚང་ཞིབ་འཇུག»
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注