ཀླད་ཀོར་གྱི་སྒྲུང་ཐུང་དེབ«དུས་ཚོད་ཁྲ་ཁྲ།»

ཉེ་ཆར། ལོ་གཞོན་རྩོམ་པ་པོ་ཀླད་ཀོར་གྱི་སྒྲུང་ཐུང་དེབ«དུས་ཚོད་ཁྲ་ཁྲ»ཞེས་པ་ཉེ་ལམ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

ངའི་ཕ་ཡུལ་ནི་ཡུལ་འཇམ་པོ་ཞིག་སྟེ། རོང་མ་འབྲོག་གི་ས་ཆ་ཞིག་ཡིན། དེའི་ཕྱིར་རུ་བ་ནི་ངའི་བརྩམས་སྒྲུང་མང་པོ་བློས་བསླངས་བྱེད་ས་ཡིན། «མི་མ་ཡིན»དང་། «ཤམ་བྷ་ལའི་སྡུག་བསྔལ» «གད་ཆད»སོགས་ནི་ཆུང་དུས་རུ་བའི་ས་ནས་ཐོས་པའི་གཏམ་རྒྱུད་དག་ཐད་ཀར་བྲིས་པ་ཡིན་ལ། རུ་བ་ནི་ངའི་དག་ཞིང་དང་ངའི་ཤམ་བྷ་ལ། རུ་བ་ནི་འབྲི་གཡག་འཚོ་བའི་ལས་ཀ་ཙམ་མིན་པར་རིག་གནས་ཤིག་གི་གནས་མལ་ཡིན། དེབ་འདི་སྒོར་ཐོན་ལ་ཉེ་དུས་ངེད་ཚང་གི་རུ་བའི་ལས་ཀ་བསྐྱར་གསོ་བྱ་རྒྱུ་ཡིན་ལུགས་ཀྱི་བརྡ་འབྱོར་བྱུང་། དེར་བརྟེན། དེབ་འདིའི་ཕྱི་ཤོག་ཇུས་འགོད་ཀྱང་རུ་བ་བརྗོད་བྱ་བྱས་ཡོད་ལ་དེབ་འདིའི་རྩོམ་ཡོན་ཡང་ངེད་ཚང་གི་རུ་བའི་ལས་ཀ་བསྐྱར་གསོ་བྱེད་ཆེད། འབྲི་གཡག་ཉོ་སར་བེད་སྤྱོད་གཏང་རྒྱུ་ཡིན། དེ་ནི་ང་རང་གཏམ་རྒྱུད་ཀྱི་ཁྲོད་དུ་ནར་སོན་དུ་འཇུག་མཁན་གྱི་ཁོར་ཡུག་འདི་དང་ནང་མི་ཚོ་ལ་དྲིན་གཟོ་སྟངས་ཤིག་ཡིན། ཁོ་ཚོ་ནམ་ཡང་ངའི་བརྩམས་སྒྲུང་ནང་གི་ཡིད་དུ་འོང་བའི་རུ་བའི་ས་དང་མི་བྲལ་བར་གྱུར་ཅིག ནམ་ཡང་ལམ་འགྲོ་རྒྱུག་པར་ཤོག

དེབ་ཀྱི་དཀར་ཆག

རྩོམ་པ་པོ་ངོ་སྤྲོད།

ཀླད་ཀོར། དངོས་མིང་ལ་འཕྲིན་ལས་བཟོད་པ་ཟེར། 1992ལོར་སྨར་ཁམས་བྱིས་གྲོངས་འབུ་ཚ་ལུང་དུ་སྐྱེས། 2016ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཐོན། 2018ལོར་སྒྲུང་འབྲིང་དེབ«རོ་ལངས»དཔར། «རོ་ལངས»དང«ཞིམ་ཕྲུག་གི་རྐང་རྗེས»སོགས་བརྩམས་སྒྲུང་ཁ་ཤས་ཉི་ཧོང་གི་སྐད་དུ་བསྒྱུར་ཡོད།

མི་རྒོད་རྩོམ་རིག་ནས་གནང་བའི་གདེང་འཇོག

ལོ་གཞོན་རྩོམ་པ་པོ་ཀླད་ཀོར་གྱི་སྒྲུང་ཐུང་དེབ«དུས་ཚོད་ཁྲ་ཁྲ»ཞེས་པ་ཉེ་ལམ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། གཞོན་ནུ་རྩོམ་པ་པོ་ཀླད་ཀོར་ནི་ཉེ་བའི་ལོ་འདི་དག་གི་རིང་ལ་བོད་རྩོམ་གྱི་སྡིངས་ཆར་ཚ་འུར་གྱི་ཉམས་སྣང་སྐྱེད་པའི་རྩོམ་པ་པོ་ཞིག་སྟེ། ཁོའི་སྒྲུང་གཏམ་གསར་རྩོམ་གྱི་ཁ་ཕྱོགས་ལ་དེ་སྔ་བོད་རྩོམ་ལ་རྩེ་གཅིག་ཏུ་གཞོལ་བའི་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་དང་རེ་རྐང་གླིང་སོགས་ཀྱིས་གདེང་འཇོག་དང་བསྔགས་བརྗོད་ཐོབ་ཡོད་པ་མ་ཟད། ཁོས་བརྩམས་པའི་སྒྲུང་ཐུང«མེ་མདའ»སོགས་རྒྱ་རྩོམ་ལ་གཞོལ་ཆེས་པའི་རྩོམ་པ་པོ་ཚེ་རིང་ནོར་བུ་སོགས་ཀྱིས་འཆད་ཁྲིད་ཀྱི་ནང་དོན་ཚན་པ་རུ་བསྐྱངས་མྱོང་ཡོད། དེ་ལ་ཀླད་ཀོར་དང«སྦས་ཡུལ»གྱི་རྩོམ་པ་པོ་གཡུ་རྔོག་ཚེ་བཀྲ་གཉིས་ནི་བོད་ཀྱི་རྩོམ་རིག་གསར་པའི་ནོར་བུའི་གཞོང་བ་རུ་ཁ་དོག་རྣམ་པར་བཀྲ་བའི་རྡོ་རྗེ་ཕ་ལམ་གཉིས་དང་དབྱེར་མི་ཕྱེད་པའི་ལོ་གཞོན་རྩོམ་པ་པོ་གཉིས་སུ་བརྗོད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号