《ཀྲུང་གོའི་གནའ་རབས་འཚེམ་དྲུབ་ཐང་ག་གཅེས་བཏུས》འགྲེམས་སྤེལ་བྱས་པ།

   
    ཚེས23ཉིན་རིག་དངོས་དཔེ་སྐྲུན་ཁང་གིས་བཏོན་པའི《མཛེས་སྡུག་གི་འཇིག་རྟེན། ཀྲུང་གོའི་གནའ་རབས་འཚེམ་དྲུབ་ཐང་ག་གཅེས་བཏུས》དེ་པེ་ཅིང་དུ་ཐོག་མར་འགྲེམས་སྤེལ་བྱས་འདུག

དེབ་དེའི་ནང་ཉར་ཚགས་མཁན་གྲགས་ཅན་ལི་ཝེ་ཡིས་ཉར་ཚགས་བྱས་པའི་ཐང་ག་259ལེགས་འདེམས་བྱས་ཡོད་ཅིང་། དེ་དག་ནི་འཐག་དྲུབ་མ་དང་འཚེམ་དྲུབ་མ། རྩིད་པའི་འཚེམ་དྲུབ་མ་སོགས་ཀྱི་བཟོ་རྩལ་ལ་བརྟེན་ནས་བཟོས་པ་ཞིག་ཡིན། རི་མོའི་བཀོད་པ་ཞི་མཐུན་དང་ཚོན་མདངས་རྣམ་པར་བཀྲ་བ་མ་ཟད། མཐོང་དཀོན་ཞིང་རྩ་ཆེན་པོ་ཡིན། སྤུས་ལེགས་པར་རིས་900ལྷག་ཙམ་ཕུད་དེབ་དེའི་ནང་ད་དུང་སྐད་གྲགས་ཆེ་བའི་བོད་རིག་པའི་མཁས་དབང་དང་ཐང་གའི་སྒྱུ་རྩལ་ཞིབ་འཇུག་མཁས་དབང་གི་འབྲེལ་ཡོད་རྩོམ་ཡིག་ཁག་གཅིག་བཀོད་ནས་ཐང་གའི་སྒྱུ་རྩལ་དང་རིག་གནས་ཀྱི་ནང་དོན། དེ་བཞིན་རྒྱ་བོད་རིག་གནས་སྤེལ་རེས་མཉམ་འདྲེས་ཁྲོད་ཀྱི་ནུས་པར་འགྲེལ་བཤད་གང་ལེགས་བརྒྱབ་ཡོད་པས། ཤེས་བྱའི་རང་བཞིན་དང་སྒྱུ་རྩལ་གྱི་རིན་ཐང་ཅུང་ཆེན་པོ་ལྡན་ཡོད།

图片


    འཚེམ་དྲུབ་ཐང་ག་ནི་བོད་བརྒྱུད་ནང་བསྟན་ཐང་ག་དང་མིང་ཆིང་རྒྱལ་རབས་ཀྱི་ཕོ་བྲང་ནང་གི་ནང་བསྟན་སྒྱུ་རྩལ་གྱི་གྲས་ཤིག་ཡིན་པའི་ཆ་ནས། དེ་ནི་རྒྱ་བོད་གཉིས་ནས་དངོས་པོའི་རིག་གནས་དང་ལོ་རྒྱུས། དེ་བཞིན་ནང་བསྟན་རིག་པའི་ཐད་ནས་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་བྱས་པའི་འབྲས་བུ་ཞིག་རེད། དར་གོས་དང་འཁེལ་འཐག་ལག་རྩལ་དེ་ཐང་རྒྱལ་རབས་ཀྱི་སྐབས་སུ་ཀྲུང་ཡོན་ནས་བོད་ལྗོངས་ས་ཁུལ་དུ་དར་རྗེས་རིམ་གྱིས་བོད་རིགས་མི་དམངས་ཀྱིས་བསྡུ་ལེན་དང་འཕེལ་རྒྱས་བཏང་སྟེ་ཆོས་ལུགས་མཁོ་ཆས་བཟོ་བའི་ཐད་སྤྱོད་ཀྱི་ཡོད། མི་ཉག་དབང་དུ་སྡུད་པས་བོད་བརྒྱུད་ནང་བསྟན་དེ་རིམ་གྱིས་ནུབ་ཡུལ་དང་ཀྲུང་ཡོན་དུ་རྒྱ་ཁྱབ་ངང་དར་འགོ་ཚུགས་པ་དང་། ལྷག་པར་དུ་ཡོན་རྒྱལ་རབས་དང་མིང་རྒྱལ་རབས། ཆིང་རྒྱལ་རབས་ཀྱི་ཕོ་བྲང་ནང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འཚེམ་དྲུབ་ཐང་ག་ནི་རྟག་ཏུ་གོང་མས་ལག་རྟགས་སུ་བྱས་ནས་བོད་ཀྱི་བླ་སྤྲུལ་རྣམས་ལ་འབུལ་གྱི་ཡོད། དེ་ནས་བཟུང་ཕོ་བྲང་གི་ཁྱད་ཆོས་ལྡན་པའི་འཚེམ་དྲུབ་ཐང་ག་མང་པོ་ཞིག་བོད་དུ་ཁྱེར་ཡོང་ནས་མཆོད་འབུལ་བྱས་པ་དང་འབྲེལ་རིམ་གྱིས་འདྲ་བཟོ་བྱས་ནས་དགོན་སྡེ་ཆེ་ཆུང་ཁག་ཏུ་ཡང་བཤམས་ནས་རྒྱ་བོད་ལོ་རྒྱུས་རིག་གནས་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་བྱས་པའི་དོན་དངོས་ཀྱི་དཔང་རྟགས་སུ་གྱུར་བ་རེད། འཚེམ་དྲུབ་ཐང་ག་དེ་དག་ནི་རྒྱ་བོད་དབར་གྱི་བརྩེ་སེམས་མཚོན་པའི་ལག་རྟགས་ཤིག་ཡིན་པ་མ་ཟད། ས་གནས་ཀྱིས་ཀྲུང་དབྱང་ཕོ་བྲང་གི་རིག་གནས་དང་ལེན་བྱས་པ་ཞིག་ཀྱང་རེད།

图片


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号