ཤེས་བྱའི་རྣམ་གྲངས་ཐོར་བུ།  དང་པོ།


རྒྱང་གྲགས་གཅིག   སྔར་རྒྱ་གར་གྱི་རིང་ཚད་ཅིགའདོམ་པ་ལྔ་བརྒྱ་ཐམ་པའམ་གཞུ་ལྔ་བརྒྱ་ཐམ་པ་ལ་རྒྱང་གྲགས་གཅིག 

 

དཔག་ཚད་གཅིག  གཟུགས་ཀྱི་མཐའ་སྟེ། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག 

  
ཇོ་ཤཱག་རྣམ་གཉིས  གཙུག་ལག་ཁང་དང་ར་མོ་ཆེའི་ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེའིསྐུ་རྣམ་པ་གཉིས།


སྟོད་ཀྱི་སྟེང་གཉིས། སྔར་བོད་རྒྱལ་གྲི་གུམ་བཙན་པོ་དང༌། པུ་དེ་གུང་རྒྱལ་གཉིས།

  
འཛམ་གླིང་རྒྱན་དྲུག་མཆོག་གཉིས། ཀླུ་སྒྲུབ་དང༌། ཐོགས་མེད། འཕགས་པ་ལྷ།  དབྱིག་གཉེན། ཕྱོགས་གླང༌། ཆོས་གྲགས་ཏེ་རྒྱན་དྲུག་དང༌།  ཡོན་ཏན་འོད་དང་ཤཱཀྱ་འོད་དེ་མཆོག་གཉིས།  ཡང་ན་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཏེ་
མཆོག་གཉིས་སོ།།


སྐ་ཅོག་ཞང་གསུམ་ལོ་ཙཱ་བ་གཞོན་གསུམ་སྟེ། བོད་རྒྱལ་ཁྲི་སྲོང་སྐབས་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་རྡོ་རྗེ་བདུད་འཇོམས་གསུམ་གྱི་བསྡུས་མིང༌།  

 
ཆོལ་ཁ་གསུམ།དབུས་གཙང་ཆོས་ཀྱི་ཆོལ་ཁ་དང༌།མདོ་སྟོད་མིའི་ཆོལ་ཁ་དང༌།མདོ་སྨད་རྟའི་ཆོལ་ཁ་སྟེ་གསུམ།  

 
རྗེ་ཡབ་སྲས་གསུམ།རྗེ་ཙོང་ཁ་པ་དང༌།རྒྱལ་ཚབ་དར་མ་རིན་ཆེན།མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་གསུམ། 

  

སྟོད་མངའ་རིས་སྐོར་གསུམ།བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་ཕྱོགས་ཀྱི་སྤུ་ཧྲེང་དང༌། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག་དང༌།  ཞང་ཞུང༌།ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག  འཆིམ་མམ་ལི་དང༌།  བྲུ་ཤ  སྦལ་ཏི་གསུམ་སྐོར་གསུམ་སྟེ་མངའ་རིས་སྐོར་གསུམ་དུ་གྲགས། 


རཱ་མ་ཎའི་མདའ་དམ་བཅའ་གསུམ་ལྡན།  འཕངས་ན་ཕོག་པས་ཁྱབ་པ། ཕོག་ན་འཆི་བས་ཁྱབ་པ།  ཤི་ན་མཐོ་རིས་སུ་འགྲོ་བས་ཁྱབ་པ་དང་གསུམ།   

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号