4·15དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ།
དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ནི། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་བཙུགས་པའི་དུས་ཆེན་ཞིག་ཡིན།2015ལོའི་ཟླ7པའི་ཚེས1ཉིན་ལག་བསྟར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ ཁྲིམས》ཀྱི་དོན་ཚན་བཅུ་བཞི་པའི་གཏན་འབེབས་ལྟར། ལོ་རེའི་སྤྱི་ཟླ4པའི་ཚེས15ཉིན་ནི། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ཡིན། 2025ལོའི་ཟླ4པའི་ཚེས15ཉིན་ནི། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཅུ་པ་ཡིན། ད་ལོའི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བརྗོད་དོན་གཙོ་བོ་ནི། “དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་དངོས་ཐོག་དང་གཏིང་ཟབ་ཏུ་སྤེལ་ནས་ལོ་བཅུ་འཁོར་བ།”ཞེས་པ་ཡིན། རྒྱལ་ཁབ་བདེ་འཇགས་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས20ཡོད་པ་སྟེ། ཆབ་སྲིད་བདེ་འཇགས། དམག་དོན་བདེ་འཇགས། རྒྱལ་ཁབ་ས་ཁོངས་བདེ་འཇགས། དཔལ་འབྱོར་བདེ་འཇགས། དངུལ་རྩའི་བདེ་འཇགས། རིག་གནས་བདེ་འཇགས། སྤྱི་ཚོགས་བདེ་འཇགས། ཚན་རྩལ་བདེ་འཇགས། དྲ་རྒྱའི་བདེ་འཇགས། འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས། ཐོན་ཁུངས་བདེ་འཇགས། ཉིང་རྡུལ་བདེ་འཇགས། ཕྱི་རྒྱལ་གྱི་ཁེ་ཕན་བདེ་འཇགས། བར་སྣང་བདེ་འཇགས། མཚོ་གཏིང་བདེ་འཇགས། གླིང་སྣེ་ས་ཁུལ་བདེ་འཇགས། སྐྱེ་དངོས་བདེ་འཇགས། མིས་བཟོས་རིག་ནུས་བདེ་འཇགས། གཞི་གྲངས་བདེ་འཇགས་བཅས་སོ།།རྒྱལ་ཁབ་བདེ་འཇགས་ནི་རྒྱལ་ཁབ་ཁེ་ཕན་གྱི་སྲོག་ཤིང་ཡིན་པ་དང་། སྤྱི་དམངས་ཡོངས་ཀྱི་བདེ་སྐྱིད་དང་དམ་དུ་འབྲེལ་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ནི་སྤྱི་དམངས་ཚང་མའི་འགན་འཁྲི་དང་འོས་འགན་ཡིན་པས། ང་ཚོ་ཐུན་མོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུར་འབད་བརྩོན་བྱ་དགོས
དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ནི། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་བཙུགས་པའི་དུས་ཆེན་ཞིག་ཡིན།
2015ལོའི་ཟླ7པའི་ཚེས1ཉིན་ལག་བསྟར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ ཁྲིམས》ཀྱི་དོན་ཚན་བཅུ་བཞི་པའི་གཏན་འབེབས་ལྟར། ལོ་རེའི་སྤྱི་ཟླ4པའི་ཚེས15ཉིན་ནི། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ཡིན།
2025ལོའི་ཟླ4པའི་ཚེས15ཉིན་ནི། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཅུ་པ་ཡིན། ད་ལོའི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བརྗོད་དོན་གཙོ་བོ་ནི། “དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་དངོས་ཐོག་དང་གཏིང་ཟབ་ཏུ་སྤེལ་ནས་ལོ་བཅུ་འཁོར་བ།”ཞེས་པ་ཡིན།
རྒྱལ་ཁབ་བདེ་འཇགས་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས20ཡོད་པ་སྟེ། ཆབ་སྲིད་བདེ་འཇགས། དམག་དོན་བདེ་འཇགས། རྒྱལ་ཁབ་ས་ཁོངས་བདེ་འཇགས། དཔལ་འབྱོར་བདེ་འཇགས། དངུལ་རྩའི་བདེ་འཇགས། རིག་གནས་བདེ་འཇགས། སྤྱི་ཚོགས་བདེ་འཇགས། ཚན་རྩལ་བདེ་འཇགས། དྲ་རྒྱའི་བདེ་འཇགས། འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས། ཐོན་ཁུངས་བདེ་འཇགས། ཉིང་རྡུལ་བདེ་འཇགས། ཕྱི་རྒྱལ་གྱི་ཁེ་ཕན་བདེ་འཇགས། བར་སྣང་བདེ་འཇགས། མཚོ་གཏིང་བདེ་འཇགས། གླིང་སྣེ་ས་ཁུལ་བདེ་འཇགས། སྐྱེ་དངོས་བདེ་འཇགས། མིས་བཟོས་རིག་ནུས་བདེ་འཇགས། གཞི་གྲངས་བདེ་འཇགས་བཅས་སོ།།
རྒྱལ་ཁབ་བདེ་འཇགས་ནི་རྒྱལ་ཁབ་ཁེ་ཕན་གྱི་སྲོག་ཤིང་ཡིན་པ་དང་། སྤྱི་དམངས་ཡོངས་ཀྱི་བདེ་སྐྱིད་དང་དམ་དུ་འབྲེལ་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ནི་སྤྱི་དམངས་ཚང་མའི་འགན་འཁྲི་དང་འོས་འགན་ཡིན་པས། ང་ཚོ་ཐུན་མོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུར་འབད་བརྩོན་བྱ་དགོས
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注