སློབ་རའི་མངོན་མེད་རྐྱེན་ངན་གཙང་སེལ་བྱས་ཏེ་བདེ་ལེགས་ངང་སློབ་མགོ་རྩོམ་པར་ནུས་ཤུགས་བཏོན།
མིག་སྔར། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་དཔྱིད་ཀའི་སློབ་མགོ་རྩོམ་ལ་ཉེ་བས། སློབ་རའི་གློག་བཀོལ་སྤྱོད་ཀྱི་བདེ་འཇགས་ཁག་ཐེག་དང་། དགེ་སློབ་ཚོའི་གློག་བཀོལ་སྤྱོད་ཐུབ་པའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཆེད། ཟླ2པའི་ཚེས17ཉིན། རྒྱལ་ཁབ་གློག་དྲའི་མཚོ་སྔོན་གློག་ནུས་གཙང་གསུམ་མགོ་ཁུངས(ཡུལ་ཤུལ)ཀྱི་གུང་ཁྲན་ཏང་ཡོན་ཞབས་ཞུའི་རུ་ཁག་མངའ་ཁོངས་ཀྱི་སློབ་གྲྭ་མང་བོར་སོང་ནས། གློག་བཀོལ་བདེ་འཇགས་ལ་ཞིབ་བཤེར་དང་། བདེ་འཇགས་ངང་གློག་བཀོལ་སྤྱོད་བྱེད་པའི་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། བདེ་ལེགས་ངང་སློབ་མགོ་གསར་བ་ཚུགས་པར་ནུས་ཤུགས་བཏོན།
དགུན་གནང་གི་དུས་ཡུན་ཅུང་རིང་བས། སློབ་རའི་གློག་བཀོལ་སྒྲིག་ཆས་དག་ཡུན་རིང་བོར་བེད་མེད་ངང་བཞག་པ་དང་སྲུང་སྐྱོང་བྱེད་ཐུབ་མེད་པས། གློག་བཀོལ་སྒྲིག་ཆས་སྐོར་ཞིག་ལ་བདེ་འཇགས་ཀྱི་ཉེན་ཁ་ཡོད་སྲིད། རྒྱལ་ཁབ་གློག་དྲའི་མཚོ་སྔོན་གློག་ནུས་ཀྱི་གློག་འདོན་ཀུང་ཟི་དག་གིས་ཏང་ཡོན་མི་སྣའི་ཞབས་ཞུའི་རུ་ཁག་རྩ་འཛུགས་བྱས་ཏེ། རིམ་བཞིན་སློབ་གྲྭ་ཆུང་འབྲིང་ཁག་ཏུ་སོང་ནས། སློབ་རའི་གློག་བཀོལ་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་འཁོར་སྤྱོད་ཞིག་གསོ་་བྱས་ཏེ། སློབ་རའི་གློག་བཀོལ་བདེ་འཇགས་སེམས་ཁྲལ་མེད་པར་བྱས།
ཞིབ་བཤེར་གྱི་གོ་རིམ་ཁྲོད། རྒྱལ་ཁབ་གློག་དྲའི་མཚོ་སྔོན་གློག་ནུས་ཀྱི་ལས་སྒྲུབ་མི་སྣས་སློབ་རའི་གློག་བཀོད་གློག་སྒྱུར་ཆས་དང་གློག་བཀོད་ཁང་ལ་སྐོར་ཞིབ་ཚད་འཇལ་བྱས་ལ། སློབ་ཁྲིད་ཐོག་ཁང་དང་། ལས་སྒྲུབ་ཁང་། མལ་ཁང་། ཟ་ཁང་། སོགས་ལ་རེ་རེ་བཞིན་ཞིབ་བཤེར་བྱས་པ་དང་། གློག་བཀོལ་ཚད་ཅུང་མཐོ་བའི་སྨྱན་བྱེད་ཁང་དང་རྩིས་འཁོར་ཁང་སོགས་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ནན་པོ་བྱས་ལ། ཤེས་རྟོགས་བྱུང་བའི་གནད་དོན་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སློབ་གྲྭར་བསམ་འཆར་བཏོན་ནས། ཆེད་དམིགས་མི་སྣ་བཀོལ་སྒྲིག་བྱས་ཏེ་སློབ་རའི་གློག་བཀོལ་བདེ་འཇགས་ཀྱི་གནས་ཚུལ་ལ་མུ་མཐུད་དུ་ལྟ་རྟོག་དང་སྐུལ་ལྕག གཞོགས་འདེགས་བཅས་བྱས་ཏེ་སློབ་རའི་བཅོས་སྒྲིག་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་གློག་བཀོལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བར་ཁག་ཐེག་བྱས།
དེ་དང་ཆབས་ཅིག རྒྱལ་ཁབ་གློག་དྲའི་མཚོ་སྔོན་གློག་ནུས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མགོ་རྩོམ་པའི་གོ་སྐབས་དང་བསྟུན་ནས། སློབ་གྲྭའི་ར་སྐོར་དང་བར་འཁྱམས་སོགས་སུ་གློག་བཀོལ་བདེ་འཇགས་ཀྱི་དྲིལ་བསྒྲགས་འགུལ་རིས་དང་། གློག་བཀོལ་བདེ་འཇགས་ཀྱི་ཉིན་རྒྱུན་དྲིལ་བསྒྲགས་ཡིག་ཆ་སོགས་སྦྱར་ནས། གློག་བཀོལ་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་སྤེལ་བྱེད་པར་ཤུགས་སྣོན་བྱས་ཏེ། ནར་མ་སོན་པའི་མིའི་རང་སྲུང་གི་འདུ་ཤེས་མཐོར་འདེགས་བཏང་བ་དང་། ནུས་ཤུགས་ཡོད་རྒུས་བདེ་འཇགས་གློག་བཀོལ་གྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པར་ཤུགས་སྣོན་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注