སློབ་གསོ་པུའུ་ཡིས《སློབ་གྲྭ་ཆུང་འབྲིང་སློབ་མའི་སློབ་ཁོངས་དོ་དམ་བྱེད་ཐབས》ལ་བཟོ་བཅོས་བརྒྱབ་པ།

སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་ཁོངས་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སློབ་ཁོངས་དོ་དམ་ཚད་ལྡན་ཅན་དང་ཚན་རིག་ཅན། གཞི་གྲངས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སློབ་ལོ་རན་པའི་བྱིས་པ་ལོ་ཆུང་གི་སློབ་གསོའི་ཁེ་དབང་ལ་འགན་ལེན་བྱ་ཆེད། སློབ་གསོ་པུའུ་ཡིས《སློབ་གྲྭ་ཆུང་འབྲིང་སློབ་མའི་སློབ་ཁོངས་དོ་དམ་བྱ་ཐབས》(གཤམ་དུ་བསྡུས་མིང་ལ《བྱ་ཐབས》ཞེས་བརྗོད་རྒྱུ)ལ་བཟོ་བཅོས་བརྒྱབ་པ་རེད། ཉེ་ཆར་གསར་དུ་བཟོ་བཅོས་བརྒྱབ་པའི《བྱ་ཐབས》དངོས་སུ་པར་འགྲེམས་བྱས། 《བྱ་ཐབས》ལ་སྤྱིའི་སྒྲིག་སྲོལ་དང་། སློབ་ཁོངས་འཛུགས་པ་དང་གསར་བསྒྱུར། སློབ་ཁོངས་འགྱུར་ལྡོག་དོ་དམ། འགན་སྲུང་བྱེད་ཐབས། ཟུར་བཀོད་སྒྲིག་སྲོལ་བཅས་ལེའུ་ལྔ་དང་དོན་ཚན30དབྱེ་ཡོད།

《བྱ་ཐབས》ཀྱིས་ཁྲིམས་མཐུན་རང་བཞིན་དང་ཉེར་སྤྱོད་རང་བཞིན། རྒྱུན་མཐུད་རང་བཞིན། ཚན་རིག་རང་བཞིན་བཅས་ཀྱི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་བྱས་ཏེ། དུས་རབས་གསར་པའི་རྨང་གཞིའི་སློབ་གསོ་བསྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་སློབ་ཁོངས་དོ་དམ་ཐད་བཏོན་པའི་བླང་བྱ་གསར་པར་ལན་གང་ལེགས་བཏབ་པ་དང་། སློབ་ཁོངས་དོ་དམ་གྱི་སྤྱོད་འཐུས་རང་བཞིན་ལ་བསམ་གཞིག་གང་ལེགས་བྱས་པའི་རྨང་གཞིའི་ཐོག མིག་སྔའི་སློབ་གནས་དོ་དམ་ལ་འཕྲད་པའི་དགོས་མཁོ་དང་དེ་བཞིན་ཐག་གཅོད་བྱེད་དགོས་པའི་གནད་དོན་དེ་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས《བྱ་ཐབས》བཟོ་བཅོས་འཆར་ཟིན་ནང་མཚོན་པར་བྱས་ཡོད།

《བྱ་ཐབས》ལ་ཕྱོགས་དྲུག་གི་བཟོ་བཅོས་བརྒྱབ་ཡོད་པ་སྟེ། གཅིག་ནི་སློབ་ཁོངས་དང་སློབ་ཁོངས་ཆ་འཕྲིན། སློབ་ཁོངས་དོ་དམ། སློབ་ཁོངས་ཡིག་ཚགས་བཅས་ཀྱི་མཚན་ཉིད་ཁ་གསལ་བཟོས་ཡོད་པ་དང་། སློབ་ཁོངས་ཆ་འཕྲིན་དང་སློབ་ཁོངས་དོ་དམ། སློབ་ཁོངས་ཡིག་ཚགས་བཅས་ལ་རིགས་རྣམ་དབྱེ་བ་གསལ་པོ་བྱས་ཡོད། གཉིས་ནི་རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་། སློབ་གྲྭ་བཅས་རིམ་པ་ཁག་གི་སློབ་ཁོངས་དོ་དམ་སྡེ་ཁག་གི་དབང་ཆ་དང་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ། སློབ་ཁོངས་དོ་དམ་བྱེད་དབང་ལ་ལེགས་སྒྲིག་ལུགས་མཐུན་བྱས་པ་དང་། ས་གནས་ཀྱི་སློབ་ཁོངས་དོ་དམ་སྡེ་ཁག་ལ་དེ་མཚུངས་ཀྱི་རང་བདག་དོ་དམ་བྱེད་དབང་སྤྲད་ཡོད། གསུམ་ནི་ཆ་འཕྲིན་མ་ལག་གི་སྒྲོམ་གཞི་ཇེ་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་སློབ་ཁོངས་མ་ལག་ལ་རིམ་པ་དང་པོའི་བཀོད་སྒྲིག་དང་རིམ་པ་ལྔའི་ཉེར་སྤྱོད་བྱེད་སྟངས་སྤྱོད་རྒྱུ་ཁ་གསལ་བཟོས་པ་མ་ཟད། རྒྱལ་ཁབ་ཀྱི་སློབ་ཁོངས་མ་ལག་དང་ས་གནས་ཀྱི་སློབ་ཁོངས་མ་ལག་གི་འགན་ནུས་ལ་ལུགས་མཐུན་གྱི་ངེས་གནས་དང་དབྱེ་འབྱེད་བྱས་ཡོད། བཞི་ནི་སློབ་ཁོངས་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ། སློབ་གསོ་དྲང་གཞག་མངོན་གསལ་དུ་བཏང་བ་དང་། ཞིང་ཆེན་ལས་བརྒལ་བའི་སློབ་སྒྱུར་དང་ཞིང་ཆེན་ནང་ཁུལ་གྱི་སློབ་སྒྱུར་སོགས་སློབ་ཁོངས་འགྱུར་ལྡོག་གི་ཆ་རྐྱེན་སྔར་བས་ཞིབ་ཕྲ་དང་ཚད་ལྡན་དུ་བཏང་། ལྔ་ནི་དམིགས་བསལ་སློབ་ཁོངས་དོ་དམ་གྱི་དགོས་མཁོར་ལན་བརྒྱབ་སྟེ་དམིགས་བསལ་སློབ་གསོའི་སློབ་མ་དང་། ཆེད་ལས་སློབ་གྲྭའི་སློབ་མ། ཕྱི་རྒྱལ་གྱི་སློབ་མ། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་ལས་རིགས་སྤྱི་ཁྱབ་མཉམ་འདྲེས་རྣམ་གྲངས་ཀྱི་སློབ་མ་སོགས་རིགས་མི་འདྲ་བའི་སློབ་ཁོངས་དོ་དམ་ཐད་གཏན་འབེབས་བྱས་ཏེ། རྨང་གཞིའི་སློབ་གསོའི་འབྲེལ་ཡོད་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་འདེགས་སྐྱོར་མཁོ་འདོན་བྱས་ཡོད། དྲུག་ནི་སློབ་ཁོངས་ཉེར་སྤྱོད་ཞབས་ཞུ་དང་མི་ཆོས་ཐུགས་ཁུར་ཇེ་ལེགས་སུ་བཏང་ནས་སློབ་མའི་སློབ་གསོའི་གྲངས་གཞིའི་ཐོབ་ཐང་དང་། སློབ་ཁོངས་དོ་དམ་སྒུལ་བདེའི་སྤྱོད་སྣེ་འཛུགས་སྐྲུན། ལག་ཁྱེར་ཉུང་གཏོང་གི་དམངས་ཕན་སྟབས་བདེ་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བྱས་ཡོད།

གཞན་ཡང《བྱ་ཐབས》ནང་ད་དུང་སློབ་ཁོངས་དོ་དམ་ལས་དོན་གྱི་བདེ་འཇགས་ལམ་ལུགས་དང་སློབ་ཁོངས་གྲངས་གཞིའི་ཆ་འཕྲིན་བདེ་འཇགས་ཐད་བླང་བྱ་ཁ་གསལ་བཏོན་ཏེ། སློབ་ཁོངས་གྲངས་གཞི་དང་སློབ་མའི་ཆ་འཕྲིན་བདེ་འཇགས་ལ་འགན་ལེན་བྱས་ཡོད་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号